Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2016

གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ།

བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་སྒོ་དམར་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་གཉིས་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག     དེ་ཡང་ཟླ་འདིའི་ཚེས་ ༡༧ ཉིན་བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ནས་༸གོང་ས་མཆོག་གི་༸སྐུ་པར་བདག་ཉར་གནང་སྟེ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་གི་༸སྐུ་པར་བཀྲམས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་དཀྲུགས་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག འདི་གར་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན་ལ། ད་ལྟའི་ཆར་གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རེབ་གོང་རྫོང་གི་བྲག་དམར་འོག་བཙོན་ཁང་དུ་བཅུག་ཡོད་པ་གསུངས་ཀྱི་འདུག གཞི་རྩའི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ནི། ལོ་སྔོན་མའི་ཕྱི་ཟླ་ ༧ ཕྱི་ཚེས་ ༡༠ ཙམ་ལ་ཐུན་རིན་རྫོང་གི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་སྟབས། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ཁོང་གི་གྲྭ་ཤག་ཏུ་སྔོག་གཤེར་བྱེད་སྐབས་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱེད་ཡོད་སྐོར་བཤད་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང། ད་ལྟ་བར་ཟླ་བ་བདུན་ལྷག་རིང་ཁོང་ལ་འདྲི་བརྩད་དང་བཀག་བསྐྱིལ་བྱས་པ་བརྒྱུད་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ཉིན་བཅུའི་རྗེས་སུ་ནང་མི་སྤུན་མཆེད་ཐུག་འཕྲད་ལ་ཡོང་ཆོག་པ་བཤད་འདུག རྩ་བའི་རང་ལོ་ ༤༧ སོན་པའི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ནི་བྲག་དམར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་ཀླུ་བྱམས་ཟེར་གྱི་ཡོད་འདུག བོད་མདོ་སྨད་རེབ་གོང་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སློབ་གཉེར་གནང་པ་མ་ཟད རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་པ་རྒན་གྲས་ཡིན་པ་དང། རྒྱུན་དུ་ཡ་རབས་ཚུལ་མཐུན་ཅན་དང་སློབ་སྦྱོང་ལ་བརྩོན་ཞིང་དགོན་པ་ནས་བསླབ་པ་མཐར་སོན་པ་བྱུང་འདུག

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ དབུ་འཛུགས།

བཞུགས་སྒར་རྡ་ས་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབ་གང་ལེགས་ཡོང་སླད་མཐོ་རིམ་སློབ་མའི་འགན་འཁུར་དང་དེའི་སྣེ་འཁྲིད་ཀྱི་བསམ་བློའི་ཁ་ཕྱོགས་འཚོལ་བ་བཅས་ཀྱི་བརྗོད་གཞི་གཙོ་ཁག་གསུམ་གྱི་ཐོག་ལ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ དབུ་འཛུགས་གནང་ཡོད་པ་རེད། དེ་རིང་ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཚོུད་ ༩།༠༠ སྟེང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་མས་གོ་སྒྲིག་འོག བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དབུས། དམིགས་བསལ་སྐུ་མགྲོན་བོད་ཀྱི་ཐེབས་རྩའི་བྱུས་སྟོན་པ་ཚེ་དབང་རིག་འ ཛིན་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། དེ་བཞིན་མཐོ་སློབ་ཁག་གི་ཚོགས་བཅར་བ་སློབ་མ་ ༦༥ བཅས་ཚང་འཛོམས་ཀྱིས་ཚོགས་ཆེན་ཐེངས་ ༡༠ དབུ་འཛུགས་གནང་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ད་ལན་གྱི་ཚོགས་ཆེན་འདིའི་བརྗོད་གཞི་ཁག་ཤེས་ཡོན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པར་དགའ་བསུའི་བསྔགས་བརྗོད་གནང་པ་དང་འབྲེལ། དེ་རིང་གི་ཚོགས་འདུ་འདི་ལྟ་བུར་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་ནས་ཆེད་ཕེབས་གནང་པ་ཡིན་སྐོར་གསུངས་པ་མ་ཟད། ལྷག་དོན་འཛིན་སྐྱོང་བཀའ་ཤག་གིས་ལས་དོན་གལ་ཆེའི་ནང་ནས་ཆེས་གལ་ཆེ་ཤོས་ནི་ཤེས་ཡོན་ཡིན་ཞེས་བཀའ་གནང་པ་ལྟར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་སྔར་ལྷག་ཤེས་ཡོན་ཐོག་ལ་ལས་དོན་སྣ་མང་ཞིག་གནང་མུས་ཡིན་པ་དང། ཁྱད་པར་དུ་བཙན་བྱོལ་བོད་མིའི་ལོ་འཁོར་མའི་མ་དངུལ་འགྲོ་གྲོན་སྔོན་རྩིས་ལས་སཾ་བྷོ་ཊ་དང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཐོག་མ་དངུལ་སྔོན་རྩིས་བརྒྱ་ཆ་སུམ་ཅུ་ལྷག་འཕར་མ་གཏོང་བཞིན་ཡོད་པ་གསུངས་སོང། ཁོང་གིས་མུ་མཐུད་གསུངས་དོན་ལ་རྒྱལ་ཁབ་དང་མི་རིགས་གང་ཡིན་གསོན་པོ་གནས་མིན་ནི་དེའི་མི་རིགས་ལ་ཤེས་ཡོན་གྱི་གནས་ཚད་ཇི་ཡོད་ལ་རག་ལས་སྟབས། ཤེས་རིག་ལས་ཁུངས་ཀྱིས་འགྲོ་གྲོན་བརྒྱ་ཆ་བརྒྱ་ནས་བརྒྱད་ཅུ་ལྷག་ཤེས་ཡོན་ཐོག་བཏང་ཡོད་པ་གསུངས་སོང། ད་དུང་ཁོང་གིས་ལོ་ཤས་སྔོན་ནས་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་གི་འཛིན་རིམ་བཅིུས་ཀྱི་སློབ་མ་ཚོར་ཟབ་སྦྱོང་གནང་པ་དང་མཐོ་སློབ་ཁག་གི་སློབ་མར་སློབ་ཡོན་འཕར་ཆ་གནང་པ་མཚོན། གཞི་རིམ་གྱི་ཤེས་ཡོན་གྱི་གནས་ཚད་གོང་མཐོར་གཏོང་ཐབས་སུ་དབྱིག་སྒྲུང་ཁག་བོད་སྒྱུར་ཞུས་པ། བོད་སྒྲུང་ཆེད་སྒྲིག་ཞུས་པ་དང་། དེ་བཞིན་སློབ་གྲྭ་ཁག་གི་དཔེ་མཛོད་ལའང་དཔེ་ཀློག་བྱ་རྒྱུའི་དཔེ་དེབ་སྔར་ལྷག་གྲངས་འབོར་མང་དུ་བཏང་སྐོར་སོགས་གསུངས་ཡོད། གཞན་ཡང་ཁོང་གིས་ཉེ་ཆར་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་ཨ་རིར་མང་ཚོགས་ལ་མཇལ་ཁ་དང་ཆོས་འབྲེལ་བསྩལ་སྐབས་ང་ཚོའི་ནང་བསམ་བློའི་ལྟ་གོམས་སྤྱོད་གསུམ་དང་ཆེས་འབྲེལ་ཡོད་བོད་ཡིག་ལས་ལྷག་པའི་ཁྱད་ནོར་མེད་པས་མི་རབས་གསར་པ་ཚོས་ཀྱང་རང་གི་གཅེས་ནོར་བོད་ཡིག་བདག་སྤྲོད་ཐུབ་པ་བྱ་རྒྱུ་གལ་ཆེ་ཡིན་སྐོར་བཀའ་བསྩལ་གནང་པ་ལུང་འདྲེན་དང་སྦྲགས། བོད་མི་མི་རེ་ངོ་རེས་ཉིན་རེ་འཚོ་བའི་ནང་བོད་ཡིག་གང་མང་བེད་སྤྱོད་གནང་དགོས་གལ་དང། ཁྱད་པར་དུ་གཞོན་རབས་ཚོས་དེང་དུས་ཀྱི་བརྒྱུད་ལམ་ཁག་ཏུ་དབྱིན་ཡིག་ལྟར་བོད་ཡིག་གང་མང་སྤྱོད་ནས་ཕན་ཚུལ་འབྲེལ་ལམ་གནང་གལ་ཆེ་བ་ཡིན་སྐོར་སོགས་གསུངས་ཡོད། རྩ་བའི་ད་ལན་གྱི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༠ འདི་བཞིན་གཙོ་བོ་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབ་གང་ལེགས་ཡོང་སླད་མཐོ་རིམ་སློབ་མའི་འགན་འཁུར་དང་དེའི་སྣེ་འཁྲིད་ཀྱི་བསམ་བློའི་ཁ་ཕྱོགས་འཚོལ་བ་དང། བཙན་བྱོལ་བོད་རིགས་མཐོ་རིམ་སློབ་མས་ཁ་གསབ་བྱ་འོས་པའི་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་སྟོང་ཆ། དེ་བཞིན་ཤེས་རིག་ལས་ཁུངས་སུ་འབུལ་རྒྱུའི་བསམ་འཆར་གྱི་སྙན་ཞུ་བཅས་ཀྱི་ཐོག་ལ་བགྲོ་གླེང་གནང་གི་འདུག

རེས་གཟའ་ཟླ་བ། ༢༠༡༦།༠༢།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཨ་རིར་སེམས་བསྐྱེད་དང་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་བཀྲིས་བསྩལ་བ། བཞུགས་སྒར་དུ་འཛམ་གླིང་ཕ་སྐད་ཉིན་མོར་བོད་ཡིག་ཐོག་མཁས་པའི་བགྲོ་གླེང། བཅོ་ལྔ་མཆོད་པའི་ཉིན་ལྡི་ལིར་བོད་མི་ཚོས་༸སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེ་སྒྲུབ་བཞིན་པ། དམིགས་བསལ་ལེ་ཚན། ཆོ་འཕྲུལ་དུས་ཆེན་ངོ་སྤྲོད། Monday 22/02/2016 Dalai Lama speaks in Mineapolis, gives religious teaching World mother language day marked with a seminar Tibetans in Delhi holds prayer service for Dalai Lama Introduction to ‘Choetrul Duschen’

༸གོང་ས་མཆོག་གིས་སེམས་བསྐྱེད་དང་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདས་པའི་ཟླ་བ་གཅིག་མིན་ཙམ་ནས་ཨ་རིར་༸སྐུའི་ འཕྲོད་བཞེས་བརྟག་དཔྱད་གཙོས་པའི་མཛད་འཆར་གཞན་ཁག་ཅིག་གི་ཆེད་ཆིབས་སྒྱུར་བསྐྱངས་ཡོད་པ་ལྟར། ཁ་སང་ཚེས་ ༢༡ ཉིན་མགོན་པོ་༸གང་ཉིད་མཆོག་གིས་མང་ཚོགས་ལ་མཇལ་ཁ་དང་ཆོས་འབྲེལ་ཐོག་མ་སྩལ་བ་དང་འབྲེལ། minneapolis གྲོང་ཁྱེར་ནང་དུ་དད་ལྡན་སར་སྐྱ་མང་ཚོགས་སུམ་སྟོང་བརྒལ་བར་སེམས་བསྐྱེད་དང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་བཀྲིན་བསྐྱངས་འདུག ཆོས་འབྲེལ་འདི་ནི་ཨ་རིའི་ minneapolis མངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇིམ་ལྟར་གསོལ་འདེབས་ཞུས་དོན་ལྟར། མི་ནི་སོ་ཊ་གྲོང་ཁྱེར་ Convention Center ཚོགས་ཁང་དུ་བསྐྱངས་འདུག་པ་དང། སྐབས་དེར་མངའ་སྡེའི་གྲོས་ཚོགས་འཐུས་མི་ Senator Sandra l. pappas མཆོག་དང་གྲོས་ཚོགས་འོག་མིའི་འཐུས་མི་ Caroline M. མཆོག དེ་བཞིན་ minneapolis གྲོང་ཁྱེར་སྤྱི་ཁྱབ་མཆོག་ཆེད་ཕེབས་གནང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་ཆེས་འབྲེལ་དུ་བཅར་བའི་བོད་མི་རྣམས་གཙོས་༸གང་ཉིད་མཆོག་ལ་དགའ་མོས་གནང་མཁན་ཀུན་ནས་ཉེ་ཆར་མགོན་པོ་མཆོག་ Prostate འམ་ལྒང་འོག་གཤེར་རྨེན་གྱི་སྨན་བཅོས་བརྟག་དཔྱད་གནང་སྐབས་སེམས་འཚབ་འོག་ཞབས་རིམ་གསོག་སྒྲུབ་དང་། མགོན་པོ་མཆོག་གི་༸སྐུ་གཟུགསདྲག་བསྐྱེད་ཡོང་བར་གསོལ་འདེབས་སྨོན་ལམ་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུ་དང་། ལྷག་དོན་༸གང་ཉིད་མཆོག་སྐུ་གཟུགས་གསལ་ཐང་ཡིན་པའི་བཀའ་སློབ་བསྩལ་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དངོས་གཞི་ཆོས་འབྲེལ་དབུ་འཛུགས་མ་བསྐྱང་གོང། དེ་གར་འདུས་པའི་བོད་རིགས་གཙོས་པའི་ཕྱི་རྒྱལ་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་སུམ་སྟོང་ལྷག་བརྒལ་བར་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཀྱི་མཛད་འཁུར་གསུམ་པོ་སྟེ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ། དེ་བཞིན་ཆོས་ལུགས་མཐུན་འབྲེལ་གནང་རྒྱུ་བཅས་ཀྱི་ཐོག་བཀའ་སློབ་སྩལ་བ་དང་འབྲེལ། ང་ཚོ་ཚང་མས་ཡ་རབས་བཟང་སྤྱོད་དང་སྙིང་རྗེ་ལྡན་པའི་མི་ཞིག་བྱ་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་སློབ་བསྩལ་ཡོད་པ་རེད། ཁྱད་པར་དུ་ཁ་སང་གི་ཆོས་འབྲེལ་དེའི་ཐོག་མང་ཚོགས་འཕེལ་མོ་ཆེ་བོད་རིགས་ཆགས་ཡོད་སྟབས། ༸གོང་ས་མཆོག་གིས་བོད་ནང་དུས་འགྱུར་བྱུང་རྗེས་དུས་ཚོད་ཧ་ཅང་གི་གཉའ་འཕྲང་ཅན་དུ་ལྷུང་ཡོད་ནའང། གཙོ་བོ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སྙིང་སྟོབས་དང་ལྷག་བསམ་གཡོ་བ་མེད་པ་དང། བཙན་བྱོལ་དུའང་དཀའ་ངལ་ཇི་སྙེད་ཅིག་ལ་གདོང་ལེན་གྱིས་བོད་མིའི་བཟང་པོའི་ཁྱད་ཆོས་རྒྱུན་འཛིན་བྱེད་ནས། བོད་མིའི་མཚན་བླ་གོང་དུ་འདེགས་ཡོད་པར་བསྔགས་བརྗོད་མཛད་པ་དང་ཆབས་ཅིག ལྷག་དོན་ནང་བསམ་བློའི་ལྟ་གོམས་སྤྱོད་གསུམ་དང་ཆེས་འབྲེལ་ཡོད་བོད་ཡིག་ལས་ལྷག་པའི་ཁྱད་ནོར་མེད་པས་མི་རབས་རྒན་པ་ཚོས་བོད་མིའི་གཅེས་ནོར་བོད་ཡིག་དེ་མི་རབས་གསར་པར་ངོ་སྤྲོད་བྱ་རྒྱུ་དང་། མི་རབས་གསར་པ་ཚོས་ཀྱང་རང་གི་གཅེས་ནོར་བོད་ཡིག་བདག་སྤྲོད་ཐུབ་པ་བྱ་རྒྱུ་གལ་ཆེ་ཡིན་པ་བཀའ་བསྩལ་གནང་ཡོད། དེ་རྗེས་༸གོང་ས་མཆོག་གིས་བོད་དུ་དུས་རབས་བརྒྱད་པའི་ནང་ནང་ཆོས་དར་འཕེལ་བྱུང་ཚུལ་སྐོར་བཀའ་སློབ་སྩལ་གྲུབ་པ་དང། སེམས་བསྐྱེད་དང་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་བཀྲིན་ཆེ་བ་བསྩལ་འདུག རྩ་བའི་མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༣ ཚེས་ ༨ ཉིན་ Wisconsin མངའ་སྡེའི་ Madison གྲོང་ཁྱེར་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་དང། དེ་རྗེས་ཚེས་ ༩ ཉིན་ཁུལ་དེའི་ Wisconsin གཙུག་ལག་སློབ་གཉེར་ཁང་དུ་༸གང་ཉིད་མཆོག་གིས་རང་ཉིད་དང་སྤྱི་ཚོགས། དེ་བཞིན་འཛམ་གླིང་བདེ་སྐྱིད་དང་ལྡན་པ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བསྡུར་དང་ལམ་སྟོན་བཀྲིན་བཅས་བསྩལ་གྱི་འདུག

རེས་གཟའ་ཉི་མ། ༢༠༡༦།༠༢།༢༡

ཉན་པ།: Listen ཕབ་ལེན། Download སྤྱི་འཐུས་འོས་མི་གསར་པའི་བགྲོ་གླེང་། དམིགས་བསལ་ལས་རིམ། Sunday 21/02/2016 Tibet Election 2016: First-time Parliamentary Candidates' Debate

རེས་གཟའ་སྤེན་པ། ༢༠༡༦།༠༢།༢༠

ཉན་པ།: Listen ཕབ་ལེན། Download ནང་སྲིད་བཀའ་བློན་མཆོག་གིས་ཀར་ན་ཊ་ཀའི་ནང་སྲིད་བློན་ཆེན་དང་མཇལ་འཕྲད། འཇར་མ་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ལ་བོད་དོན་སྙན་གསེང་། བྱེས་ཀྱི་གདན་ས་གསུམ་ནང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་བཞིན་པ། མཚོ་པདྨར་བོད་དོན་དྲིལ་བསྒྲགས་ཀྱི་འགྲེམས་སྟོན། ༢༠༡༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་སྐོར་བཅར་འདྲི་ཞུས་པའི་དམིགས་བསལ་ལེ་ཚན། Saturday 20/02/2016 CTA Home Kalon meets with CM of Karnataka Golok Jigme gives testimony of China’s repressive policies in Tibet to German lawmakers Tibetan monasteries in south India hold Monlam Festival Tibet Exhibition held at Tso Pema, Riwalsar Interview with TCHRD chief Tsering Tsomo on 2015 Annual Human Rights report

རེས་གཟའ་པ་སངས། ༢༠༡༦།༠༢།༡༩

ཉན་པ།: Listen ཕབ་ལེན། Download ཞོགས་ལྗང་ལགས་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ༢༠༡༥ལོར་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གང་ཡང་ཕྱིན་མེད་པའི་སྙན་ཐོ་འདོན་སྤེལ། བོད་དེ་དུས་རབས་ཉི་ཤུ་རྩ་གཅིག་གི་གནད་དོན་གལ་ཆེ་ཤོས་གཅིག་ཡིན་པ་གསུངས་འདུག རྒྱ་ནག་དེ་བཞིན་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་གཙོ་གྲས་ཤིག་ཡིན་པ་གསུངས་འདུག རྒྱ་གར་ལྷོ་ཕྱོགས་སུ་དཔེ་ཁྲིད་དགེ་རྒན་རྣམས་ཀྱི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་ཚོགས་པ། བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཅེས་པའི་དམིགས་བསལ་ལས་རིམ། བག་ལེབ་ཚོང་ལས་པ་ཨ་བསྟན་རྒྱལ་ལགས་ཀྱི་འཚོ་ཐབས་སྐོར། Friday 19/02/2016 Tibetan writer Shokjang sentenced to three years in prison No sign of improvement of human rights situation in Tibet: TCHRD report Tibet will be the greatest chapter of the 21st century: Sikyong at Birmingham Lack of religious freedom in China discussed at Taoyuan Forum Meeting of monastic teachers held at Drepung Monastery in Mundgod DIASPORA FEATURE: Tibetan bread seller Aten Gyal

ཞོགས་ལྗང་ལགས་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་དེ་ནི་ཁྲིམས་མཐུན་མིན་པ་གསུངས་སོང་།

བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་ཡིན་པའི་རྩོམ་པ་པོ་དང་བོད་མིའི་རང་དབང་རྩོད་ལེན་པ་ཞོགས་ལྗང་ལགས་ལ་རྒྱ་གཞུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་ཡང་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་བོད་མདོ་སྨད་རེབ་གོང་ནས་ས་གནས་རྒྱ་གཞུང་གི་ཉེན་རྟོགས་པས་ནག་ཉེས་གང་ཡིན་གསལ་ཁ་མེད་པར་ཞོགས་ལྗང་ལགས་བཙན་ཁྲིད་ཀྱི་འཛིན་བཟུང་བྱས་པ་ནས་བཟུང་ད་བར་ཁོང་གི་གནས་སྟངས་གང་ཡིན་སོགས་ཤེས་རྟོགས་མེད་པར་ལྷག་ཡོད་པ་རེད། སྤྱི་ཚོགས་ཀྱི་དྲ་གནས་ཁག་ཏུ་གནས་ཚུལ་སྤེལ་བ་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཐུན་རིན་ཁྲིམས་ཁང་གིས་ཞོགས་ལྗང་གི་ནང་མི་ཚོར་བརྡ་ལན་བཏང་ནས་ཚེས་ ༡༧ ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད་འདུག  ཁ་ཉིན་ཚེས་ ༡༦ ཉིན་ཁོང་གི་ནང་མི་སྤུན་མཆེད་དང་ཚོ་བའི་མི་སྣ་མི་སྣ་ ༤༠ ལྷག་མདོ་སྨད་རེབ་གོང་དུ་ཕྱིན་ཡོད་ཀྱང།  སྐབས་དེར་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་དུ་ཁྲིམས་རྩོད་པ་སོགས་ཀྱི་གོ་རིམ་མི་སྣ་གང་ཡང་མེད་པར་ཁྲིམས་དཔོན་ཞིག་གིས་ཞོགས་ལྗང་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང་ཕྱི་གྱར་ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་ལན་མང་རིང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་པའོ་ལས་བརྩམས་པ་སོགས་ནག་ཉེས་བཞིའི་ཐོག་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་ཁག་ནི་ཆེས་ནོར་འཁྲུལ་ཅན་ཞིག་དང་། ལྷག་དོན་ཞོགས་ལྗང་ལགས་ཀྱིས་རྒྱ་གཞུང་ནས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཁག་ནི་ནོར་འཁྲུལ་ཡིན་པར་རྩོམ་ཡིག་སྤེལ་བར་ ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི་ཁྲིམས་མཐུན་ཞིག་མིན་པ་གསུངས་ཀྱི་འདུག ད་དུང་ཁོང་གིས་རྒྱ་གཞུང་ནས་ཞོགས་ལྗང་ལགས་ཀྱི་གཟུགས་གཞི་དང་སེམས་ཁམས་ཀྱི་གནས་སྟངས་ལའང་འགན་ཁུར་བྱ་དགོས་པ་སོགས་གསུངས་ཡོད། གཞི་རྩའི་རྩོམ་པ་པོ་ཞོགས་ལྗངས་ལགས་ནི། བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་ཡིན་ཞིང་། ཁོང་ལ་རྒྱ་ནག་གཞུང་གིས་སྔ་རྗེས་སུ་ཐེངས་གཉིས་འཛིན་བཟུང་བཙོན་འཇུག་བྱས་འདུག  དེ་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོའི་བྱུང་བའི་སྐབས་སུ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་དངོས་སུ་སློབ་གྲྭའི་ཐང་ཆེན་དུ་འཛོམས་ཏེ།༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་པའི་འཕྲེད་དར་བསྣམས་ཏེ། ཞི་རྒོལ་འགོ་ཁྲིད་མཁན་དང་མི་རིགས་ཁ་བྲལ་གྱི་བསམ་བློ་བཅངས་ཏེ་རྩོམ་ཡིག་སྤེལ་ཡོད་པར་བརྟེན།  སྤྱི་ལོ་ ༢༠༡༠ ལོར་རྩོམ་པ་པོ་ཐེའུ་རིང་དང་ཞོགས་ལྗང་གཉིས་སློབ་གྲྭ་ནས་འཛིན་བཟུང་བྱས་ནས་ཟླ་གཅིག་ལྷག་རིང་ཞི་དྲག་གཉིས་ཀྱི་ཐོག་ནས་འདྲི་བརྩད་བཀག་བསྐྱིལ་བྱས་མཐར་གློད་བཀྲོལ་བཏང་འདུག  དེ་རྗེས་བོད་མིའི་རང་དབང་དང་། མང་གཙོ། ལྷག་དོན་ས་གནས་དུ་སྐོར་བསྐྱོད་ཀྱི་མཐོང་ཐོས་སྐོར་ཟིན་བྲིས་སོགས་སྤེལ་སྟབས།  སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་རེབ་གོང་ནས་ས་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་འདུག  

Latest news