Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2016

རེས་གཟའ་ཕུར་བུ། ༢༠༡༦།༠༢།༡༨

ཉན་པ།: Listen ཕབ་ལེན། Download ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་བཀྲིན་བསྕལ་འདུག ༸གོང་ས་མཆོག་གིས་ཐེ་ལྦན་ནང་གི་ས་ཡོམ་ངལ་སེལ་ཆེད་ཨ་སྒོར་ཁྲི་ལྔ་བསྩལ་འདུག བཞུགས་སྒར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་འཛུགས། ཕྱི་དྲིལ་བཀའ་བློན་མཆོག་ནས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད། འཕྲོད་བསྟན་ཤེས་བྱ་ངོ་སྤྲོད། བོད་ཀྱི་གསོ་རིག་ལས་ཏར་གཅོས་སྐོར་ངོ་སྤྲོད། Thursday 18/02/2016 Sakya Daktri Rinpoche confers long life initiation at Tso Pema, Riwalsar Dalai Lama donates $50,000 towards Tainan quake relief fund Monlam Festival commences in Dharamsala DIIR Kalon meets with Canadian Parliamentarians HEALTH FEATURE: Blood-Letting Therapy in Tibetan Medicine

ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་རྟ་ཕྱག་ཁྱུང་གསུམ་གྱི་ཚེ་དབང་བཀྲིན་བསྩལ་འདུག

རྒྱ་གར་བྱང་ཧི་མཱ་ཅལ་ (Himachal) མངའ་སྡེ་ནང་ཆགས་པའི་གནས་མཆོག་མཚོ་པདྨར་རྟེན་གཞི་བྱས་པའི་ཨོ་རྒྱན་ཧེ་རུ་ཀ་རྙིང་དགོན་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། འཁོན་རིགས་བསྟན་པའི་གཙུག་རྒྱན་༸དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དེ་རིང་མཚོ་པདྨར་དད་ལྡན་མང་ཚོགས་སྟོང་ཚོ་བརྒལ་བར་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་དང་ཚེ་དབང་ལོ་བརྒྱ་མ་བཀྲིན་བསྩལ་འདུག དེ་ཡང་ལོ་འདི་ནི་སྤྲེལ་ལོ་སྟེ། བོད་གངས་ཅན་ལྗོངས་ལ་བཀྲིན་བླ་མེད་དུ་ཆེ་བ་སློབ་དཔོན་པདྨ་འབྱུང་གནས་མཆོག་སྐུ་བལྟམས་པའི་ལོ་འཁེལ་ཡོད་པ་མ་ཟད། ལྷག་དོན་ཁ་སང་ནི་སྤྲེལ་ཟླ་ཚེས་བཅུའི་དུས་ཚིགས་རྩ་ཆེ་ཞིག་ཀྱང་ཆགས་ཡོད་སྟབས། ཁ་སང་སློབ་དཔོན་ཐུགས་རྗེ་ཅན་གྱི་གནས་མཚོ་པདྨར་དད་ལྡན་མང་ཚོགས་སྟོང་ཕྲག་ཁ་ཤས་གནས་སྐོར་དང་ཆོས་མཇལ་དུ་ཕེབས་ཡོད་པ་རེད་འདུག ད་ལན་སྤྲེལ་ཟླ་ཚེས་བཅུའི་དུས་ཚིགས་ཁྱད་པར་འདི་དང་བསྟུན། མཚོ་པདྨར་རྟེན་གཞི་བྱས་པའི་ཨོ་རྒྱན་ཧེ་རུ་ཀ་རྙིང་དགོན་ནས་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཆིབས་སྒྱུར་གསོལ་འདེབས་ཞུས་པ་བཞིན། རིན་པོ་ཆེ་མཆོག་ཁ་ཉིན་ཚེས་༡༦ཉིན་ས་གནས་སུ་༸ཞབས་སོར་བདེ་བར་འཁོད་པ་བསྟུན། གུ་རུ་མཚན་བརྒྱད་ཀྱི་གར་འཆམ་དང་རིག་གཞུང་འཁྲབ་སྟོན་སོགས་གཟིགས་འབུལ་ཞུས་འདུག དེ་རིང་སྔ་དྲོ་༡༠:༣༠ ནས་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ Spiti དང་ Kinaur སོགས་ཧི་མཱ་ལ་ཡའི་ཁུལ་གྱི་མི་རིགས་དང། དེ་བཞིན་བོད་རིགས་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཚོ་ཁ་ཤས་ལ་༸དཔལ་ས་སྐྱ་བའི་ཐུན་མོང་མ་ཡིན་པའི་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་དང་ཚེ་དབང་བཅས་བཀྲིན་བསྩལ་འདུག སྐབས་དེར་རིན་པོ་མཆོག་གིས་སེར་སྐྱ་མང་ཚོགས་ཚོར་རང་ཉིད་ཀྱི་ཀུན་སློང་བཅོས་ཚུལ་དང་། ལྷག་དོན་ཚེ་དབང་ཞུས་རྗེས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་ནས་སེམས་རྒྱུད་བཟང་དུ་གཏང་དགོས་པའི་ལམ་སྟོན་བཀྲིན་བསྩལ་འདུག རྩ་བའི་མཚོ་པདྨར་རྟེན་གཞི་བྱས་པའི་ཨོ་རྒྱན་ཧེ་རུ་ཀ་རྙིང་དགོན་ནས་ཇི་ལྟར་གསོལ་ཞུ་དོན་བཞིན། ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་ད་ལན་ཁུལ་དེར་ཉིན་གྲངས་གསུམ་གྱི་མཛད་འཕྲིན་ལེགས་གྲུབ་ཟིན་རྗེས་སང་ཉིན་སིམ་ལར་ཆིབས་ཞལ་བསྒྱུར་གནང་གི་འདུག

༸གོང་ས་མཆོག་གིས་ཐེ་ཝན་དུ་ས་ཡོམ་གྱི་གོད་ཆག་ཕོག་པར་ངལ་སེལ་ཆེད་ཨ་སྒོར་ཁྲི་ལྔ་ཞལ་འདེབས་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་འགུལ་འོག་གོད་ཆག་ཕོག་པའི་ཐེ་ཝན་མི་མང་རྣམས་ལ་ངལ་སེལ་ཆེད་ཨ་སྒོར་ཁྲི་ལྔ་ཞལ་འདེབས་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༦ ཉིན་ཐེ་ཝན་གྱི་ཐེ་ནན་གྲོང་ཁྱེར་ནང་ས་ཡོམ་ཤུགས་ཆེ་བརྒྱབ་པར་བརྟེན་ཤི་རྨས་གྱུར་བ་སོགས་ཀྱི་དོན་རྐྱེན་མང་ངག་ཞིག་བྱུང་སྟབས། ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་མི་ནེ་སོ་ཊ་ Minnesota མངའ་སྡེའི་རུ་ཆེ་སི་ཊར་ Rochester གྲོང་ཁྱེར་ནས་སྲིད་འཛིན་མཱ་ཡིན་ཇོ་ Ma Ying-Jeou མཆོག་བརྒྱུད་ནས་ཐེ་ཝན་མི་མང་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད་པ་དང་། གསུང་འཕྲིན་དེའི་ནང་༸གོང་ས་མཆོག་ཐུགས་ཕམ་ཆེན་པོས་རྐྱེན་ངན་གྱི་གོད་ཆགས་འོག་གནོད་འཚེ་ཕོག་པ་རྣམས་ལ་སྐྱོབ་གསོ་དང་ཉེན་སྐྱོབ་ཡོང་བར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་རོགས་དངུལ་གསོལ་སྩལ་གནང་རྒྱུ་ཡིན་སྐོར་བཀའ་སྩལ་གནང་པ་ལྟར། ཁ་སང་ཚེས་ ༡༧ ཉིན་ཐེ་ཝན་སྐུ་ཚབ་དོན་གཅོད་སྐུ་ཞབས་ཟླ་བ་ཚེ་རིང་ལགས་ཐེ་ནན་ (Tainen) གྲོང་ཁྱེར་དུ་ཆེད་ཕེབས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་ Lai Qingde ལགས་ལྷན་དུ་མཇལ་འཕྲད་གནང་པ་དང་སྦྲགས།  ངལ་སེལ་གྱི་རོགས་དངུལ་ཨ་སྒོར་ཨ་སྒོར་ཁྲི་ལྔ་ཐམ་པ་ཕུལ་ཡོད་པ་རེད་འདུག རྩ་བའི་ཐེ་ཝན་ནང་རྟེན་གཞི་བྱས་པའི་བོད་མི་རྣམས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༩ སྟེ་བོད་ལུགས་ཀྱི་གནམ་ལོ་གསར་ཚེས་གཅིག་ཉིན་གོད་ཆག་དེའི་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཤེས་རབ་སྙིང་པོ་རྒྱ་གང་ཆེ་གསོག་འདོན་གནང་འདུག  

བཞུགས་སྒར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་པ།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་ཚོགས་ཁང་དུ་རབ་གནས་མེ་སྤྲེལ་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་སོང་། དེ་རིང་ཟླ་ ༢ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཚོུད་ ༦།༣༠ སྟེང་བཞུགས་སྒར་དུ་རྟེན་གཞིས་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། རབ་གནས་མེ་སྤྲེལ་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་རྡོ་རོན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་གཙོས། བཞུགས་སྒར་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་སེར་སྐྱ་མང་ཚོགས་བཅས་ལྷན་འཛོམས་ཀྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་འཛུགས་གནང་ཡོད།  དེ་རྗེས་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་རྡོ་རོན་པོ་ཆེ་མཆོག་གིས་ ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ངོ་སྤྲོད་དང་། སྟོན་པའི་སྐྱེས་རབས་གསུང་ཆོས་བསྩལ་གནང་སོང་། གཞི་རྩའི་ལོ་འདིའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འདི་བཞིན་དེ་རེང་ནས་དབུ་འཛུགས་ཀྱིས་བོད་ཚེས་བཅོ་ལྔ་བར་ཉིན་གྲངས་ལྔའི་རིང་ཚོགས་གནང་གི་ཡོད་པ་དང་། དེ་ཡང་གཙོ་བོ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་དང་མཁན་ཟུར་རྣམ་གཉིས་ནས་རེས་མོས་ཀྱིས་དབུད་བཞུགས་ཐོག་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་སེར་སྐྱ་མང་ཚོགས་ཀུན་ལ་སྐྱེས་རབས་ཀྱི་གསུང་ཆོས་ཁག་གནང་པ་མ་ཟད། དགེ་བཙུན་རྣམ་པས་རིགས་ལམ་འགྲན་རྩོད་ཡང་གནང་ཡོད་པ་རེད།

བཞུགས་སྒར་དུ་སྤྲེལ་ཟླ་ཚེས་བཅུ་སྲུང་བརྩི།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་ཚོགས་ཁང་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་གཟབ་གསོལ་རྒྱས་པ་ཞིག་ཚོགས་གནང་སོང་། དེ་རིང་ཟླ་ ༢ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཚོུད་ ༧།༣༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དབུས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། བོད་མི་མང་སྤྱི་འཐུས་ཚོགས་གཞོན།  སྲི་ཞུ་བ་ཁག་ཅིག་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་བཅས་ལྷན་འཛོམས་ཀྱིས་སློབ་དཔོན་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་པའི་གཟབ་གསོལ་རྒྱས་པ་ཞིག་ཚོགས་གནང་ཡོད་པ་རེད། དེ་ཡང་ལོ་ལྟར་གཞུང་འབྲེལ་གྱི་བོད་ཀྱི་ཆོས་སྐྱོང་སྲུང་མ་རྣམས་ལ་དགུན་གསོལ་དང་དབྱར་གསོལ་བཅས་༸སྐུ་གསོལ་ཐེངས་གཉིས་གནང་སྲོལ་ཡོད་པ་ལྟར། སྐབས་དེར་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བ་མཆོག་གི་གཟབ་གསོལ་རྒྱས་པ་ཞིག་གནང་པ་དང་ཆབས་ཅིག ༸སྐུ་གསོལ་ཐེངས་གཉིས་ལས་དགུན་སྲོལ་དེ་གནང་ཡོད་པ་རེད། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གི་གྲྭ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། སྤྱིར་བོད་ཟླ་ ༡ ཚེས་ ༡༠ ཉིན་ཚོགས་སྲོལ་ཡོད་པའི་ཟབ་གསོལ་གྱི་ཉིན་མཐའ་མའི་ཐོག་གནས་ཆུང་སྒྲ་དབྱངས་གླིང་གི་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོ་ཙམ་ཡིན་པར། ཆོས་སྐྱོང་དགའ་གདོང་དང་ལྷ་མོ་ཚང་པ། དེ་བཞིན་ཚེ་རིང་སྤྱན་མངའ་སོགས་གཞུང་བརྟེན་ཆོས་སྐྱོང་རྣམས་འདུ་འཛོམས་ཐོག་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་པ་གསུངས་ཡོད། ད་དུང་ཁོང་གིས་འདི་ལོ་ནི་སློབ་དཔོན་རིན་པོ་ཆེའི་འཁྲུངས་ལོར་ཁེལ་བའི་ལོ་དུས་ཁྱད་པར་བ་དང་བསྟུན། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་གིས་རྐང་འགན་བཞེས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྤྱི་མཐུན་བསོད་ནམས་རྒྱས་ཕྱིར། རྒྱ་བལ་འབྲུག་གསུམ་གི་ནང་ལ་བོད་ལུགས་ལྟར་སྤྲེལ་ལོའི་ཚེས་བཅུ་ནམ་ཡིན་ལ་འབུམ་ཚོགས་རྒྱས་པ་ཞིག་འཚོགས་རྒྱུ་ཡིན་པ་མ་ཟད། ལྷག་དོན་འབུམ་ཚོགས་ཀྱི་ཉིན་མཐའ་མ་འདི་བཞིན་བོད་ཟླ་ ༡༢ ཚེས་ ༡༠ ཉིན་འཕགས་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་གཏན་ཁེལ་ཡོད་པ་ཡང་གསུངས་སོང།

ཡུ་རོབ་གྲོས་ཚོགས་ནང་དུ་བོད་དོན་གྱི་ཚོགས་འདུ་ཞིག་ཚོགས་འདུག

ཡུ་རོབ་རྒྱལ་ཁབ་ Brussels ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ནང་དུ་བོད་པའི་མང་གཙོ་འཕེལ་རིམ་ཐོག་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད། དེ་ཡང་ཁ་སང་ཟླ་ ༢ ཚེས་ ༡༦ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ Tibet Interest Group ཞེས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག བོད་པའི་མང་གཙོ་འཕེལ་རིམ་ཐོག་གྲོས་བསྡུར་གྱི་ལས་རིམ་ཞིག་བསྐོང་ཚོགས་གནང་འདུག་པ་དང་། སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གཙོས། Brussels སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཁག་ཅིག་དང་། དེ་བཞིན་ Swiss ནང་དུ་བཅའ་བཞུགས་གནང་མཁན་ཡུ་རོབ་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་མཉམ་ཞུགས་གནང་འདུག གཞི་རྩའི་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཟླ་བ་གཉིས་རེ་གསུམ་རེ་མཚམས་སུ་བོད་དོན་སྐོར་གྱི་ཚོགས་འདུ་དེ་གོ་སྒྲིག་གནང་གི་ཡོད་པ་དང། ཚོགས་འདུ་དེའི་ཐོག་ནས་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཞིག་གི་ཐོག་ལ་གྲོས་བསྡུར་དང་། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་གནང་གི་ཡོད་པ་རེད། ད་ལན་གྱི་ཚོགས་འདུའི་ཐོག་སྔ་ལོའི་ནང་ཡུ་རོབ་གྲོས་ཚོགས་ཀྱིས་འདོན་སྤེལ་གནང་པའི་ཡུ་རོབ་དང་རྒྱ་ནག་གི་འབྲེལ་ལམ་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་པའི་ནང་དུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འཁོད་པ་དེའི་ཐོག་གྲོས་བསྡུར་ལྷུག་པོ་གནང་པ་མ་ཟད། ལྷག་དོན་བོད་པའི་མང་གཙོའི་འཕེལ་རིམ་བཅས་ཀྱི་ཐོག་གྲོས་བསྡུར་གནང་པའི་ཁྲོད། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Thomas Mann མཆོག་ནས་རིང་མིན་བསླེབ་ལ་ཉེ་བའི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཚོགས་པའི་ཉམས་ཞིབ་ལས་དོན་སྐོར་ངོ་སྤྲོད་གནང་པ་དང་སྦྲགས། འདི་ལོའི་འོས་བསྡུ་ཆེན་མོ་གནང་བའི་སྐབས་སུ་འཐུས་མི་ཁག་ཅིག་བཞུགས་སྒར་རྡ་རམ་ས་ལ་དང་ཁག་ཅིག་ཡུ་རོབ་ནང་གི་ས་གནས་ཁག་ཏུ་གཟིགས་སྐོར་ཕེབས་རྒྱུ་ཡིན་སྐོར་གསུངས་འདུག འདི་ག་རླུང་འཕྲིན་ཁང་གིས་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ཚོགས་འདུ་དེའི་ཐོག་བོད་པའི་མང་གཙོའི་འགྲོ་སྟངས་དང་རིང་མིན་བསླེབ་ལ་ཉེ་བའི་འོས་བསྡུ་དེའི་གལ་འགངས་བཅས་ཀྱི་སྐོར་ལ་སྙན་སེང་ཞུས་ཡོད་པ་གསུངས་སོང་།  ད་དུང་ཁོང་གིས་མང་གཙོའི་ལམ་སྲོལ་དེ་བོད་མི་གཅིག་པོ་མིན་པར་འཛམ་གླིང་ཡོངས་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། མང་གཙོའི་འཕེལ་རིམ་ཐོག་ཟུང་སྦྲེལ་གྱིས་ཕྱག་ལས་གནང་དགོས་གལ་སྐོར་གསུངས་པར་ཚོགས་བཅར་བ་རྣམས་ནས་རྒྱབ་སྐྱོར་ཡང་གནང་ཡོད་སྐོར་སོགས་གསུངས་ཀྱི་འདུག

རེས་གཟའ་ལྷག་པ། ༢༠༡༦།༠༢།༡༧

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་བོད་ནང་མངོན་གསལ་མེད་པའི་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་གསལ་བཏོན་གནང་འདུག ཡོ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་བས་ཚོགས་འདུ་ཚོགས་པ། རྒྱ་ནག་གཞུང་ཚབ་ཀྱི་གཞུང་ལམ་མིང་བརྗེའི་ཁྲིམས་འཆར་ལ་བཀག་འགོག་དགོས་པའི་འབོད་སྐུལ། བཞུགས་སྒར་དུ་སྤྲེལ་ཟླ་ཚེས་བཅུ་སྲུང་བརྩི། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་༢༠༠༦ ལོར་བོད་ནས་གསར་དུ་ཕེབས་མཁན་ཁག་ཅིག་ལ་བསྩལ་བའི་བཀའ་སློབ། Wednesday 17/02/2016 New security measures in eastern Tibet heighten surveillance Tibet Interest Group meeting held in EU Parliament, Brussels China urges veto over naming US plaza after Liu Xiaobo Tibetans observe the auspicious 10th day of the 1st Tibetan month Introduction to ‘Treda Tsechu’ by Geshe Lobsang Dakpa FEATURE: Dalai Lama speech to Tibetan newcomers

འོས་བསྡུ་ལས་ཁང་གིས་མང་ཚོགས་ནས་སྔོན་འགྲོ་ལས་ལྷག་པ་དངོས་གཞི་ནང་ཆ་ཤས་བླང་རོགས་གསུངས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་དངོས་གཞི་འོས་བསྡུའི་སྐབས་རང་ལོ་ ༡༨ ཡན་སོན་པ་རྣམས་ནས་འོས་ཤོག་འཕང་ཐུབ་ཆེད། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་དམིགས་བསལ་དགོངས་བཞེས་གནང་སྟེ། དེ་སྔ་དེབ་སྐྱེལ་ཞུ་མེད་མཁན་ཚོར་ཟླ་བ་འདིའི་ཕྱི་ཚེས ༢༠ ནང་ཚུད་དེབ་སྐྱེལ་ཞུ་དགོས་པའི་གོ་སྐབས་གཉིས་པ་ཞིག་གནང་ཡོད་པ་ལྟར། ད་ཆ་དེབ་སྐྱེལ་ཞུ་ཚེས་ཀྱི་དུས་བཀག་རྫོགས་ལ་ཉེ་བའི་མཚམས་འདིར་དབུས་འོས་བསྡུ་ལས་ཁང་ནས་མང་ཚོགས་ལ་སྔོན་འགྲོ་ལས་ལྷག་པ་དངོས་གཞི་ནང་ཆ་ཤས་མང་བ་བླང་ཐུབ་ཆེད་དེབ་སྐྱེལ་མ་ཞུ་མཁན་ཚོས་ངེས་པར་དུ་དེབ་སྐྱེལ་གནང་རོགས་ཞེས་གསུངས་ཀྱི་འདུག འདི་ག་རླུང་འཕྲིན་ཁང་གིས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་མང་ཚོགས་ཚོས་ཕྱི་ཟླ་ ༢ ཚེས་ ༢༠ ནང་ཚུད་ལ་ངེས་པར་དུ་དེབ་སྐྱེལ་ཞུ་ཟིན་པ་དགོས་གལ་ཡིན་པ་གསུངས་པ་དང་སྦྲགས། དེ་སྔ་དེབ་སྐྱེལ་ཞུ་མེད་མཁན་ཚོས་ད་ཆ་དེབ་སྐྱེལ་ཞུ་ཚེས་ཀྱི་དུས་བཀག་རྫོགས་ལ་ཉེ་སྟབས། དབུས་འོས་བསྡུ་ལས་ཁང་ནས་དམིགས་བསལ་དགོངས་བཞེས་གནང་དོན་ལྟར། རྒྱ་ཆེ་མང་ཚོགས་ཚོས་ཀྱང་ངེས་པར་དུ་དོ་སྣང་གནང་ནས་དངོས་གཞི་འོས་བསྡུའི་ནང་སྔར་ལྷག་ཆ་ཤས་བླང་རོགས་ཞེས་འབོད་བསྐུལ་གནང་ཡོད། ད་དུང་ཁོང་གིས་ས་གནས་འོས་བསྡུའི་འགན་འཛིན་ཚོས་ད་ལན་དངོས་གཞི་སྐབས་ས་གནས་སོ་སོའི་ནང་གསར་དུ་དེབ་སྐྱེལ་གནང་མཁན་ཚོའི་གྲངས་ཐོ་ཁག་ཕྱི་ཟླ་ ༢ ཚེས ༢༨ འགྱངས་མེད་ཐོག་དབུས་འོས་བསྡུ་ལས་ཁང་དུ་འབུལ་འབྱོར་ཟིན་དགོས་གལ་ཡིན་པ་གསུངས་སོང། དེ་བཞིན་བཞུགས་སྒར་ས་གནས་འགོ་འཛིན་ཚེ་རིང་ལྷ་མོ་ལགས་ཀྱིས་གསུངས་པར། རྡ་རམ་ས་ལར་དེབ་སྐྱེལ་གོ་སྐབས་གཉིས་པ་གནང་པ་འདིའི་ཁྲོད་མང་ཚོགས་ ༣༠༠ མན་ཙམ་གྱིས་དེབ་སྐྱེལ་ཞུས་པ་བྱུང་ཡོད་པ་གསུངས་པ་དང་སྦྲགས། ད་ལན་ཟླ་བ་འདིའི་ནང་དེབ་སྐྱེལ་ཞུས་མཁན་མང་ཆེ་བ་ནི་དགུན་ཚོང་གནང་མཁན་ཚོ་དང་། གྲྭ་བཙུན། དེ་བཞིན་སློབ་ཕྲུག་བཅས་ཡིན་སྐོར་སོགས་གསུངས་ཡོད། རྩ་བའི་དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོ་འོས་བསྡུ་གྲུབ་རྗེས་ཕྱི་ཟླ་ ༡༡ ཚེས་ ༦ ནས་མང་ཚོགས་ལ་དེབ་སྐྱེལ་ཞུ་རྒྱུའི་གོ་སྐབས་གཉིས་པ་དེ་གནང་སྟེ། ཕྱི་ཟླ་ ༢ ཚེས་ ༢༠ ནང་ཚུད་བར་དུས་བཀག་བཟོས་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༡༦།༠༢།༡༦

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ཡུ་ཊ་གཙུག་ལག་སློབ་ཁང་དུ་ཆིབས་བསྒྱུར་བསྐྱང་རྒྱུ། སྲིད་སྐྱོང་མཆོག་ལ་ཐེ་ལྦན་ནས་མཐོང་ཆེན་གནང་མེད་སྐོར་བརྗོད་འདུག རྒྱལ་ཚོགས་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཁྲིམས་གཙོད་པ་རྣམས་འཕྲལ་དུ་གློད་བཀྲོལ་ཐོངས་དགོས་པ་གསུངས་འདུག འོས་བསྡུ་ལས་ཁང་ནས་མང་ཚོགས་ནས་སྔོན་འགྲོ་ལས་ལྷག་པ་དངོས་གཞི་ནང་ཆ་ཤས་བླང་རོགས་གསུངས་པ། ཏཱ་ལའི་བླ་མ་མཐོ་སློབ་དབུ་བརྙེས་ནས་ལོ་བདུན་འཁོར་བ། དམིགས་བསལ་ལེ་ལེ་ཚན། གཞས་པ་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཆེད་སྒྲིག་སྐད་འཁོར་བཀྲིན་ཆེ། Tuesday 16/02/2016 Dalai Lama to visit Utah University in June Asia Pacific Religious Freedom Forum in Taiwan, Sikyong visit stalled Election Commission urges more public participation in upcoming elections UN rights Chief urges China to release imprisoned lawyers Dalai Lama College marks 7th founding anniversary MUSIC FEATURE: Tenzin Phuntsok and his album ‘Katrin Che’

Latest news