Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2016

༢༠༡༦ ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་བསྟན་འཛིན་སངས་ཉི་ལགས་ཐོབ་པ།

ཁ་སང་ཟླ་ ༦ ཚེས་ ༥ ཉིན་གྱི་དགོང་མོ་ཚོུད་ ༧ ཐོག་བོད་ཀྱི་མཛངས་མ་གོ་སྒྲིག་པ་བློ་བཟངག་དབང་རྒྱལ་གྱིས་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་རྩེད་ཐང་དུ་ ༢༠༡༦ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུ་ཐེངས་ ༡༣ གནང་པའི་ཁྲོད་མ་ན་ལི་ནས་ཡིན་པའི་བསྟན་འཛིན་སངས་ཉི་ལགས་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་ཐོབ་ཡོད་པ་རེད། བསྟན་འཛིན་སངས་ཉི་ལགས་ད་ལྟ་རང་ལོ་ ༢༡ ཡིན་པ་དང་ཁོང་ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་Jamia Hamdard མཐོ་སློབ་ཏུ་སྨན་ཞབས་པའི་སློབ་སྦྱོང་གནང་མུས་རེད་འདུག རྩ་བའི་འདི་ལོའི་མཛངས་མའི་འགྲན་བསྡུར་ནང་བོུ་བཞི་ཡོད་པ་ལྟར། ཁ་སང་ཕྱི་དྲོ་དངོས་གཞི་འགྲན་བསྡུར་སྐབས་དྲི་བ་དྲི་ལན་དང། ངོ་སྤྲོད་ལེ་ཚན། དེ་བཞིན་ཆས་གོས་དང་གོམ་སྟབས་སོགས་ཀྱི་འགྲན་བསྡུར་གྲུབ་རྗེས་བྱ་དགའ་ཨང་དང་པོ་སོན་མཁན་བསྟན་འཛིན་སངས་ཉི་ལགས་ལ་ཧིན་སྒོར་འབུམ་གཅིག་བྱ་དགའ་གནང་པ་དང་དུས་མཚུངས། སྔ་ལོ་༢༠༡༥ལོའི་མཛངས་མའི་དབུ་རྒྱན་ཐོབ་མཁན་པདྨ་ཆོས་སྒྲོན་ལགས་ནས་བསྟན་འཛིན་སངས་ཉི་ལགས་ལ་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་སྒྲོན་གནང་སོང། དེ་བཞིན་ཨང་གཉིས་པ་ཨ་རི་ནས་ཡིན་པའི་བསྟན་འཛིན་ཟླ་བ་ལགས་ལ་ཐོབ་སྟེ་ཧིན་སྒོར་སྟོང་ཕྲག་ ༥༠ གནང་སོང་བ་དང། ཨང་གསུམ་པ་སྦེལ་ཀོབ་གཞིས་ཆགས་ནས་ཡིན་པའི་བསྟན་འཛིན་བདེ་སྐྱིད་ལགས་ལ་ཧིན་སྒོར་སྟོང་ཕྲག་ ༢༥བཅས་གནང་ཡོད་པ་རེད། ལས་རིམ་དེའི་སྦྱིན་བདག་བློ་བཟང་དབང་རྒྱལ་ལགས་ནས་ཁ་སང་ཕྱི་དྲོ་མང་ཚོགས་སྟོང་ཁ་ཤས་འདུ་འཛོམས་བྱེད་པའི་སྟེང་། ཁོང་གིས་ ༢༠༠༢ ནས་འགོ་འཛུགས་གནང་པའི་བོད་ཀྱི་མཛངས་མ་འགྲན་བསྡུར་དེའི་གལ་གནད་སྐོར་དང་འབྲེལ། སྡིངས་ཆ་འདི་ནི་ཆུང་ཆུང་ཞིག་ཏུ་ཆགས་ཡོད་ནའང། གོ་སྐབས་འདིའི་ཐོག་ནས་བོད་པའི་བོུ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབས་ཐུབ་ཡོད་པ་མ་ཟད། དེ་བཞིན་སྡིངས་ཆ་འདིས་རྒྱ་ནག་གཞུང་ལ་ནག་ཟུག་དང་རྒྱལ་ཁབ་ལ་གནོན་ཤུགས་སྤྲོད་པས་གནས་ཚུལ་ཡང་བྱུང་གི་ཡོད་པ་གསུས་གནང་སོང། བསྟན་འཛིན་སངས་ཉི་ལགས་ནས་དགའ་ཚོར་ཆེན་པོ་དང་བཅས་ཁ་སང་ཕྱི་ནང་གི་གསར་འགོད་པ་རྣམས་ལ་བོད་ཀྱི་མཛངས་མའི་མཚན་གནས་འདིས་བོད་པའི་བེུད་གཞན་ལ་སེམས་བསྐུལ་དང། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་བོད་ཀྱི་གནད་དོན་དྲིལ་བསྒྲགས་གང་ཐུབ་གནང་རྒྱུ་ཡིན་གསུངས་ཀྱི་འདུག

བཞུགས་སྒར་དུ་པར་རིས་འགྲེམས་སྟོན་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་སྟེ་གོ་ལའི་ཁོར་ཡུག་གི་གནོད་འཚེ་སྐོར་ལ་གོ་རྟོགས་སྤེལ་སླད་ལོ་ལྟར་ཕྱི་ཟླ་ ༦ པའི་ཚེས་ ༥ ཉིན་འཛམ་གླིང་ཁོར་ཡུག་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་བོད་མི་རྣམས་ནས་བོད་མཐོ་སྒང་གི་སྟོང་ལ་ཉེ་བའི་རི་དྭགས་ཀྱི་པར་རིས་འགྲེམས་སྟོན་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཏེ་ཉིན་མོ་དེ་སྲུང་བརྩི་ཞུས་སོང་། དེ་ཡང་རྒྱལ་ཚོགས་ཀྱི་ངོས་ནས་ལོ་ལྟར་ཁོར་ཡུག་དང་འབྲེལ་བའི་གནད་དོན་རེ་རེའི་ཐོག་དམིགས་བསལ་གྱི་བརྗོད་གཞིན་གཏན་འབེབས་གནང་དོན་བཞིན་ འདི་ལོའི་བརྗོད་གཞི་འཛམ་གླིང་ཐོག་གི་རི་དྭགས་སེམས་ཅན་རྣམས་ཀྱི་སྲུང་སྐྱོབ་དང་འབྲེལ། རི་དྭགས་ཀྱི་ལྤགས་རིགས་དང་དངོས་རྫས་ཚོང་འགྲེམ་བྱེད་མཁན་ཚོར་གདོང་ལེན་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པའི་བརྗོད་གཞི་གཏན་འབེབས་བྱུང་ཡོད་པ་རེད། ཁ་སང་ཚེས་ ༥ ཉིན་དྷ་ས་ས་གནས་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ངོས་ནས་བཞུགས་སྒར་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འབདས་སུ་སྔ་དྲོར་ བོད་ཀྱི་ཆེས་སྟོང་ལ་ཉེ་བའི་རི་དྭགས་སེམས་ཅན་རྣམས་ཀྱི་པར་རིས་འགྲེམས་སྟོན་གནང་པའི་བརྒྱུད་དྷ་སར་གཉུག་མར་གནས་པའི་ས་གནས་བོད་མི་དང་རྒྱ་གར་ཡུལ་མི་གཙོས་ཕྱི་རྒྱལ་བ་དང་རྒྱ་གར་སྤྲོ་འཆམ་པ་རྣམས་ལ་བོད་ཀྱི་ཁོར་ཡུག་དེའི་གལ་གནད་དང་འབྲེལ་གོ་རྟོགས་རྒྱ་མི་ཆུང་བ་ཞིག་སྤེལ་གནང་སོང་། ཡང་དེ་དང་ཕྱོགས་མཚུངས་ཁ་སང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་པོན་ཊ་ས་གནས་སུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་སྒར་གྱི་ས་གནས་བེུད་ཚོགས་པ་དང་གཞོན་ནུ་ལྷན་ཚོགས་གཉིས་མཉམ་འབྲེལ་ཐོག Throw Ball འམ་ལག་གཡུག་སྤོ་ལོ་དང་ Volley Ball འམ་ལག་སྤོལ་གྱི་རྩེད་འགྲན་གོ་སྒྲིག་ཞུས་པའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུག ཨིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པས་ཀྱང་བོད་མཐོ་སྒང་གི་གཙང་ཆུ་སྲུང་སྐྱོབ་ཆེད། ཁུལ་དེའི་ཚོང་ལས་སྡེ་ཚན་ཁག་ལ་བོད་མཐོ་སྒང་ཐོག་ཤེལ་དམ་ནང་དུ་འཐུང་ཆུ་ཚོང་འགྲེམ་བྱེད་མཁན་རྒྱ་ནག་གི་ཚོང་ལས་སྡེ་ཚན་ Tibet Spring 5100 ཞེས་པ་དེ་དང་ལྷན་དུ་ཚོང་འབྲེལ་བྱེད་རྒྱུ་མེད་པའི་ལས་འགུལ་དང་སྦྲགས་ནས་འཛམ་གླིང་གི་ཁོར་ཡུག་ཉིན་མོ་དེ་སྲུང་བརྩི་ཞུས་འདུག Free Tibet ཚོགས་པའི་ངེས་སྟོན་པ་ལྕམ་ Eleanor Byrne Rosengren ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མ་ཟད། བོད་ཀྱི་འཐུང་ཆུའི་ཐོག་ལ་ཐད་བྱུས་བྱས་པ་དེས་ཨེ་ཤེ་ཡའི་གླིང་ཆེན་ཐོག་གནས་པའི་མི་འབོར་ས་ཡ་མང་པོར་ཉེན་ཁ་འཕྲད་གཞིའི་གནད་དོན་གཙོ་ཆེ་ཞིག་ཆགས་ཡོད་སྐོར་གསུངས་འདུག རྩ་བའི་ Free Tibet ཚོགས་པའི་སྙན་ཐོ་དང་ Chinese Academy of Sciences ཞེས་པའི་རྒྱ་ནག་གི་ཉམས་ཞིབ་སྡེ་ཚན་ནས་གསུངས་པར་གཞིགས་ན། ད་ལྟའི་ཆར་བོད་མཐོ་སྒང་གི་འཁྱགས་རོམ་རྣམས་མགྱོགས་ཚད་མྱུར་པོའི་ཐོག་ཞུར་བཞིན་ཡོད་པ་དང། གནས་སྟངས་དེ་མུ་མཐུད་ལུས་ཚེ་ཕྱི་ལོ་ ༢༠༥༠ བར་བོད་མཐོ་སྒང་གི་འཁྱགས་རོམ་གསུམ་ཆ་གཉིས་རྩ་མེད་ཆགས་པའི་ཉེན་འཚབ་ཆེན་པོ་ཡོད་སྐོར་བཀོད་འདུག

རེས་གཟའ་ཉི་མ། ༢༠༡༦།༠༦།༠༥

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བེུད་ཅེས་པའི་དམིགས་བསལ་ལེ་ཚན། Yakoooh དྲ་ཐོག་ཚོང་ལས་པ་ཚེ་རིང་བདེ་སྐྱིད་ལགས་དང་ གླེང་མོལ། Sunday 05/06/2016 Women of Tibet: Yakoooh Founder Tsering Dekey

རེས་གཟའ་སྤེན་པ། ༢༠༡༦།༠༦།༠༤

ཉན་པ།: Listen ཕབ་ལེན། Download མང་ཚོགས་སྟོང་ཕྲག་བརྒལ་བས་ཨ་མཆོག་ནང་ཞི་རྒོལ་མུ་མཐུད་གནང་བཞིན་པ། བོད་མི་ཚོས་པེ་ཅིང་གི་དྲུག་བཞི་དོན་རྐྱེན་དྲན་གསོ་ཞུས་པ། སྐུ་ཞབས་ John Kerry མཆོག་ནས་རྒྱ་གཞུང་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པ་གསུངས་འདུག སྤྱི་འཐུས་གསར་པ་རྣམས་ལ་ཟབ་སྦྱོང་། ཁེ་ན་ཌའི་སྲིད་བློན་མཆོག་ནས་རྒྱ་གཞུང་གི་ཕྱི་སྲིད་བློན་ཆེན་གྱི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་བསྟན་འདུག དམིགས་བསལ་ལེ་ཚན། འཇམ་དཔལ་དབྱངས་ཀྱི་རྗེས་གནང་། Saturday 04/06/2016 Several arrested in Amchok, protests continue today Exile Tibetans mark Tiananmen massacre anniversary John Kerry urged to press China on rights and political prisoners TPiE holds workshop on CTA’spolicy and rules and regulation for First-time Parliamentarians Trudeau expresses displeasure over Chinese minister’s rebuke of Canadian journalist FEATURE: ‘Manjushri Empowerment’ by His Holiness the Dalai Lama

རེས་གཟའ་པ་སངས། ༢༠༡༦།༠༦།༠༣

ཉན་པ།: Listen ཕབ་ལེན། Download ཤར་གླིང་བསྟན་འཛིན་ཟླ་སྒྲོན་བཀའ་བློན་གྱི་འོས་ཆོས་མ་ཚང་རྐྱེན་ལས་གནས་ནས་ཕྱིར་འཐེན། སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོ་མཇུག་སྒྲིལ། ༸གོང་ས་མཆོག་གི་བོད་རིགས་གཞོན་སྐྱེས་ཚོར་ཆོས་འབྲེལ་ལེགས་སྒྲུབ་མཛད་པ། བོད་མིའི་སྐུ་ཚབ་ནས་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་མཉམ་བཞུགས་གནང་པ། ཨ་མཆོག་གྲོང་གྱི་བོད་མི་ཞི་རྒོལ་བར་འཇིགས་སྐུལ་བྱས་འདུག Friday 03/06/2016 Sikyong withdraws Dhardon Sharling’s Kalon nomination amidst minimum age limit row 1st Session of 16th TPiE concludes with a debate on electoral process Dalai Lama concludes 3 day teaching to Tibetan youth China threatens Tibetan anti mining protestors in Amchok with heavy display of force Tibetan activists participate in UN working committee meeting

སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དང་པོ་མཇུག་སྒྲིལ་གནང་འདུག

དེ་རིང་ཟླ་ ༦ ཚེས་ ༣ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་པོ་མཇུག་སྒྲིལ་གནང་ཡོད་པ་དང་།  སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་འདིའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་འཚོར་ཤུགས་ཆེན་པོ་དང་བཅས་བོད་མིའི་ནང་ཁུལ་མཐུན་སྒྲིལ་དང་བཟང་སྤྱོད་ཡར་རྒྱས། དེ་བཞིན་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་དང་ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་ཀྱི་བཀའ་མོལ་བྱུང་ཡོད་སྟབས། གནས་དོན་དེ་དག་དང་སྒོས་སུ་བོད་མིའི་རང་དབང་སླར་གསོའི་ཐད་ཉིན་མ་དེ་རིང་ནས་གྲོས་ཚོགས་འཐུས་མི་རྣམ་པ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ལས་དོན་གྲུབ་གལ་ཡིན་པ་གསུངས་སོང་། རྩ་བའི་འདས་པའི་ཉིན་གྲངས་གསུམ་ནས་འདི་ག་བཞུགས་སྒར་དུ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དེ་ཚོགས་ཡོད་པ་ལྟར། དེ་རིང་ལས་ཉིན་མཐའ་མ་འདིའི་ཉིན་འཁྱོངས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་དུས་ཚོད་བཏང་གནང་སྟེ་གྲོས་ཚོགས་འཐུས་མི་རྣམས་ནས་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དེ་ནི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདོན་གནང་མཛད་ཡོད་པ་དང། གྲོས་ཆོད་དེ་ནི་རྐང་སྔོན་གླེང་ནང་ཇི་གསལ། འདས་མ་ཐག་པའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་སྐབས་བོད་མི་ནང་ཁུལ་གྱི་མཐུན་ལམ་དང་ཆིག་སྒྲིལ་ལ་གནོད་གཞི་དང་། བོད་མིའི་ཡ་རབས་བཟང་སྤྱོད་དང་ཡོངས་སུ་འགལ་གནད་དོན་རྐྱེན་༸གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་དང་། དེ་བཞིན་འོས་བསྡུའི་ལས་རིམ་གྱི་དུས་ཡུན་འགོར་ཚད་ཐུང་དུ་གཏང་ཐབས་སོགས་དང་འབྲེལ་བའི་ཐོག་ལ་ཚོགས་ཆུང་ཟུར་འཛུགས་དགོས་པ་མ་ཟད། གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ལ་སྒྲིག་གཞི་བསྐྱར་བཅོས་ཀྱི་འཆར་ཟིན་བསྣམས་ཕེབས་དགོས་པ་གསུངས་ཡོད་པ་རེད། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་འཆར་དེ་རིང་སྤྱི་མོས་ཐོག་ནས་གཏན་འབེབས་བྱུང་ཡོད་ནའང། བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས་ཁྲིམས་འཆར་གྲ་སྒྲིག་གི་དུས་ཚོད་ཐུང་དྲགས་པ་དང་ཞིབ་འཇུག་མཐིལ་ཕྱིན་ཡོང་ཐབས་མེད་པ། དེ་བཞིན་ཚོགས་ཆུང་གི་མི་འགྲོའི་ཡོང་ཁུངས་དང་བསམ་ཚུལ་བསྡུ་ཕྱོགས་སོགས་ཀྱི་ཐད་ལ་དགོངས་ཚུལ་ལྷུག་སྤུངས་ཡོད་པ་རེད། གཞན་ཡང་གཞུང་འབྲེལ་ཁྲིམས་འཆར་དེ་དང་འབྲེལ་བའི་ཐོག་ལ་བགྲོ་གླེང་གནང་པའི་ཁྲོད། སྤྱི་འཐུས་ཁག་ཅིག་གི་འདས་མ་ཐག་པའི་འོས་བསྡུའི་ལས་རིམ་དེ་ལས་བོད་མིའི་སྤྱི་ཚོགས་ནང་དཀའ་ངལ་གཞི་སྐོར་དང་འབྲེལ། ཐུགས་ས་གཙོ་བོ་དེ་སྒྲིག་གཞི་རང་ལ་མ་གཏོགས་བཟང་སྤྱོད་དང་འབྲེལ་བ་མེད་པ་དང། འོས་བསྡུའི་འགན་འཛིན་ནས་སྐུ་དབང་བེད་སྤྱོད་ལོག་པ་བཏང་བ། ཁྲིམས་ཀྱི་དབང་སྒྱུར་འོག་སོང་མེད་རྐྱེན་ཡིན་པ་སོགས་གསུངས་མཁན་ཡང་བྱུང་ཡོད་པ་རེད། བགྲོ་གླེང་སྐབས་སུ་སྤྱི་འཐུས་རྣམ་པས་དགོངས་ཚུལ་དེ་ལྟར་སྤུངས་གནང་ཡོད་ནའང། དེ་དོན་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་གསལ་བཤད་ནང་འོས་བསྡུའི་འགན་འཛིན་ནས་དེ་ལྟར་གནང་པ་ཁུངས་བསྐྱེལ་ཡོད་ཚེ་ཁྲིམས་མཐུན་ལམ་ག་ཡོད་པ་གསུངས་ཡོད་པ་རེད། གྲོས་ཚོགས་ཉིན་འཁྱོངས་རིང་འོས་བསྡུའི་སྒྲིག་གཞི་བསྐྱར་གྱི་ཁྲིམས་འཆར་དེའི་གལ་ཆེ་དོན་ཆེན་དུ་རྩིས་ནས་བགྲོ་གླེང་ཞིན་ལྷུག་གནང་ཡོད་པ་ལྟར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ཁྲིམས་འཆར་དེ་བསྣམས་ཕེབས་དགོས་དོན་གཙོ་བོ་ནི། འབྱུང་གྱུར་འོས་བསྡུའི་ལས་རིམ་ཐོག་ནས་༸གོང་ས་མཆོག་ཐུགས་ཕམ་མི་ཡོང་བ་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་ལ་དོ་ཕོག་མི་ཡོང་བའི་སླད་འདི་ནི་ཧ་ཅང་གི་གལ་གནད་ཆགས་ཡོད་པ་གསུངས་ཡོད། དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་པའི་སྐབས་སུའང་ཁྲིམས་འཆར་དེའི་དགོས་གལ་སྐོར་དང་། ཚོགས་དུས་འདིའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་འཚོར་ཤུགས་ཆེན་པོ་དང་བཅས་ཆོལ་གསུམ་ཆིག་སྒྲིལ་དང་ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་ཀྱི་བཀའ་མོལ་བྱུང་ཡོད་སྟབས། གནས་དོན་དེ་དག་དང་སྒོས་སུ་བོད་མིའི་རང་དབང་སླར་གསོའི་ཐད་ཉིན་མ་དེ་རིང་ནས་གྲོས་ཚོགས་འཐུས་མི་རྣམ་པ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་ལས་དོན་འགྲུབ་གལ་དང་སྒོས་སུ་འཛིན་སྐྱོང་ནས་བོད་རྒྱ་འབྲེལ་མོལ་ཐད་ལ་འབད་བརྩོན་གང་ཐུབ་གནང་གལ་ཡིན་པ་གསུངས་གནང་སོང་། གཞི་རྩའི་ད་རེས་གྲོས་ཚོགས་ཚོགས་དུས་དང་པོ་དེའི་ཐོག་ནས་གཞིས་བོད་མི་རང་ལུས་མ་སྲེག་གནང་མཁན་གཙོས་པའི་ད་བར་བོད་མི་བློས་བཏང་ཡོངས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལའང་སྤྱི་མོས་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད། གཞན་ཡང་གསར་དུ་བདམས་ཐོན་བྱུང་བའི་བཀའ་ཤག་སྐབས་༡༥པའི་བཀའ་བློན་རྣམ་པས་ལས་འཁུར་དམ་འབུལ་བཅས་བཞེས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཆོས་འབྲེལ་ལེགས་གྲུབ་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་སློབ་ཕྲུག་གཙོས་པའི་རྒྱལ་ཁབ་དྲུག་གི་སློབ་ཕྲུག་དང་། ཕྱི་ནང་དད་ལྡན་ཆོས་ཞུ་བ། དེ་བཞིན་རྡ་སར་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་གལ་ཡིན་པ་བཀའ་བསྩལ་དང་སྦྲགས་ཏེ་ཉིན་གྲངས་གསུམ་གྱི་ཆོས་འབྲེལ་རེ་ཞིག་མཇུག་སྒྲིལ་གནང་སོང་། མགོན་པོ་༸གང་ཉིད་མཆོག་ནས་ཟླ་འདིའི་ཕྱི་ཚེས་ ༡ ནས་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་གསུམ་རིང་ཆེད་དུ་འདུལ་བྱ་བོད་པའི་སློབ་ཕྲུག་དང་རྒྱལ་ཁབ་དྲུག་གི་སློབ་ཕྲུག་གཙོས་ཕྱི་ནང་གི་ཆོས་ཞུ་བ་སྟོང་ཕྲག་བརྒལ་བར་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་གི་ཆོས་འབྲེལ་རེ་ཞིག་མཇུག་སྒྲིལ་གནང་བ་དང་། དེ་རིང་ཆོས་འབྲེལ་གྱི་ཉིན་མཐའ་མའི་ཐོག་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་ངོ་སྤྲོད་མཛད་པ་དང། དེ་བཞིན་གང་བློ་མའི་ལྗགས་ལུང་དང་འཇམ་དཔལ་དབྱངས་ཀྱི་རྗེས་སྣང་མཛད་ཡོད་པ་རེད། དེ་རྗེས་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་ཐེངས་བཅུ་པ་རེ་ཞིག་ལེགས་གྲུབ་དང་བསྟུན། རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཟུང་འབྲེལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་གཏང་རག་མཎྜལ་འདེགས་འབུལ་ཞུས་ཡོད་པ་རེད། རྩ་བའི་ཐེངས་འདིའི་ཆོས་འབྲེལ་ཐོག་བོད་ཁྱིམ་ཀྱི་སློབ་གྲྭ་ཁག་ལྔ་དང་རྒྱ་གར་ནང་གི་མཐོ་སློབ་ ༤༢ ཙམ་དང། རྒྱལ་ཁབ་མི་འདྲ་བ་ཁག་དྲུག་ཙམ་གྱི་སློབ་ཕྲུག་གཙོ་བོར་གྱུར་པའི་ཆོས་ཞུ་བ་མཁྱོན་མི་གྲངས་ ༨༠༠༠ ལྷག་གིས་མཉམ་ཞུགས་གནང་ཡོད་པ་རེད། རྩ་བའི་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༧ ནས་དབུ་བཙུགས་ཀྱིས་ལོ་ལྟར་དབྱར་དུས་སུ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་སློབ་ཕྲུག་རྣམས་ལ་ཉིན་གྲངས་གསུམ་རིང་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་མཛད་ཀྱི་ཡོད་པ་ལྟར། ད་ལན་མགོན་པོ་མཆོག་གིས་སློབ་ཕྲུག་དང་མང་ཚོགས་རྣམས་འདུ་འཛོམས་ཐུབ་རྒྱུར་ལས་སླ་བ་ཡོང་ཆེད་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བསྐྱངས་ཡོད་པ་རེད།  

ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཀའ་བློན་ཀྱི་འོས་ཆོས་མ་ཚང་པས་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་གནང་སོང་།

ཁ་སང་ཚེས་ ༢ ཉིན་ཕྱི་དྲིལ་བཀའ་བློན་དུ་བསྐོ་བཞག་གནང་པའི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག བཀའ་བློན་གྱི་འོས་ཆོས་མ་ཚང་སྟབས། དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་གནང་སོང་། རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་ཉིན་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པའི་མཚན་གཞུང་གསལ་བསྒྲགས་དང་སྦྲགས་ཚང་མར་མང་མོས་ཀྱི་འདེམས་ཐོན་བྱུང་བ་མ་ཟད། ལས་ཁུར་དང་གསང་རྒྱའི་དམ་འབུལ་ཡང་ཞུས་ཡོད་པ་རེད། ལྷག་པར་དུ་འདེམས་ཐོན་བྱུང་བའི་བཀའ་བློན་བདུན་གྱི་ཁོངས་ནས། ཕྱི་དྲིལ་བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ནི། ད་བར་འདེབས་ཐོན་བྱུང་བའི་བཀའ་བློན་ལོ་ན་ཆུང་ཤོས་དེ་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་བཙན་བྱོལ་བོད་མིའ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ནང་གསལ་ལྟར་ན། བཀའ་བློན་ལ་ཚང་དགོས་པའི་འོས་ཆོས་དགུ་ཡོད་པའི་ནང་ནས། བཀའ་བློན་གྱི་འོས་མི་སུ་འདྲ་ཞིག་ཡིན་རུང་རང་ལོ་ ༣༥ ཧྲིལ་པོ་ལོན་པ་དགོས་ཀྱི་ཡོད་པ་ལྟར།  སྐབས་དེར་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བཀའ་བློན་དུ་འདེབས་ཐོན་བྱུང་བའི་རྗེས། བོད་མིའི་སྤྱི་ཚོགས་ཁྲོད་ཁོང་གི་སྐྱེས་ལོ་སྐྱེས་ཚེས་ཀྱི་ཆ་ནས་བཀའ་བློན་དུ་འོས་བབ་ཡིན་མིན་ཐད་གླེང་སློང་བྱུང་ཡོད་སྟབས། ཁ་སང་ཕྱི་དྲོ་འདི་ག་རླུང་འཕྲིན་ཁང་གཙོས་པའི་གསར་ཁང་ཁག་གི་གསར་འགོད་པ་འགས་འབྲེལ་ཡོད་དུ་བཀའ་འདྲི་ཞུ་བར་བཅར་སྐབས། ཟླ་སྒྲོན་ཤར་གླིང་ལགས་ཀྱིས་རང་དབང་བདེན་པའི་ལག་དེབ་ནང་དུ། སྐྱེ་ལོ་ ༡༩༨༡ ཟླ་ ༩ ཚེས་ ༢༣ འཁོད་པ་ཡོད་པ་བཅས། འདི་ལོའི་ཕྱི་ཟླ་ ༩ ནང་གཞི་ནས་དགུང་ལོ་ ༣༥ ཟིན་ཀྱི་ཡོད་པ་ཤེས་རྟོགས་བྱུང་སོང། སྐབས་དེར་འབྲེལ་ཡོད་བོད་མི་མང་སྤྱི་འཐུས་ཚོགས་སྦྲེལ་གཞོན། དེ་བཞིན་སྲིད་སྐྱོང་བཅས་སུ་གནད་དོན་དེའི་ཐོག་བཅར་འདྲི་ཞུ་བ་བཅར་བའི་སྐབས་སུ། ཁོང་རྣམ་པ་སུ་གང་གིས་ཀྱང་གནད་དོན་དེའི་ཐོག་གསུངས་ཡག་གང་ཡང་མེད་ཅེས་བཀའ་ལན་གནང་སོང་། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མ་སྟེ་ལས་ཉིན་གསུམ་པའི་སྔ་དྲོའི་ཚོགས་དུས་ཐོག་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ གནད་དོན་དེ་ནི་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གྲོས་ཚོགས་སུ་དབུ་སྐོར་ཞུས་པ་ཞིག་རྩ་བ་ནས་མིན་ཅེས་གསུངས་པ་དང་འབྲེལ། དགོངས་སེལ་ཞུས་ཞུས་པ་མ་ཟད། བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བཀའ་བློན་གྱི་ལས་གནས་ནས་ཕྱི་འཐེན་གནང་ཡོད་ཅེས་གསུངས་སོང། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་རེས་ཀྱི་བཀའ་བློན་ཕྱིར་འཐེན་བྱ་དགོས་པའི་གནད་དོན་དེ་ནི་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་མེད་པ་དང་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད། རྩ་བའི་དེ་རིང་སྔ་དྲོ་སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་གནད་དོན་དེའི་ཐོག་གྲོས་ཚོགས་སུ་གླེང་སློང་མ་གནང་པའི་གོང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་བཞིན་པའི་སྐབས་ཚོར་ཤུགས་ཆེན་པོས་གནད་དོན་དེར་གླེང་སློང་ཡང་གནང་ཡོད་པ་རེད། སྔ་དྲོའི་གྲོས་ཚོགས་སུ་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གསར་དུ་འདེབས་ཐོན་བྱུང་བ་ཕྱི་དྲིལ་བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་གནང་ཡོད་སྟབས། འདི་གའི་གསར་འགོད་པས་ཕྱིར་འཐེན་གནང་པའི་འདེབས་ཐོན་བཀའ་བློན་མཆོག་ལ་ཆེད་བཅར་གྱིས་བཅའ་འདྲི་ཞུས་པར་ཁོང་གིས་སྲིད་སྐྱོང་མཆོག་གིས་ཐག་གཅོད་གནང་པ་དེར་ཁས་ལེན་དང་གུས་བརྩི་ཞུ་ཡི་ཡོད་ཅེས་གསུངས་སོང་། ད་དུང་ཁོང་གིས་ད་ལན་གྱི་གནད་དོན་འདི་ནི་རང་ཉིད་ནས་འཐུས་ཕྱིན་པ་ཞིག་ལ་ངོས་འཛིན་ཞུས་རྒྱུ་ལས་ཤེས་བཞིན་དུ་སྣང་མེད་བཏང་བ་ཞིག་རྩ་བ་ཉིད་ནས་མིན་ཅེས་གསུངས་པ་དང་སྦྲགས། དེ་དོན་ལ་དགོངས་སེལ་ཞུས་གནང་ཡོད་པ་རེད།  

Latest news