Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2016

༸གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་བཞད་ལ་འཚམས་འདྲི་མཛད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༥ ཉིན་ཨ་རིའི་མངའ་སྡེ་མི་ནེ་སོ་ཊ་ནས་བརྙན་འཕྲིན་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་བཞད་ལ་འཚམས་འདྲི་གནང་པ་དང་སྦྲགས། ༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཞིང་ཐུགས་ལྷོ་ལྷོད་ངང་༸སྐུའི་འཕྲོད་བཞེས་སྨན་བཅོས་བརྟག་དཔྱད་གནང་མུས་ཡིན་པས་མང་ཚོགས་ནས་ཐུགས་ཁྲལ་གཏན་ནས་ཞུ་མི་དགོས་པའི་བཀའ་སློབ་སྩལ་བ་མ་ཟད། ལྷག་དོན་གཞིས་ལུས་རྒྱ་ཆེ་སེར་སྐྱ་མང་ཚོགས་དང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་སེར་སྐྱ་ཀུན་ལ་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་། བཀྲ་ཤིས་བདེ་ལེགས་དོན་དང་ལྡན་པ་ཞིག་གནང་རོགས་གནང་ཞེས་འཚམས་འདྲི་མཛད་འདུག ༸གོང་ས་མཆོག་གི་འཚམས་འདྲིའི་བརྙན་འཕྲིན་གཟིགས་ཆེད་འདིར་གནོན།  

རེས་གཟའ་པ་སངས། ༢༠༡༦།༠༢།༠༥

ཉན་པ།: Listen ཕབ་ལེན། Download བཀའ་ཤག་ནས་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མང་གཙོ་དང་སྒྲིག་འཛུགས་ལ་འགན་འཁུར་གནང་མེད་པའི་སྐྱོན་བརྗོད། གཉན་ནད་རེག་དུག་ནད་གཞི་སྔོན་འགོག་ཆེད་གློག་བརྙན་གསར་བཟོ། རྒྱ་གཞུང་གི་བརྒྱུད་ལམ་ཐོག་ཨ་རིའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་བཀོད་མི་ཆོག་པའི་བཀའ་རྒྱ། ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། རྙིང་མའི་འོས་མི་མཁན་པོ་པདྨ་ཆོས་འཕེལ། Friday 05/02/2016 Kashag issues clarification on Kalachakra, slams PT for irresponsible remarks Health Kalon launches new HIV animation video with TeachAIDS Chinese media restricted from covering US Presidential Election MY MP: Nyingma Candidate Khenpo Pema Choephel

མཁན་པོ་པདྨ་ཆོས་འཕེལ།

མཁན་པོ་པདྨ་ཆོས་འཕེལ། ཕབ་ལེན།

བཀའ་ཤག་ནས་་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་གནང་གི་མེད་པར་སྐྱོན་བརྗོད་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་མང་ཚོགས་ཀྱི་དྲི་བར་ལན་གནང་པའི་ཁྲོད། དུས་འཁོར་དབང་ཆེན་དེ་ཕྱིར་འགྱངས་གནང་དགོས་དོན་ནི། ༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་དེ་བཞིན་ཆབ་སྲིད་ཅིག་ཏུ་འགྱུར་ཉེན་ཡོད་པ་དགོངས་ཡོད་སྐོར་དང། དེ་བཞིན་སྐུ་ཚབ་དོན་གཅོད་ནས་༸གོང་ས་མཆོག་གི་མཚན་གནས་ཕྱིར་བསྡུ་གནང་རྒྱུའི་སྐོར་ལ་གསུང་ཡོད་སྟབས། དེ་རིང་འཛིན་སྐྱོང་བཀའ་ཤག་ནས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་གནང་སྟེ། སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གང་གསུངས་པ་དེ་ནི་བདེན་པ་མིན་པ་ཙམ་དུ་མ་ཟད། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཀྱང་ཡིན་པ་གསུངས་གནང་སོང། གསར་འགོད་ལྷན་ཚོགས་སྟེང་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དབུ་བཞུགས་ཕྱི་འབྲེལ་དྲུང་ཆེ་བདག་པོ་བསོད་ནམས་ནོར་བུ་ལགས་ཆེད་ཕེབས་ཐོག དྲིལ་བསྒྲགས་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བཀྲ་ཤིས་ཕུན་ཚོགས་ལགས་ནས་བཀའ་ཤག་གི་བཀའ་འབྲེལ་ལྟར་གསལ་བཤད་དེ་སྒྲོག་སྦྱང་གནང་ཡོད་པ་རེད། བཀའ་ཤག་གི་དངོས་དོན་གསལ་བཤད་ཅེས་པ་དེའི་ནང་གསལ་བཞིན། དང་པོ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བའི་གནད་དོན་སྐོར་གསལ་བཤད་གནང་པའི་ཁྲོད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་སྤེལ་བའི་གསལ་བསྒྲགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ཤས་གོང་དུ་ཨ་རི་མི་ཎི་སོ་ཌ་དང་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བཀའ་སློབ་གསལ་ཕེབས་ཡོད་པ་དེ་དག་དང་ཡེ་ནས་མི་མཐུན་པའི་རྒྱུ་མཚན་གཞན་ཞིག་ཡོད་ཚུལ་བཤད་པ་ནི། བདེན་པ་མིན་པ་ཙམ་དུ་མ་ཟད། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཏུ་འགྲེལ་བརྗོད་གནང་པ་དང་ཆབས་ཅིག བཀའ་ཤག་ངོས་ནས་དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་གནང་སྐབས་༸གང་ཉིད་སྨན་བཅོས་སྐོར་གསུངས་ཚེ་མང་ཚོགས་ཁྲོད་བློ་གཡེང་དང་འུར་འདྲོགས་ཆེན་པོ་ཡོང་ཉེན་ཡོད་སྟབས། ༸གོང་ས་མཆོག་གི་མཛད་འཕྲིན་ཉུང་འཕྲི་དང་འབྲེལ་བའི་རྒྱུ་མཚན་གསུངས་ཡིན་སྐོར་གསུངས་གནང་སོང་། བཀའ་ཤག་ནས་ཁྱད་མཁས་སྨན་པས་སློབ་སྟོན་རིམ་འབུལ་ཞུས་པ་དང། ཐུགས་དམ་བརྟག་པ་ལན་མང་མཛད་པ། དེ་བཞིན་༸གོང་ས་མཆོག་སྐུ་ངོ་མ་ནས་མང་ཚོགས་ལ་བཀའ་སློབ་ཇི་བསྩལ་སོགས་ལས་དེ་མིན་རྒྱུ་མཚན་འགྲེལ་བརྗོད་ཞུ་རྒྱུ་གང་ཡང་མེད་པ་གསུངས་གནང་སོང་། འོན་ཀྱང་གསར་འགོད་པས་བཀའ་ཤག་གི་གསལ་བཤད་གྲུབ་མ་ཐག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་གནད་དོན་འདིའི་སྐོར་བཅར་འདྲི་སྐབས། དུས་དབང་ཕྱིར་འགྱངས་དང་འབྲེལ་བའི་ཐོག་ལ་ཁོང་གིས་སྐྱག་རྫུན་གང་ཡང་བཤད་མེད་ལ་བདེན་པ་མིན་པའི་གནས་ཚུལ་གང་ཡང་ཞུས་མེད་ཅེས་དང་། སྲིང་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནད་དོན་དེའི་བརྒྱུད་རིམ་ཆ་ཚང་ཞིག་ཚོགས་གཙོ་མཆོག་ལ་གསལ་བཤད་གནང་མེད་པ་གསུངས་ཀྱིས་འདུག གཞན་ཡང་བཀའ་ཤག་གི་གསལ་བཤད་དེའི་ནང་གི་དོན་ཚན་གཉིས་པ་ནི། སྐུ་ཚབ་དོན་གཅོད་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་ཕྱིར་བསྡུ་ཞུ་ཕྱོགས་དང་འབྲེལ་བ་ཆགས་ཀྱི་འདུག རྩ་བའི་༸གོང་ས་མཆོག་ནས་ ༢༠༡༡ ལོར་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་གསོལ་བསྩལ་གནང་རྗེས། དོན་གཅོད་ཁག་ཏུ་༸གང་ཉིད་ཀྱི་མཚན་གནས་གནས་སྐབས་རིང་གནང་རྒྱུའི་གནས་སྟངས་ཆགས་ཡོད་པ་དེ་ལྟར་ཡང། ཉེ་བའི་ཆར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྐུ་ཚབ་དོན་གཅོད་ཁག་ནས་༸གོང་ས་མཆོག་གི་མཚན་གནས་ཕྱིར་བསྡུ་གནང་རྒྱུ་མ་ཟད། ༸གོང་ས་མཆོག་གི་ཆིབས་སྒྱུར་དང་འབྲེལ་བའི་ལས་དོན་ཆེད་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཆེད་བཙུགས་བྱེད་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞིན་ཡོད་པ་རེད། དེ་རིང་བཀའ་ཤག་གི་གསལ་བཤད་འདིའི་ནང་སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རང་ཉིད་དང་འབྲེལ་བའི་དགོས་དོན་ཞིག་གི་ཆེད་དུ་གལ་འགངས་ལྷག་པར་ཆེ་བའི་གནད་དོན་ཞིག་དང་འབྲེལ་བའི་གནས་ཚུལ་ཐོག་འགྲེལ་བརྗོད་ལོག་པ་གནང་ཡོད་པ་ནི། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཡིན་པར་སྐྱོན་བརྗོད་ཀྱང་གནང་འདུག གནད་དོན་འདིའི་སྐོར་ཚོགས་གཙོ་མཆོག་ལ་བཀའ་འདྲི་ཞུས་པ་གཤམ་གྱི་སྒྲ་མཛོད་ལ་གསན་པར་ཞུ།

རེག་དུག་ནད་གཞིའི་སྔོན་འགོག་སླད་བོད་སྐད་ཐོག་འགུལ་གཟུགས་གློག་བརྙན་གསར་བཟོ་གནང་པ།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཉེན་ཚབས་ཆེ་བའི་གཉན་ནད་རེག་དུག་ནད་གཞིའི་སྔོན་འགོག་གནང་སྟངས་དང་འབྲེལ་བའི་བོད་སྐད་ཐོག་སློབ་གསོའི་འགུལ་གཟུགས་གློག་བརྙན་ཞིག་དབུ་འབྱེད་གནང་སོང། དེ་ཡང་སྔ་དྲོ་ཚོུད་ ༡༡།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ཟླ་ཤས་གོང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ ཨ་རིར་རྟེན་གཞི་བྱས་པའི་ Stand ford University གཙུག་ལག་སློབ་ཁང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ Teach AIDS གཉན་ནད་སློབ་གསོ་ཚོགས་པ་གཉིས་ཟུང་སྦྲེལ་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་འཚམ་པའི་གཉན་ནད་རིག་དུག་སློབ་གསོའི་འགུལ་གཟུགས་གློག་བརྙན་གསར་སྐྲུན་ཞུས་པ་དེ་དབུ་འབྱེད་གནང་པ་དང་ཆབས་ཅིག བཀའ་སློན་མཆོག་གིས་གཉན་ནད་རེག་དུག་ནད་གཞི་དེར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་གདོང་ལེན་གནང་བཞིན་ཡོད་པ་ལྟར། ང་ཚོ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་ནད་གཞི་དེ་ཉིན་རེ་བཞིན་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པའི་དངོས་ཀྱི་གནས་སྟངས་ཁག་ངོ་སྤྲོད་གནང་པ་མ་ཟད། ལྷག་དོན་ང་ཚོ་བོད་མིའི་སྤྱི་ཚོགས་ཁྲོད་ནས་ནད་གཞིའི་སྐོར་ལ་གོ་རྟོག་རྒྱ་གང་ཆེ་སྤེལ་ཐབས་སུ་ད་ལན་གོ་རྟོགས་ཀྱི་སློབ་གསོའི་འགུལ་གཟུགས་གློག་བརྙན་དེ་གསར་སྐྲུན་གནང་ཡིན་སྐོར་གསུངས་ཡོད། ད་དུང་ཁོང་གིས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྙན་ཐོའི་ནང་བོད་མིའི་གཞིས་ཁག་ ༡༩ ནས་བོད་མི་ ༦༠ ཙམ་ལ་ནད་གཞི་དེ་ཕོག་ཡོད་པ་མ་ཟད། དེའི་རྐྱེན་པས་མི་དམངས་ཕན་ཚུལ་དབར་དབྱེ་འབྱེད་དང་མཐོང་ཆུང་རིགས་མི་ཡོང་གི་ཡོད་པ་དེ་དག་མི་ཡོང་བའི་སླད་དུ་གོ་རྟོགས་སྤེལ་མུས་ཡིན་སྐོར་གསུངས་སོང་། དབུས་བོད་ཀྱི་སྨན་རྩིས་ཁང་ནས་བཟོ་བསྐྲུན་བྱས་པའི་བོད་སྨན་དེས་ནད་འབུ་རྩ་མེད་དུ་གཏང་མ་ཐུབ་ཀྱང་། ནད་པའི་གཟུགས་སྟོབས་གསོ་རྒྱུར་དགེ་མཚན་ཆེན་པོ་བྱུང་ངེས་ཡིན་པ་གསུངས་པ་དང་སྦྲགས། གཞིས་ལུས་རྒྱ་ཆེ་བོད་མི་རྣམས་ལ་ཐུགས་ཕན་གསོ་ཐབས་སུ་ད་ལན་གྱི་འགུལ་གཟུགས་གློག་བརྙན་དེ་རྐང་དྲ་རྒྱའི་བརྒྱུད་ཁྱབ་སྤེལ་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད། གཞི་རྩའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གཉན་ནད་རེག་དུག་སྔོན་འགོག་བྱ་ཐབས་དང་འབྲེལ་བའི་སློབ་གསོའི་འགུལ་གཟུགས་གློག་བརྙན་དེ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་དྲ་བརྙན་གླེང་སྟེགས་བརྒྱུད་ལོ་གསར་གྱི་ཚེས་ ༡ ནས་དངོས་སུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག

རེས་གཟའ་ཕུར་བུ། ༢༠༡༦།༠༢།༠༤

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་ནས་ཁམས་བྲག་མགོ་རུ་༸གོང་ས་མཆོག་གི་༸སྐུ་པར་ལ་དམ་དྲག་བྱེད་བཞིན་པ་ངོས་ལེན། སྲིད་སྐྱོང་མཆོག་གིས་ Bush ལྟེ་གནས་ཁང་དུ་གཏམ་བཤད་གནང་རྒྱུ། ཐེངས་འདིའི་འོས་བསྡུའི་ཁྲོད་རང་བཙན་རྩོད་མཁན་གྱི་ལམ་ཁ་བཀག་ཡོད་པ་གསུངས་སོང་། ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། བཀའ་བརྒྱུད་འོས་མི་བསྟན་པ་ཡར་འཕེལ་དང་། བསོད་ནམས་དགྲ་འདུལ། Thursday 04/02/2016 Chinese authorities confirm ban on Dalai Lama Photo in Draggo Sikyong to speak at George W. Bush Presidential Center in Dallas, USA Dropout Sikyong candidate slams EC for shutting out Rangzen supporters My MP: Kagyue candidate Tenpa Yarphel and Sonam Damdul

བསོད་ནམས་དགྲ་འདུལ།

བསོད་ནམས་དགྲ་འདུལ། ཕབ་ལེན།

བསྟན་པ་ཡར་འཕེལ།

བསྟན་པ་ཡར་འཕེལ། ཕབ་ལེན།

བྲག་འགོ་ནང་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པའི་དམ་དྲག་བྱེད་པ་རྒྱ་གཞུང་གིས་ངོས་ལེན་བྱས་འདུག

ཉེ་སྔོན་ཁམས་དཀར་མཛེས་བྲག་འགོ་རྫོང་གི་བོད་མིའི་ཚོང་ཁང་ཁག་ལ་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། ལྷག་དོན་༸སྐུ་པར་ཡོངས་རྫོགས་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ལ་རྩིས་སྤྲོད་བྱ་དགོས་པའི་བཙན་བཀའ་བཏང་པ་རྒྱ་གཞུང་གིས་ངོས་ལེན་བྱས་འདུག དེ་ཡང་ཁ་སང་ཟླ་ ༢ ཚེས་ ༣ ཉིན་ Global Times བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་འཁོོད་དོན། རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་ས་གནས་སྲིད་གཞུང་གི་དྲིལ་བསྒྲགས་ཚན་པའི་མགོ་གཙོ་ Gou Yadong ཟེར་བ་དེས་ཟླ་སྔོན་མའི་ཚེས་ ༤ ཉིན་རྒྱ་གཞུང་གིས་བོད་ཁམས་དཀར་མཛེས་བྲག་འགོར་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པའི་བརྡ་ཐོ་ཞིག་བཏང་ཡིན་པ་ངོས་ལེན་བྱས་འདུག་པ་དང། དེའང་ལོ་ལྟར་སྤྱི་གསར་དུས་ཆེན་གྱི་སྔ་རོལ་དུ་རྒྱལ་ཁབ་ཁ་བྲལ་གྱི་དབུ་ཁྲིད་༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ནི་ཁྲིམས་འགལ་གྱི་པར་དང་། དེ་བཞིན་དཔེ་དེབ་ཁག་ཅིག་ཀྱང་བཀག་སྡོམ་བྱ་རྒྱུའི་ལས་འགུལ་སྤེན་བཞིན་ཡོད་པའི་ཆ་ཤས་ཤིག་ཡིན་སྐོར་བཤད་པ་མ་ཟད། ལྷག་དོན་བོད་མི་མང་ཚོགས་ཚོའི་ངོས་ནས་རྒྱ་ནག་གི་འགོ་ཁྲིད་རིམ་པའི་འདྲ་པར་ཁག་སྒྲིག་གཤོམ་བྱེད་ན་དེར་བཀག་སྡོམ་གང་ཡང་མེད་པ་བརྗོད་འདུག ད་དུང་ Gou Yadong ཡིས་ལས་འགུལ་དེ་ཡང་བྲག་མགོ་རྫོང་རིག་གནས་ཡུལ་སྐོར་ལས་ཁུངས་དང་། བྲག་མགོ་རྫོང་སྤྱི་བདེ་ལས་ཁུངས། དེ་བཞིན་རྫོང་མི་རིགས་ཆོས་དོན་ལས་ཁུངས་བཅས་ཀྱིས་སྟངས་འཛིན་འོག་སྤེལ་མུས་ཡིན་པ་བཤད་ཡོད་པ་རེད། དེ་མཚུངས་སུ་ Tibet.cn བརྒྱུད་ལམ་གྱིས་འདི་ལོར་རྒྱ་གཞུང་གིས་མང་ཚོགས་ཚོར་བོད་རང་སྐྱོང་ལྗོངས་ཟེར་བ་དེ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན། གཞུང་གི་ལས་ཁུངས་དང་དགོན་སྡེ་སོགས་ཚོགས་སྐྱིད་ཁག་ལ་རྒྱ་ནག་གི་འགོ་ཁྲིད་སྔ་རྗེས་ལྔའི་པར་རྔན་པའི་ཚུལ་དུ་སྤྲད་ཡོད་པ་མངོན་གསལ་བྱས་འདུག གཞི་རྩའི་ཟླ་སྔོན་མའི་ཚེས་ ༤ ཉིན་རྒྱ་གཞུང་གིས་བོད་ཁམས་དཀར་མཛེས་བྲག་འགོ་རྫོང་གི་བོད་མིའི་ཚོང་ཁང་ཁག་ལ་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། ལྷག་དོན་༸སྐུ་པར་ཡོངས་རྫོགས་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ལ་སྤྲོད་དགོས་པ་དང་རང་འགུལ་གྱིས་རྩིས་སྤྲོད་མ་བྱེད་ཚེ། ཐབས་ཤེས་དྲག་པོ་སྤྱད་ནས་རྩིས་ལེན་བྱེད་རྒྱུ་མ་ཟད། དོ་བདག་ལ་ཁྲིམས་ཆད་ནན་པོ་གཏང་རྒྱུ་ཡིནཞེས་བཀའ་རྒྱའི་བརྡ་ཐོ་ཞིག་བཏང་ཡོད་པ་རེད།

Latest news