Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2016

ཨ་མཆོག་གྲོང་བརྡལ་གྱི་སྤྱི་བེད་ལས་ཁུངས་ཀྱིས་བོད་མི་ཞི་རྒོལ་བར་བལྟ་སྲུང་ནན་པོས་འཇིགས་སྐུལ་བྱེད་བཞིན་འདུག

བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་རྣམས་ཀྱིས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ཞི་རྒོལ་བྱེད་བཞིན་པའི་ཁྲོད། ཁ་སང་ཨ་མཆོག་གྲོང་བརྡལ་གྱི་སྤྱི་བདེ་ལས་ཁུངས་ར་བར་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་གིས་མང་ཚོགས་རྣམས་ལ་འཇིགས་སྐུལ་བྱས་འདུག ཁ་སང་འདི་ག་རླུང་འཕྲིན་ཁང་ནས་ཨ་མཆོག་དུ་གཏེར་ཁ་སྔོག་འདོན་རྐྱེན་པས་ས་གནས་བོད་མི་བརྒྱ་སྐོར་བརྒལ་བ་འདུ་འཛོམས་ཀྱིས་ཨ་མཆོག་ཡུལ་ཚོའི་གཞུང་ལམ་ཐོག་གོང་སྔོན་བླ་རིའི་གཏེར་ཁ་སྔོག་འགོག་ཞེས་བོད་རྒྱ་ཡིག་རིགས་གཉིས་ཐོག་འཁོད་པའི་འཕྲེད་དར་འཕྱར་བཞིན་ཞི་རྒོལ་གྱི་འབོད་ཚིག་འདྲ་མིན་སྒྲོག་བཞིན་ཞི་བའི་རྔམ་སྟོན་གནང་པ་མ་ཟད། ལྷག་དོན་རིམ་པས་བོད་མི་དེ་དག་གིས་བསང་ཆུ་རྫོང་གི་སྤྱི་བདེ་ལས་ཁུངས་མདུན་དུ་བསྐྱོད་སྟེ་ཞི་རྒོལ་ཆེན་པོ་གནང་འདུག དེ་ཡང་ཁ་སང་ཕྱི་དྲོ་ས་གནས་བོད་མི་ཚོས་བསང་ཆུ་རྫོང་གི་ཉེན་རྟོག་ལས་ཁུངས་མདུན་དུ་ཞི་རྒོལ་གནང་སྐབས། རྒྱ་གཞུང་གིས་དམག་འདྲེན་རླངས་འཁོར་ཆེན་པོ་བཅུ་ལྷག་དང་དམིགས་བསལ་དྲག་ཆས་སྤྲས་པའི་ཉེན་རྟོག་པའི་རླངས་འཁོར་སྔོ་ནག་བཅུ་ལྷག་ས་གནས་དེར་མེ་མདའ་སོགས་བཟུང་ཏེ་མང་ཚོགས་ལ་འཇིགས་སྐུལ་གནོན་ཤུགས་སྤྲད་ཡོད་པ་རེད།   མང་ཚོགས་རྣམས་ཀྱིས་འཚེ་བ་མེད་པའི་ཐོག་རང་སྲུང་བཙན་པོ་བྱས་པ་ཙམ་ལས་དེ་མིན་དྲག་སྤྱོད་གང་ཡང་སྤེལ་མེད་ཀྱང་རྒྱ་གཞུང་ནས་བོད་མིའི་ཐོག་དྲག་གནོན་བྱེད་རྒྱུར་གྲ་སྒྲིག་ཨང་སར་ཡོད་པའི་གནས་སྟངས་ཤིག་གོ་ངོ་བོར་གནས་ཡོད་འདུག ས་གནས་བོད་མི་དེ་དག་གིས་རྫོང་སྲིད་གཞུང་ནས་ཁོང་རྣམ་པའི་ཞུ་སྐུལ་ལ་བདག་སྤྲོད་མ་བྱེད་པ་དེ་སྲིད་དུ་ཞི་རྒོལ་མཚམས་འཇོག་གནང་རྒྱུ་ཡིན་པ་བཤད་འདུག

རེས་གཟའ་ཕུར་བུ། ༢༠༡༦།༠༦།༠༢

ཉན་པ།: Listen ཕབ་ལེན། Download ལག་ལེན་གྱི་ཐོག་ནས་གདུང་སེམས་མཉམ་བསྐྱེས་ཞུ་གལ་ཡིན་པ་གསུངས་འདུག ༸གོང་ས་མཆོག་གིས་སློབ་ཕྲུག་གི་དྲི་བར་བཀའ་ལན་མཛད་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་གཏན་འཁེལ་འདུག བསང་ཆུ་རྫོང་གི་གཞུང་ལམ་ཐོག་ངོ་རྒོལ་སྐད་འབོད་གནང་འདུག ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པའི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། Thursday 02/06/2016 TPiE members urge parliament to express solidarity with action Kashag announces portfolio of new Kalons Dalai Lama holds question and answer session with Tibetan youth: Dharamsala NED to honor Tulku Tenzin Delek Rinpoche with Democracy service medal Tibetan anti mining protests continue today in Amchok, Sangchu County Lone Tibetan youth kicks off bike rally for Panchen Lama

སྤྱི་འཐུས་རྣམས་ནས་འཚོར་ཤུགས་ཆེན་པོས་བོད་ནང་གི་ཛ་དྲག་གནས་ཐད་གདུང་སེམས་མཉམ་བསྐྱེད་ཞུ་གལ་ཡིན་པ་གསུངས་པ།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་གཉིས་པ་དེའི་སྟེང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་སྤྱི་འཐུས་རྣམ་པ་ལྷན་འཛོམས་གནང་པའི་ཐོག གསར་དུ་བདམས་ཐོན་བྱུང་བའི་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་རྣམ་པ་ཕེབས་གནང་སོང་། དེ་རིང་གི་ལས་རིམ་གཙོ་ཆེ་དང་དུས་ཡུན་མང་ཆེ་བ་དེ་ནི་བོད་མི་རང་ལུས་སྲེག་གནང་མཁན་གཙོས་པའི་བོད་མི་བློས་གཏོང་བ་ཡོངས་ཀྱི་བློས་བཏང་ལ་རྗེས་སུ་ཡི་རངས་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བཙན་འོག་ཏུ་མྱོང་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དང་། རྒྱ་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་མཚམས་འཇོག་སྐོར་སོགས་འཁོད་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་ལ་བཏང་གནང་ཡོད་པ་མ་ཟད། གྲོས་ཆོས་གྲོས་འཆར་དེ་སྤྱི་མོས་གཏན་འབེབས་བྱུང་ཡོད་པ་རེད། འོན་ཀྱང་བགྲོ་གླེང་སྐབས་ཆ་ཤས་བཞེས་མཁན་སྤྱི་འཐུས་མང་ཆེ་བས་དོན་དངོས་གདུང་སེམས་མཉམ་བསྐྱེད་དེ་བཞིན་ཚིག་ཙམ་མིན་པར་ལག་ལེན་གྱི་ཐོག་ནས་གནང་གལ་ཡིན་པ་འཚོར་ཤུགས་ཆེན་པོའི་ཐོག་ནས་གསུངས་གནང་སོང་། ད་དུང་སྤྱི་འཐུས་ཁག་ཅིག་གིས་ལག་ལེན་གྱི་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཞུ་གལ་སྐོར་དང་འབྲེལ་གཞུང་དམངས་གཉིས་ཀས་ཆབ་སྲིད་ཀྱི་ལས་འགུལ་དང་ལས་འཆར་སྔར་ལྷག་སྤེལ་རྒྱུ་དང་། དེ་བཞིན་ཐབས་བྱུས་འདྲ་མིན་འཚོལ་གལ་ཆེ་བ་ཡིན་སྐོར་སོགས་གསུངས་ཡོད་པ་རེད། བགྲོ་གླེང་གི་དུས་ཡུན་གྲུབ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཛིན་སྐྱོང་གི་ལན་འདེབས་གསལ་བཤད་གནང་སྐབས། དེ་རིང་གི་ལས་རིམ་འདིའི་ཐོག་ནས་སྤྱི་འཐུས་རྣམ་པས་རྩ་དོན་དང་ཆབ་སྲིད་དང་འབྲེལ་ལས་དོན་སྔར་ལྷག་སྤེལ་གལ་གྱི་དགོངས་འཆར་མང་དག་གནང་པར་འཚམས་འདྲིའི་བསྔགས་བརྗོད་གནང་པ་དང་འབྲེལ། བཀའ་ཤག་ངོས་ནས་དཔལ་འབྱོར་གྱི་ཐོག་ནས་མཐུན་འགྱུར་སྦྱར་རྒྱུ་གྲ་སྒྲིག་ཨང་སར་ཡོད་པ་གསུངས་གནང་སོང་། ཡང་བགྲོ་གླེང་སྐབས་སུ་གྲོས་ཆོད་ནང་གསལ་བོད་མི་རང་ལུས་མེར་སྲེག་གནང་མཁན་སྐོར་དང་འབྲེལ། རྒྱལ་གཅེས་པ་དེ་དག་གི་མངོན་འདོད་ནི་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ཡིན་སྟབས། འཛིན་སྐྱོང་ནས་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་དེ་གྲུབ་སླད་ད་བར་ལ་ལས་དོན་ཇི་གནང་ཐོག་དྲི་བ་སླེབས་པར་བརྟེན་སྲིད་སྐྱོང་མཆོག་གིས་ད་བར་ལས་དོན་ཁག་ཅིག་གྲུབ་ཡོད་པ་གསུངས་ཡོད། གཞན་ཡང་གྲོས་ཆོད་དེ་ལས་འཕྲོས་ནས་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་ལམ་དང། གྲོས་མོལ་གང་མགྱོགས་གནང་གལ་སོགས་ཀྱི་སྐོར་ལའང་དྲི་བ་སླེབས་སོང་བས་དེ་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བརྒྱུད་ལམ་ཐད་ནས་དེ་སྔ་ལྟར་རྒྱ་གཞུང་དང་༸གོང་ས་མཆོག་གིས་སྐུ་ཚབ་དབར་འབྲེལ་མོལ་གནང་རྒྱུ་ཡིན་པ་དང་། བཀའ་ཤག་ནས་འབྲེལ་མོལ་ལ་འབད་བཙོན་གང་ཐུབ་དང་རེ་བ་ཡོད་པ་གཟིགས་ཀྱི་ཡོད་སྐོར་བཀའ་ལན་བཅས་གནང་སོང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་སྤྱི་མོས་གཏན་འབེབས་གྲུབ་བསྟུན། འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཕེབས་སོང་བ་མ་ཟད། གྲོས་ཆོད་གྲོས་འཆར་དེའི་ཐོག་ལ་མུ་མཐུད་བགྲོ་གླེང་གནང་ཡོད་པ་རེད།

ཨ་མཆོག་ཡུལ་ཚོའི་བོད་མི་བརྒྱ་སྐོར་ལྷག་གིས་བསང་ཆུ་རྫོང་གི་གཞུང་ལམ་ཐོག་ཞི་རྒོལ་རྔམ་སྟོན།

ཉེ་ཆར་རྒྱ་གཞུང་གིས་དབྱེ་བའི་ཀན་སུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ཨ་མཆོག་ཡུལ་ཚོའི་ནང་གི་གཉན་ཆེན་གོང་སྔོན་བླ་རིར་བོད་མིས་གཏེར་འདོན་མཚམས་འཇོག་དགོས་པའི་ཞི་རྒོལ་བྱས་པར་རྒྱ་ནག་ཉེན་རྟོག་པས་མཐའ་སྐོར་ནས་དམ་དྲག་བྱེད་བཞིན་ཡོད་སྟབས། ཨ་མཆོག་ཡུལ་ཚོའི་བོད་མི་བརྒྱ་སྐོར་ལྷག་གིས་བསང་ཆུ་རྫོང་གི་གཞུང་ལམ་ཐོག་ཞི་རྒོལ་རྔམ་སྟོན་གྱི་ཁྲོམ་སྐོར་གནང་འདུག འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་གསུངས་པར་ཁ་ཉིན་བསང་ཆུ་རྫོང་ཨ་མཆོག་ཚོ་བ་བརྒྱད་ཀྱི་ཡུལ་མི་བརྒྱ་ཕྲག་ལྷག་གིས་གཏེར་ཁ་སྔོག་ཡུལ་དུ་བསྐྱོད་ནས་རྒྱ་གཞུང་ལ་གཏེར་འདོན་ལས་གཞི་མཚམས་འཇོག་དགོས་པ་སོགས་ཀྱི་འཕྲེད་དར་བཟུང་ནས་ཞི་བའི་ཞི་རྒོལ་བྱས་ནས་ཅུང་ཙམ་ཕྱིན་རྗེས། ས་གནས་རྒྱ་གཞུང་ཉེན་རྟོག་པ་མང་པོ་ཞིག་འབྱོར་ཏེ་མང་ཚོགས་ཀྱི་ཞི་རྒོལ་འགོག་ཐབས་བྱས་ཡོད་པ་ལྟར། དེ་རིང་ས་གནས་བོད་མི་བརྒྱ་སྐོར་བརྒལ་བ་འདུ་འཛོམས་ཀྱིས་བསང་ཆུ་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་མདུན་དུ་ཞི་རྒོལ་གནང་པ་མ་ཟད། ཁྱད་པར་དུ་རྫོང་དེ་ཉིད་ཀྱི་ཁྲོམ་གཞུང་དུ་ཞི་རྒོལ་སྐད་འབོད་ཀྱི་ཁྲོམ་སྐོར་གནང་སྐོར་གསུངས་སོང་། གཞན་ཡང་སྐུ་ཞབས་བསོད་ནམས་ལགས་ཀྱི་བརྒྱུད་བོད་མིས་ཞི་རྒོལ་བྱེད་བཞིན་པའི་བརྙན་ཐུང་ཁག་ཅིག་འདི་གར་འབྱོར་བར་གཞིགས་ན། བོད་མི་རྣམས་ནས་ཕྱག་ཏུ་འཕྲེད་དར་སྣམ་བཞིན་རྒྱ་གཞུང་ལ་གཏེར་འདོན་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག་པ་མ་ཟད། ཁ་སང་ཨ་མཆོག་ནང་རྒྱ་གཞུང་གིས་དམག་མི་རླངས་འཁོར་ཕོན་ཆེན་པོ་བཏང་ཡོད་པ་མངོན་རྒྱུ་འདུག ཡང་དེའི་བར་ན་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་ཉེས་མེད་ཉེས་འགལ་གྱིས་འཛིན་བཟུང་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་གྲྭ་བློ་གྲོ་རྒྱ་མཚོ་ལགས་ལོ་བརྒྱད་ཀྱི་བཙོན་འཇུག་དུས་ཡུན་ཚང་རྗེས་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་བཙོན་གྲོལ་བཏང་འདུག གཞི་རྩའི་གྲྭ་བློ་གྲོས་རྒྱ་མཚོ་ལགས་ནི་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་གཙོད་གྲོང་ཁྱེར་རྨ་ཆུ་རྫོང་ཁུངས་ཀྱི་རྨ་ཆའི་མཚན་སྒྲོག་དགོན་པ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་གཞུང་གིས་ཁོང་ཉེས་མེད་ཉེས་འགལ་གྱིོས་འཛིན་བཟུང་བྱས་པ་དང་། རྗེས་སུ་ཁྲིམས་མཐུན་མ་ཡིན་པར་ཁྲིམས་ཐག་བཅད་དེ། ད་བར་ལོ་ངོ་༨ ཙམ་གྱི་རིང་ལ་ལན་ལྲུའུ་བཙོན་ཁང་དུ་བཙོན་འཇུག་གིས་མནར་གཅོད་ཚད་མེད་མྱངས་ཏེ་ཉེ་ཆར་རྒྱ་གཞུང་གིས་བཙོན་གྲོལ་བཏང་ནས་ད་ལྟ་རང་གི་དགོན་པར་བཞུགས་ཡོད་པ་ཤེས་པ་ཙམ་ལས། ཁོང་གློད་བཀྲོལ་བཏང་པའི་ཚེས་དུས་ཁ་གསལ་དང་ད་ལྟའི་ཆར་གཟུགས་གཞིའི་གནས་སྟངས་ཇི་ཡོད་སོགས་ཤེས་རྟོགས་མེད་པ་རེད།

༸གོང་ས་མཆོག་གིས་རྒྱ་གཞུང་ནས་རྒྱ་ནག་དེ་མུ་མཐུད་དྲག་གནོན་དང་ཕྱི་ལ་སྒོ་རྒྱབ་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ནས་རྒྱ་ནག་གི་སྤྱི་ཚོགས་དེ་མུ་མཐུད་ནས་དེ་སྔ་ལྟར་དྲག་གནོན་དང་ཕྱི་ལ་སྒོ་རྒྱབ་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་གནང་འདུག    དེའང་ཉེ་ཆར་ Germany Frankfurter Allgemeine Zeitung གསར་ཁང་གི་གསར་འགོད་པ་བཞུགས་སྒར་དུ་ཆེད་བཅར་གྱིས་མགོན་པོ་༸གང་ཉིད་མཆོག་ལ་རྒྱ་ནག་གི་གནད་དོན་དང་འབྲེལ་བའི་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་སྐབས་དེར་དེང་ཆར་རྒྱ་ནག་དེ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་། ལྷག་དོན་རྒྱ་ནག་གཞོན་སྐྱེས་མང་པོ་ཞིག་རྒྱ་གར། ཡུ་རོབ། ཉེ་ཧོང། དེ་བཞིན་ཨ་རི་སོགས་ཀྱི་ནང་སློབ་གཉེར་ཆེད་བསྐྱོད་མཁན་སྟོང་ཕྲག་མང་པོ་ཡོད་པ་དང། སློབ་ཕྲུག་དེ་རྣམས་ཀྱིས་རྒྱལ་ཁབ་དེ་དག་གི་མག་གཙོ་དང་རང་དབང་བཅས་ཀྱི་ཁོར་ཡུག་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་དང་འདི་བཞིན་དེ་ཚོའི་རིན་ཐང་གང་ཡིན་ཤེས་རྟོགས་ཐུབ་ཡོད་པ་ཅེས་བཀའ་བསྩལ་གནང་འདུག ད་དུང་༸གོང་ས་མཆོག་གིས་ཕྱོགས་གཞན་ཞིག་ལ་རྒྱ་ནག་རྒྱལ་ཁབ་དེ་ནང་པའི་རྒྱལ་ཁབ་ཆེ་ཤོས་ཤིག་དང་། དེའི་དབང་གིས་རྒྱ་ནག་ནང་དུ་འགྱུར་བ་འགྲོ་རྒྱུར་ཤུགས་རྐྱེན་ཆེན་པོ་ཡོད་པ་བཀའ་བསྩལ་དང་འབྲེལ། ད་ལྟའི་རྒྱ་ནག་གཞུང་དེ་སྟོགས་ཤུགས་ཇི་ཙམ་ཆེན་པོ་ཡོད་ཀྱང་། རྒྱ་ནག་གི་སྤྱི་ཚོགས་དེ་མུ་མཐུད་ནས་དེ་སྔ་ལྟར་དྲག་གནོན་དང་ཕྱི་ལ་སྒོ་རྒྱབ་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་ནན་པོ་གནང་འདུག གཞན་ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ཡུ་རོབ་ནང་དུ་ཕྱིའི་སྐྱབས་བཅོལ་བ་ཕོན་ཆེན་ཡོང་བཞིན་པའི་གནད་དོན་དང་འབྲེལ་བའི་ཐོག་བཀའ་བསྩལ་གནང་པར་༸གང་ཉིད་ནས་སྤྱིར་སྐྱབས་བཅོལ་བ་ཚོར་དཀའ་ངལ་ཆེན་པོ་ཡོད་པ་དང་། ལྷག་དོན་བེུད་དང་ཕྲུ་གུ་ཚོར་དཀའ་སྡུག་མྱོང་བཞིན་ཡོད་པ་ནི། ང་ཚོའི་མཐོང་ཆོས་སུ་ཡོད་པ་སྟབས། བཟང་སྤྱོད་ཀྱི་ཐོག་ནས་དེ་དག་ལ་རོགས་རམ་བྱ་རྒྱུ་ནི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགན་ཡོད་སྐོར་བཀའ་སྩལ་དང་ཆབས་ཅིག  སྐྱབས་བཅོལ་བ་ཚོས་ཀྱང་རྒྱལ་ཁབ་གཞན་ནང་གནས་སྐབས་རིང་སྐྱབས་བཅོལ་དུ་གནས་རྒྱུ་ལས་གཏན་དུ་སྡོད་རྒྱུའི་བསམ་བློ་དེ་དོར་ཏེ་རང་ཉིད་ཀྱི་རྒྱལ་ཁབ་ནང་གི་རྩོད་རྙོག་དང་དཀའ་ངལ་རྣམས་སེལ་དུས་ཕྱིར་ལོག་ནས་འཛུགས་བསྐྲུན་བྱ་རྒྱུའི་དམིགས་ཡུལ་བཟུང་གལ་ཡིན་པ་བཅས་ཀྱི་བཀའ་ནན་ཕེབས་འདུག

༸གོང་ས་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ།

རྒྱ་ནག་གཞུང་གི་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག དེ་ཡང་རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་འགོ་འཛུགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱ་ས་ཝ་ཤིང་ཊོན་ཌི་སི་ Washington DC གཙོས་པའི་ཨ་རིའི་མངའ་སྡེ་ཆེ་ཁག་ Colorado དང་ Indiana དེ་བཞིན་ Utah བཅས་ཀྱི་ནང་ལ་ཆིབས་བསྒྱུར་བསྐྱང་གཏན་ཁེལ་བ་དང་བསྟུན། ཁུལ་དེའི་རྒྱལ་སར་རྟེན་གཞི་བྱས་པའི་ National Endowment For Democracy འམ་མང་གཙོ་གོང་སྤེལ་ཚོགས་པས་ཕྱི་ཚེས་ ༡༥ ཉིན་༸གང་ཉིད་མཆོག་དབུ་བཞུགས་ཐོག་མང་གཙོའི་ལས་འགུལ་བ་ཁག་ཅིག་དབར་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་སྐོར་ལ་བཀའ་བསྡུར་གྱི་མཛད་རིམ་ཞིག་གོ་སྒྲིག་གནང་གི་ཡོད་པ་རེད། སྐབས་དེར་ཚོགས་པ་དེས་རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆེ་མཆོག་གིས་བོད་མིའི་འཐབ་རྩོད་ཁྲོད་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རླབ་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེད་བསྟོད་དང་སྦྲགས། Democracy Service Medal ཞེས་མང་གཙོ་དང་འབྲེལ་བའི་ཆེད་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་གཏན་ཁེལ་ཡོད་པ་མ་ཟད། སྐབས་དེར་མང་གཙོ་གོང་སྤེལ་ཚོགས་པ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་པའི་གོ་སྐབས་དང་སྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་དེ་བཞིན་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཕྱག་ལས་གནང་བཞིན་པར་ངོས་འཛིན་དང་ཆེད་བསྟོད་ཀྱང་གནང་རྒྱུ་རེད་འདུག གཞི་རྩའི་རྒྱ་ནག་གཞུང་ནས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཁྲིན་ཏུའུར་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པར་ཉེས་འཛུགས་འོག་ཕྱི་ལོ་ ༢༠༠༢ ཟླ་བ་ ༤ ཚེས་ ༧ ཉིན་གྱི་གདོང་མོ་ཚོུད་ ༡༢།༠༠ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་པའི་རྫེས་དུས་རྒྱང་སྲོག་ཁྲིམས་ནས་ཚེ་བརྩོན་དུ་འགྱུར་བ་དང་། དེ་ནས་བཙོན་ཁང་ནང་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་ནས་འདས་ལོའི་ཟླ་ ༧ ཚེས་ ༡༢ ཉིན་བཙོན་ཁང་ནང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། གཞན་ཡང་སྐབས་དེར་ཚོགས་པ་དེའི་འགན་འཛིན་ Brian Joseph ལགས་ཀྱི་གཙོ་སྐྱོང་འོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཆབ་སྲིད་ཀྱི་ཕྲུག་ཆ་ཆེ་བའི་རྒྱལ་ཁབ་ Cuba དང་། Sudan དེ་བཞིན་ Azerbaijan དང་ Jordan བཅས་ནས་ཕེབས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལས་འགུལ་བ་ Rosa Maria Paya ལགས་དང་ Azar Elshami ལགས། དེ་བཞིན་ Arzu Geybullayeva ལགས་དང་ Rami Soud ལགས་བཅས་དང་ལྷན་དུ་ཕྲུག་ཆ་ཆེ་བའི་ཡུལ་གྲུ་ཁག་ཏུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག རྩ་བའི་ད་ལྟའི་ཆར་༸གོང་ས་༸སྐྱབསམགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༡ ནས་དབུ་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འབྲོམ་རྗེ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་རང་རྒྱུད་ལ་སྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་ཞེས་པའི་སྒོ་ནས་ཆོས་འབྲེལ་གནང་བཞིན་པ་དང་། ཕྱི་ཚེས་ ༧༌༌༌༩ བར་ཉིན་གསུམ་རིང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལིའུ་བཞི་པའི་གསུང་ཆོས་འཕྲོ་སྐྱོང་བཀྲིན་ཆེ་རྒྱུ། ཕྱི་ཚེས་ ༡༣ ནས་ཟླ་མཇུག་བར་ཨ་རི་དང་ཁེ་ན་ཌའི་མངའ་ཁུལ་དུ་མཛད་འཆར་ཆེད་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་རེད།  

བཀའ་ཤག་སྐབས་༡༥པའི་བཀའ་བློན་རྣམ་པའི་ལས་ཁུར་གཏན་འབེབས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོད་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་༡༥པའི་བཀའ་བློན་རྣམས་ཀྱི་མཚན་འདོན་གནང་པ་དང་གྲོས་ཚོགས་ནས་མང་མོས་འོས་འདེམས་གནང་དོན་བཞིན། བཀའ་བློན་རྣམ་པའི་ལས་ཁུར་གང་ཡིན་གཏན་འཁེལ་བྱུང་ཡོད་པ་རེད།    དེའང་ཁ་སང་ཟླ་ ༦ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན་ལྟར། བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་དང་། བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཀརྨ་ཡེ་ཤེས་མཆོག་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་བཅས་ཀྱི་མཛད་ཁུར་བཞེས་རྒྱུ་དང་། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་སྲིད་སྐྱོང་མཆོག་ནས་གཅིག་ལྕོགས་གནང་རྒྱུ་དང་། འདེམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིར་ཐོངས་མཆན་དུས་འགྱངས་ཞུ་རྒྱུར་ཕེབས་ཡོད་པས་རིང་མིན་ཕྱིར་ཕེབས་ཀྱིས་དམ་འབུལ་ཞུས་མཚམས་ལས་འགན་བཀོད་སྒྲིག་གནང་རྒྱུ་ཡིན་པ་རེད་འདུག དེའི་བར་ན་དེ་རིང་ཚེས་ ༢ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྐབས་༡༥པའི་བདམས་ཐོན་སྤྱི་འཐུས་ཚེ་རིང་གཡ་སྒྲོན་ལགས་དང་བསྟན་འཛིན་འཇམ་དབྱངས་ལགས་རྣམ་གཉིས་ཀྱིས་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་གནང་སོང་། སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་བཀའ་ཤག་སྐབས་ ༡༥ པའི་བཀའ་བློན་དུ་བསྐོ་གཞག་གིས་འོས་འདེམས་གནང་སྟབས། དབུས་གཙང་ཆོལ་ཁའི་བོད་མི་མང་སྤྱི་འཐུས་ཁོངས་ནས་སྒུག་ཐོ་དང་པོ་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་དངོས་སུ་འདེམས་ཐོན་བྱུང་ཡོད་པ་རེད། གཞན་ཡང་བཀའ་ཤག་སྐབས་ ༡༤ པའི་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སྲིད་སྐྱོང་གིས་བཀའ་ཤག་སྐབས་༡༥ པའི་བཀའ་བློན་དུ་བསྐོ་གཞག་གནང་སྟབས། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་བཀའ་དྲུང་དུ་བསྐོ་གཞག་གནང་ཡོད་པ་རེད།  

བཀའ་ཤག་སྐབས་༡༥པའི་བཀའ་བློན་རྣམས་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་གནང་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག ཕྱག་རོགས་བཀའ་བློན་བདུན་མཚན་འདོན་དང་སྦྲགས་ཚང་མ་མང་མོས་ཀྱི་འདམས་འདོན་བྱུང་ཡོད་པ་དང་། བདམས་ཐོན་བཀའ་བློན་རྣམས་ནས་ཉིན་རྒྱབ་ཏུ་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་དྲུང་ནས་ལས་ཁུར་དང་གསང་རྒྱའི་དམ་འབུལ་བཞེས་གནང་སོང། དེ་ཡང་སྐབས་༡༥པའི་བདམས་ཐོན་བཀའ་བློན་རྣམས་པ་ནི། བཀའ་ཤག་གོང་མའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག བདེ་སྲུང་དྲུང་ཆེ་འཕགས་པ་ཚེ་རིང་མཆོག། སྤྱི་ཟུར་ཀརྨ་ཡེ་ཤེས་མཆོག་དང་སྤྱི་འཐུས་ལས་ཐོག་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག དེ་བཞིན་སྤྱི་ཟུར་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ཡིན་པ་རེད། དེ་རིང་ཉིན་རྒྱབ་ཚོུད་ ༤།༠༠ སྟེང་བཀའ་བློན་རྣམ་པ་དམ་འབུལ་གྲུབ་བསྟུན། གསར་དུ་བདམས་ཐོན་བྱུང་བའི་བཀའ་བློན་དགུང་ལོ་ཆུང་ཤོས་དང་བེུད་གཅིག་པོ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་མཆོག་ལ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང། རྩ་བའི་དེ་རིང་སྔ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལྟར། བཀའ་བློན་གྱི་འོས་མི་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ངོ་སྤྲོད་གྲུབ་མཚམས། སྤྱི་འཐུས་ཁྲོད་ནས་འོས་མི་བདུན་གར་འགག་པ་གནང་མཁན་བྱུང་རྐྱེན་སྤྱི་མོས་ཐོབ་མེད་སྟབས། ངོ་ཡོད་སྤྱི་འཐུས་ ༤༣ ནས་གསང་བའི་འོས་ཤོག་འཕངས་ནས་མང་མོས་ཐོག་ནས་ཐག་གཅོད་གནང་ཡོད་པ་ཞིག་ཡིན་པ་རེད། གཞི་རྩའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དེ་བཞིན་དེ་བཞིན་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་༣བར་བཅས་ཉིན་གསུམ་རིང་གི་ཚོགས་གནང་གི་ཡོད་པ་དང། དེ་རིང་སྔ་དྲོ་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། གཙོ་བོ་བཀའ་སྤྱི་གཉིས་ནས་བོད་དོན་བདེན་མཐའ་སེལ་ཐབས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་ཐབས་བཅས་བཅའ་ཁྲིམས་ཐོག་བཀུར་བའི་འགན་དབང་ཐད་ཞོག་འདེགས་གང་ཐུབ་གནང་དགོས་པའི་སྐུལ་མ་གནང་པ་དང་སྦྲགས། སྤྱི་འཐུས་རྣམས་ནས་སྤྱི་མི་ཚད་ལྡན་ཞིག་བྱ་དགོས་པ་དང། ལྷག་པར་གྲོས་ཚོགས་དེའི་ནང་ཕན་ཚུན་བསམ་ཚུལ་མ་མཐུན་པ་ཡོང་སྲིད་པ་དེ་ནི་ཆོས་ཉིད་ཡིན་ཡང། ཐག་གཅོད་གང་འདྲ་ཞིག་བྱེད་ཀྱང་བོད་མི་ས་ཡ་དྲུག་ལ་ཕན་ཐོགས་ཡོད་པའི་ཐག་གཅོད་ཞིག་གི་ཐོག་འགྲོ་ཐུབ་རྒྱུ་ཧ་ཅང་གལ་ཆེ་ཡིན་པའི་ན་བརྗོད་གནང་སོང། ཚོགས་གཙོ་མཆོག་ནས་ད་དུང། བོད་ནང་གི་བོད་མི་ཚོའི་ཛ་དྲག་གནས་སྟངས་ལ་སེམས་འཚབ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏང་ནས་༸གོང་ས་མཆོག་གི་དགོངས་གཞི་བཞིན་བོད་རྒྱ་འབྲེལ་མོལ་ཡོང་བའི་་ཐབས་ཤེས་བྱེད་དགོས་ཀྱི་རེད་ཅེས་ཀྱང་གསུང་སོང། དེ་རིང་སྔ་ཐོག་གྱི་ཚོགས་དུས་ཐོག་རྒྱལ་གཅེས་པ་བསོད་ནམས་མཚོ་ལགས་གཙོ་བོར་གྱུར་པའི་ད་བར་བོད་མི་རང་ལུས་མེར་སྲེག་གཙོས། བོད་མི་བློས་བཏང་བ་དཔའ་བོ་དཔའ་མོ་ཚོའི་ཆེད་གཞུང་འབྲེལ་མྱ་ངན་གུས་བདུད་དང། དེ་བཞིན་བོད་མི་མང་སྤྱི་འཐུས་ཟུར་པ་མགོན་པོ་རྡོ་རྗེ་དམ་པ་དེ་ཉིད་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཡུ་རོབ་འཐུས་ཚོགས་དང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Marco Panella དམ་པ་དེ་ཉིད་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་བཅས་ཕེབས་པ་མ་ཟད། གཞན་ཡང་བོད་ནང་ད་ལྟའི་ཛ་དྲག་གནས་སྟངས་ཐོག་གྲོས་ཚོགས་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་གྲོས་ཆོས་གྲོས་འཆར་དང་དེའི་ཐོག་བགྲོ་གླེང་བཅས་གནང་ཡོད་པ་རེད།  

Latest news