Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2016

སྟོད་མངའ་རིར་མི་མང་ནས་འདོད་པ་མེད་བཞིན་དུ་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ།

བོད་ལྗོངས་གཞི་རྩེ་གྲོང་ཁྱེར་སྟོད་མངའ་རིས་ཀྱི་ས་ཁུལ་ཁག་ཅིག་དུ་རྒྱ་ནག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་རྒྱ་མི་གཏེར་འདོན་ཚན་པས་བོད་མི་མང་ཚོགས་ཀྱིས་འདོད་མོས་མེད་བཞིན་དུ་རང་སྣང་གང་ཤར་གྱིས་ཁུལ་དེའི་ཁོར་ཡུག་ལ་དོ་ཕོག་ཚབས་ཆེན་ཕོག་གཞི་གཏེང་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་རེད་འདུག དེ་སྔོན་སྟོད་མངའ་རིས་སྒེར་རྩེ་རྫོང་གཞུང་པ་ཡུལ་མཚོ་ཟ་ལུང་ཞེས་པའི་ས་ཆར་ལོ་ངོ་ ༢༠ ཙམ་རིང་ས་གནས་བོད་རིགས་མང་ཚོགས་ཚོས་གཏེར་འདོན་གྱི་ལས་གཞི་བཀག་འགོག་བྱས་ཐུབ་ཡོད་ཀྱང་། ༢༠༡༤ དང་ ༢༠༡༥ ལོ་གཉིས་ནང་རྒྱ་རིགས་གཞུང་འབྲེལ་མིན་པའི་གཏེར་འདོན་ཚན་པས་མང་ཚོགས་རྣམས་ལ་ས་ཞིང་འདེབས་ལས་བྱ་རྒྱུ་ཡིན་ཚུལ་གྱིས་མགོ་སྐོར་བཏང་སྟེ། གངས་རིན་པོ་ཆེའི་ཉེ་འདབས་ཀྱི་བ་འབྲོག་ཞེས་པའི་ས་གནས་སུ་གཏེར་ཁ་བསྔོག་འདོན་བྱས་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་དུ་ས་གནས་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན། ཁོང་གིས་སླར་ཡང་འདི་ལོ་ ༢༠༡༦ ལོའི་ནང་གཏེར་བཏོན་ཚན་པ་ཡོང་སྐབས་ས་གནས་རྫོང་དང་བོད་རིགས་མང་ཚོགས་ཟུང་སྦྲེལ་གྱིས་ཕྱིར་ཕུད་བཏང་ཐུབ་ཡོད་སྐོར་གསུངས་སོང། ད་དུང་ཁོང་གིས་འགྲེལ་བརྗོད་གནང་བར་ས་གནས་མང་ཚོགས་ཀྱི་ངོས་ནས་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་དེ་དག་ལ་བརྟེན་ནས་ཁེ་ཕན་གང་ཡང་མེད་པ་མ་ཟད། ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་ཕོག་གི་ཡོད་པ་སོགས་རྒྱུ་མཚན་དུ་བཀོད་ནས་ས་གནས་རྒྱ་གཞུང་ལ་ལས་གཞི་དེ་དག་མཚམས་འཇོག་དགོས་པའི་ཞུ་གཏུགས་ལན་མང་བྱས་ཀྱང་དེར་དོ་སྣང་མེད་པ་རེད་འདུག  ལས་གཞི་དེར་བརྟེན་ས་གནས་སུ་ཁོར་ཡུག་དག་ལ་གནོད་སྐྱོན་འཚབ་ཆེན་ཕོག་གི་འདུག་སྟབས།  བརྒྱུད་ལམ་ཁག་ལས་ཁྱབ་བསྒྲགས་རྒྱ་གང་ཆེ་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས་ཞུ་གཏུགས་ཀྱི་ལས་འགུལ་དེར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་གནང་གི་འདུག

 སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དགོངས་པ་རྫོགས་པར་གཞུང་འབྲེལ་མྱ་ངན་ཞུས་པ།

བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་བོད་མི་མང་བཀའ་བརྒྱུད་སྤྱི་འཐུས་ལས་ཐོག་དང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་དམ་པ་དེ་ཉིད་དགོངས་པ་རྫོགས་པར་མྱ་ངན་གུས་བཏུད་དང་སྦྲགས། གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་ཡོད་པ་རེད།      དེ་རིང་ཟླ་ ༢ ཚེས་ ༡ ཉིན་གུང་ཚོུད་ ༡༢ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ལས་བྱེད་གསོལ་ཐབ་ཀྱི་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་སྲི་ཞུ་ལས་བྱེད་ཡོངས་ནས་དམ་པ་དེ་ཉིད་སྙུང་གཞི་རྐྱེན་གྱིས་དགོངས་པ་རྫོགས་པར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་བཏུད་ཀྱི་བསྔོ་སྨོན་གསུང་འདོན་གནང་སྟེ།  ཉིན་རྒྱབ་ཚོུད་ ༢ ནས་དབུས་ལས་ཁུངས་ཁག་ལས་མཚམས་འཇོག་གནང་ཡོད་པ་རེད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་སྐུ་གཤེགས་དམ་པ་ཀརྨ་ཆོས་འཕེལ་ལགས་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བློ་ཕམ་ཆེན་པོས་མྱ་ངན་གུས་བཏུད་ཞུས་པ་དང་སྦྲགས།  དམ་པ་དེ་ཉིད་ཀྱི་ཤུལ་ལུས་སྐུ་འཁོར་ནང་མི་ཉེ་འབྲེལ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་གསོ་ཞུས་གནང་སོང་། རྩ་བའི་ཀརྨ་ཆོས་འཕེལ་ལགས་དམ་པ་ཁོང་ནི། ཕྱི་ལོ་ ༡༩༤༩ ལོར་བོད་སྟོད་མངའ་རིས་སྐྲ་བདུན་དུ་སྐྱེས་པ་དང།   ཕྱི་ལོ་  ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་འབྱོར་རྗེས་མ་སུ་རི་གཏན་སློབ་ཏུ་གཞི་རིམ་གོང་འོག་སློབ་གཉེར་གནང་འདུག་པ་དང་། དེ་རྗེས་ལྡི་ལི་མཐོ་སློབ་ཏུ་སློབ་གཉེར་གནང་པ་མ་ཟད། སྦེང་ལོར་མཐོ་སློབ་ནས་དགེ་འོས་སློབ་ཐོན་གནང་ཡོད་པ་རེད། བོད་མིའི་སྤྱི་ཚོགས་ནང་ཕྱག་ལས་གནང་པའི་ཁྲོད་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་སུ་སློབ་དགེ་དང་། སིམ་ལ་དང་མ་སུ་རི་གཏན་སློབ་གཉིས་ཀྱི་སློབ་སྤྱིའི་ཐུགས་འགན་བཞེས་འདུག དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་གནང་བཞེས་ཡོད་པ་མ་ཟད།  བོད་མི་མང་སྤྱི་འཐུས་སྐབས་ ༡༡ དང་། ༡༢། ༡༣། ༡༤ བཅས་ལ་དབུས་གཙང་མི་མང་ནས་འདེམས་ཐོན་བྱུང་དོན་ལྟར་དབུས་གཙང་ཆོལ་ཁའི་སྤྱི་འཐུས་གནང་པ་དང། སྐབས་ ༡༥ པའི་བཀའ་བརྒྱུད་སྤྱི་འཐུས་སུ་འདེམས་ཐོན་བྱུང་དོན་བཞིན་ཐུགས་འགན་བཞེས་བཞིན་པའི་ཐོག་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༣༠ ཐོ་རངས་ཚོུད་ ༡ ཐོག་སྐུ་གཤེགས་འདུག

རུ་སོག་སྨན་ཁང་ཞིག་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུ་ནང་རྟེན་གཞི་བྱས་པའི་ LLC Green lotus ཞེས་པའི་སྨན་དཔྱད་ཁང་ཞིག་གིས་དངུལ་ལས་སྒྲུབ་ཞིང་གསེར་རྩི་བཏང་པའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུག དེ་ཡང་ཟླ་ ༡ ཚེས་ ༣༠ ཉིན་བིད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུ་ནང་རྟེན་གཞི་བྱས་པའི་ LLC Green lotus སྨན་དཔྱད་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་དབར་རྒྱ་གར་གཙོས་པའི་སོག་པོ་དང་རྒྱལ་སྤྱིའི་ཁྱོན་ལ་བོད་ཀྱི་གསོ་རིག་གཞུང་ལུགས་དག་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་གྱི་༸སྐུ་ངལ་ཁྱད་སད་ཀྱིས་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དངུལ་ལས་སྒྲུབ་ཞིང་གསེར་རྩི་བཏང་པའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་རེད་འདུག རུ་སོག་ནས་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་གཟེངསརྟགས་དེ་བཞེས་འདུག་པ་དང། སྐབས་དེར་ཏེ་ལོ་རིན་པོ་ཆེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ད་བར་དབུས་བོད་ཀྱི་སྨན་རྩིས་ཁང་ནས་ཨུ་རུ་སུའི་ནང་བོད་ཀྱི་གསོ་བ་རིག་པའི་གཞུང་དང་འབྲེལ་བའི་ཟབ་སྦྱོང་དང་སློབ་གསོ། དེ་བཞིན་སྨན་པ་བསྟེན་གཏུགས་སོགས་ཀྱི་ལས་གཞི་མང་དག་ཞིག་འགྲོ་མུས་ཡིན་པ་སོགས་འགྲེལ་བརྗོད་གནང་འདུག ད་དུང་ཁོང་གིས་ཨུ་རུ་སུ་མི་དམངས་རྣམས་ཀྱིས་བོད་ཀྱི་བདེན་དོན་ཆེད་རྒྱབ་སྐྱོར་ཞུ་རྒྱུའི་འགན་དབང་ཡོད་སྐོར་སུངས་འདུག གཞི་རྩའི་ཨུ་རུ་སུའི་ LLC Green lotus སྨན་དཔྱད་ཁང་གིས་མགོན་པོ་༸གང་ཉིད་མཆོག་ལ་འབུལ་བཞེས་མཛད་པའི་གཟེངས་རྟགས་དེའི་ཐོག་བོད་དང་རུ་སོག་གཉིས་ཀྱི་འབྲེལ་ལམ་མཚོན་པའི་ཨ་རུ་སུའི་རྒྱལ་དར་དང་། བོད་ཀྱི་གསོ་རིག་གཞུང་ལུགས་མཚོན་ཆེད་དབུས་སུ་སངས་རྒྱས་སྨན་ལྷའི་སྐུ་འདྲ་བཞེངས་པ་མ་ཟད། བོད་གངས་ཅན་ལྗོངས་དང་༸གོང་ས་མཆོག་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་ཟབ་མོ་ཡོད་པ་མཚོན་ཕྱིར་མགོན་པོ་༸གང་ཉིད་མཆོག་གངས་སེང་ཞིག་ཆིབས་ཡོད་པའི་སྐུ་བརྙན་ཞིག་ཀྱང་འབུལ་བཞེས་མཛད་འདུག  

ཨ་འབྲུག་ཚེ་བརྟན།

ཨ་འབྲུག་ཚེ་བརྟན། ཕབ་ལེན།

རེས་གཟའ་ཟླ་བ། ༢༠༡༦།༠༢།༠༡

ཉན་པ།: Listen ཕབ་ལེན། Download རུ་སོག་སྨན་ཁང་ཞིག་གིས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་བ། དབྱིན་ཡུལ་ནང་བཀའ་གདམས་གསར་པའི་ཆོས་ཚོགས་མདུན་ངོ་རྒོལ་བྱས་འདུག བོད་སྟོད་མངའ་རིས་ཁུལ་དུ་གཏེར་འདོན་གྱི་ལས་གཞི་རྒྱ་ཆེ་སྤེལ་བཞིན་པ། དྲིལ་བསྒྲགས་བཀའ་བློན་མཆོག་གིས་འཆར་སྒྲིག་དང་བྱུས་བཀོད་ཟབ་སྦྱོང་དབུ་འབྱེད་གནང་འདུག ཀརྨ་ཆོས་འཕེལ་ལགས་དགོངས་པ་རྫོགས་པར་གཞུང་འབྲེལ་མྱ་ངན་ཞུས་འདུག རྒྱ་གཞུང་ནས་བོད་དང་ཟི་ཁྲོན་བར་མེ་འཁོར་ལྕགས་ལམ་ལས་གཞི་མགྱོགས་སུ་བཏང་བ། ཨ་ཀོང་རིན་པ་ཆེ་བཀྲོངས་མཁན་ལ་སྲོག་ཁྲིམས་བཅད་འདུག ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། དགེ་ལུགས་འོས་མི་ཨ་འབྲུག་ཚེ་བརྟན། Monday 01/02/2016 Dalai Lama honored for outstanding contribution to the Development of Tibetan Medicine Tibetans hold protest against NKT in Bristol, UK CTA mourns demise of veteran Tibetan Parliamentarian Karma Chophel China engaged in rampant mining in Ngari DIIR Kalon inaugurates strategic workshop China to speed up construction of Sichuan Tibet railway Chinese court sentences 2 Tibetans to death in Akong Rinpoche case My MP: Gelug candidate Atuk Tseten

Latest news