Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2016

ཐུབ་བསྟན་ལུང་རིགས།

ཐུབ་བསྟན་ལུང་རིགས། ཕབ་ལེན།

རེབ་གོང་རྫོང་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་བྲིས་དགོས་པའི་བརྡ་ཁྱབ།

བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་རྫོང་མི་དམངས་སྲིད་གཞུང་ནས། ས་གནས་ཀྱི་རྫོང་ལས་ཁུངས་ཁག་དང། ཁྱད་ལས་ཚོང་གཉེར་ཁང་ཁག་གིས་ཉིན་རེའི་ལས་དོན་གཉེར་བའི་སྐབས་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ངེས་པར་བྲིས་དགོས་པ་བཤད་འདུག ཉིན་ཤས་གོང་། བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་རྫོང་དུ་ཡོད་པའི་རྒྱ་རིགས་ཀྱི་མགྲོན་ཁང་མིང་ལ་ཞང་ཡུལ་ཞེས་པའི་ནང་དུ་བོད་སྐད་རྒྱག་པ་ཡིན་ན་སྒོར་མོ་ ༥༠༠ ཉེས་ཆད་གཏང་རྒྱུའི་དོན་ཚན་བཞི་ཅན་གྱི་སྒྲིག་གཞི་གསར་པ་བཟོས་ཡོད་པའི་གནས་ཚུལ་བྱུང་བའི་རྗེས།   ས་གནས་བོད་མི་ཚོས་དེ་ལ་མི་འདོད་པའི་རྣམ་འགྱུར་སྟོན་སྟབས།  མཐར་མགྲོན་ཁང་དེ་སྒོ་རྒྱག་དགོས་བྱུང་ཡོད་པ་རེད། ཁ་སང་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རེབ་གོང་རྫོང་མི་དམངས་སྲིད་གཞུང་ནས། རྒྱ་ཡིག་ཐོག་བརྡ་ཁྱབ་ཞིག་སྤེལ་ཏེ།  རྫོང་ལས་ཁུངས་ཁག་དང་ཁྱད་ལས་ཚོང་གཉེར་ཁང་ཚོས་ཉིན་རེའི་ལས་དོན་གཉེར་བའི་སྐབས་སུ་ལས་རྟགས་དང། ཐམ་ག བརྡ་ཁྱབ། ཡིག་སྐོགས། དཔང་ཡིག  དེ་བཞིན་སྒོ་བྱང་སོགས་གང་ཡིན་རུང་བོད་རྒྱ་ཡིག་རིགས་གཉིས་ཀ་འབྲི་དགོས་པ་མ་ཟད། ལྷག་དོན་བོད་ཡིག་གོང་དུ་བཀོད་དགོས་པ་དང་རྒྱ་ཡིག་འོག་ཏུ་འབྲི་དགོས་ཤིང།  དེ་བཞིན་གཡས་གཡོན་གཉིས་ལས། བོད་ཡིག་གཡོན་ཕྱོགས་སུ་འབྲི་དགོས་པ།  བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ཡིག་གཟུགས་ཀྱང་ཆེ་ཆུང་གཅིག་པ་ཡིན་དགོས་པའི་བརྡ་ཁྱབ་ཞིག་བཏང་འདུག   སྲིད་གཞུང་ནས་ཟླ་བ་འདིའི་ཚེས་ ༡༣ ནས་དངོས་སུ་ལག་བསྟར་ཐུབ་པ་དགོས་པ་ཡང་བརྗོད་འདུག འདི་ག་རླུང་འཕྲིན་ཁང་ནས་རེབ་གོང་ནས་ཡིན་པ་བཞུགས་སྒར་དུ་བཅའ་བཞུགས་བློ་བཟང་ཆོས་འབྱོར་ལགས་སུ་གནད་དོན་དེ་འབྲེལ་བཀའ་འདྲི་ཞུས་པར།  ད་རེས་ཀྱི་བརྡ་ཁྱབ་འདི་ནི་ས་གནས་མི་མང་གི་སེམས་ཚོར་དང་བསྟུན་ནས།  སྲིད་གཞུང་གྱི་ཕྱི་ཚུལ་འཁྲབ་སྟོན་ཙམ་ཡིན་པ་དང་།  དོན་དངོས་ཐོག་ས་གནས་འབྲེལ་ཡོད་ལས་བྱེད་པ་ཚོས་བོད་མི་མང་ཚོགས་ལ་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་འོག སྐད་ཡིག་སྲུང་སྐྱོབ་བྱ་ཐུབ་རྒྱུའི་གྲུབ་དོན་དེའི་ཐོག་ལ་གོམ་པ་ཞིག་རྒྱག་གི་ཡོད་པ་མཐོང་ཡག་མེད་ཅེས་གསུངས་ཀྱི་འདུག བོད་གནས་ཉམས་ཞིབ་པ་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་པར། ད་རེས་རེབ་གོང་རྫོང་མི་དམངས་སྲིད་གཞུང་གི་བྱེད་སྟངས་དེས། སྔོན་མ་ལས་ཏོག་ཙམ་ཡར་རྒྱས་ཀྱི་རྣམ་པ་ཞིག་མཐོང་གི་འདུག་ཅེས་གསུངས་ཡོད།

རེས་གཟའ་ཟླ་བ། ༢༠༡༦།༠༡།༡༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སྐུ་ཞབས་མུཕྷ་ཏིའི་ནང་མི་ལ་ཐུགས་གསོ་བསྩལ་འདུག ཟི་ཁྲོན་དང་མཚོ་སྔོན་གྱི་རྫོང་ཁག་ནང་འགྲུལ་བསྐྱོད་དམ་དྲག སྲིད་སྐྱོང་མཆོག་གིས་ཀྲོ་ཀི་ཡོ་ནང་བོད་ཀྱི་ཆབ་སྲིད་དང་ཁོར་ཡུག་སྐོར་གསུང་བཤད། ཧོང་ཀོང་སྒྱུ་རྩལ་བ་ཞིག་གིས་༸གོང་ས་མཆོག་ལ་ཆེ་བསྟོད་དང་རྒྱ་གཞུང་གི་དཔོན་རིགས་ལ་སྐྱོན་བརྗོད། ངའི་སྤྱི་འཐུས་ཞེས་པའི་ལེ་ཚན་ནང་མདོ་སྨད་འོས་མི་བཀྲ་ཤིས་དོན་གྲུབ། དམིགས་བསལ་ལེ་ཚན། སྲིད་སྐྱོང་སྟག་བྲག་སྐབས་ཀྱི་བོད་ཀྱི་ཆབ་སྲིད་གནས་བབ། Monday 11/01/2016 Dalai Lama offers Condolences to Mufti family China tightens Tibetan’s travel movement in Sichuan and Tsongon county Sikyong addresses on Tibet: Tokyo Hongkong Film star honours Dalai Lama My MP: Domey Candidate Tashi Dhondup HISTORY FEATURE: Political situation of Tibet during Sikyong Taktra Rinpoche

བཀྲ་ཤིས་དོན་གྲུབ།

བཀྲ་ཤིས་དོན་གྲུབ། ཕབ་ལེན།

༸གོང་ས་མཆོག་གིས་སྐུ་ཞབས་ Mufti Mohammad Sayeed མཆོག་དམ་པ་དེ་ཉིད་ཀྱི་ནང་མིར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

ཟླ་བ་འདིའི་ཚེས་༧ཉིན་རྒྱ་གར་བྱང་ཕྱོགས་ Jammu Kashmir མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Mufti Mohammad Sayeed མཆོག་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་བྱུང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་ནང་མིར་ཐུགས་གསོ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེ་ནི་སྐུ་ཞབས་ Mufti Mohammad Sayeed མཆོག་དམ་པ་དེ་ཉིད་ཀྱི་བོུ་ལྕམ་ Mehbooba Mufti ལགས་ཀྱི་མཚན་ཐོག་ཏུ་བསྩལ་ཏེ། དམ་པ་དེ་ཉིད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་གསན་མ་ཐག་༸གང་ཉིད་མཆོག་ཐུགས་སྐྱོ་སྣང་བྱུང་ཡོད་པ་དང་། ད་རེས་སྐུ་ཞབས་ Mufti Mohammad Sayeed མཆོག་འདས་གྲོངས་སུ་གྱུར་བ་འདི་ནི་ང་ཚོར་སྤྱི་ཁྱབ་བློན་ཆེན་ཞིག་མེད་པ་ཆགས་པ་ཙམ་དུ་མ་ཟད། ལོ་ངོ་ལྔ་བཅུ་ལྷག་གི་ཆབ་སྲིད་ཐོག་ཉམས་མྱོང་གཟབ་པའི་མི་སྣ་གཅིག་མེད་པ་ཆགས་ཡོད་པ་བཀའ་བསྩལ་འདུག དེ་ལྟར་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེའི་ཐོག་ནས་Jammu Kashmir མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་དེ་ཉིད་ལ་བསྔོ་སྨོན་དང་བཅས་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་ཡོད་པ་བཀའ་བསྩལ་འདུག གཞི་རྩའི་སྐུ་ཞབས་ Mufti Mohammad Sayeed མཆོག་དམ་པ་དེ་ཉིད་ནས་སྔ་ལོ་༢༠༡༥ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་ཡོད་པ་དང། དེ་སྔ་ ༢༠༠༢ ནས་ ༢༠༠༥ བར་ལའང་ Jammu Kashmir མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་འདུག གཞན་ཡང་དམ་པ་དེ་ཉིད་ཀྱི་དེ་སྔ་ཕྱི་ལོ་ ༡༩༨༠ ནང་དབུས་གཞུང་གི་འགྲིམ་འགྲུལ་དང་ནང་སྲིད་བློན་ཆེན་སོགས་ཀྱི་ཐུགས་འགན་བཞེས་གནང་འདུག ཟླ་བ་འདིའི་ཚེས་ ༧ ཉིན་དམ་པ་དེ་ཉིད་སྙུན་གཞི་རྐྱེན་རྒྱལ་ས་ལྡི་ལའི་ AIIMS སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག

ཟི་ཁྲོན་དང་མཚོ་སྔོན་ཁྱབ་ཁོངས་རྫོང་ཁག་ཅིག་ཏུ་འགྲུལ་བསྐྱོད་དམ་དྲག་ཆེན་པོ་བྱེད་བཞིན་པ།

རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་ཁོངས་གཏོགས་རྔ་བ་རྫོང་དང་འབར་ཁམས་རྫོང་། གཞན་ཡང་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་པདྨ་རྫོང་དང་ཆིག་སྒྲིལ་རྫོང་། སྐར་མདའ་རྫོང་བཅས་སུ་བོད་རིགས་རྣམས་ཕར་ཚུར་འགྲིམ་འགྲུལ་བྱེད་རྒྱུར་སྔར་ལས་དམ་དྲག་ཆེ་རུ་བཏང་ཡོད་པ་རེད་འདུག བོད་ནས་ས་གནས་བོད་མི་ཞིག་གིས་དེ་དོན་གནས་ཚུལ་འགྲེལ་བརྗོད་གནང་པར། ཁོང་རང་ཉིད་ནི་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་བར་བརྟེན་ནས་དེང་སྐབས་ས་གནས་གང་སར་འཁྱམ་ཉུལ་བྱས་ནས་སྡོད་མཁན་ཞིག་ཡིན་ཞེས་བཤད་པ་དང་སྦྲགས། པདྨ་རྫོང་དང་ཆིག་སྒྲིལ་རྫོང་བཅས་སུ་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་ཚོ་ཁག་ཚོ་ཁག་བགོས་ཏེ། ལམ་བར་དུ་སྐོར་བསྐྱོད་བྱེད་བཞིན་པ་ཡོད་པ་མ་ཟད། འགྲུལ་བཞུད་བྱེད་མཁན་བོད་རིགས་ཚོའི་རླངས་འཁོར་བཀག་ནས་ཅ་དངོས་ཁག་ཕྱི་ལ་བཏོན་ནས་རེ་རེ་བཞིན་ཞིབ་བཤེར་བྱེད་པ་མ་ཟད། ད་དུང་ལུས་བཤེར་དང་ལག་ཐོགས་ཁ་པར་འཕྲོག་ནས་ལྟ་ཞིབ་སོགས་བྱེད་ཀྱིན་ཡོད་འདུག་ཅེས་གསུངས་ཡོད། གནས་ཚུལ་ངོ་སྤྲོད་པས་མུ་མཐུད་བརྗོད་དོན། ས་གནས་གཞན་མགོ་ལོག་པདྨ་རྫོང་ནས་མར་ཕྱིན་པའི་སྤྱི་ལེ་དགུ་བཅུ་ཙམ་གྱི་མཚམས་སུ་ཟམ་པ་ཆེན་པོ་ཞིག་ཡོད་པ་དེར་ཡང་ཉེན་རྟོག་དམག་མི་བཅུ་གྲངས་ཞིག་གི་ཡང་བཀག་འགོག་བྱས་ཏེ་བསྔོག་བཤེར་བྱེད་ཀྱི་ཡོད་པ་དང་། དམག་མིི་དེ་དག་གིས་རྒྱ་མི་རིགས་ལ་དེ་ཙམ་བསྔོག་བཤེར་བྱེད་ཀྱི་མེད་ཀྱང་བོད་རིགས་ཡིན་ན་དམིགས་བཀར་བསྔོག་བཤེར་དང་དྲི་བརྩད་ནན་པོ་བྱེད་བཞིན་འདུག ལྷག་པར་དུ་ས་གནས་སུ་དེང་སྐབས་བོད་རིགས་རྣམས་ཕྱི་མགྲོན་ཁང་དུ་ཞག་སྡོད་བྱེད་དགོས་བྱུང་ཚེ། རང་རང་གི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོ་འགོད་བྱེད་དགོས་པའི་ཐོག་གནས་ཚུལ་གང་ཡང་མི་ལྷག་པའི་ས་རྟགས་ཀྱང་རྒྱག་དགོས་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག་ཅེས་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་ཡོད། གཞི་རྩའི་ཕྱི་ལོ་༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་སུ་དམ་དྲག་སྔར་ལྷག་བྱེད་མུས་ཡིན་པ་མ་ཟད། དེའི་ཁྲོད་མདོ་སྟོད་སྨད་ནས་ལྷ་ས་ཕྱོགས་སུ་གནས་མཇལ་སོགས་སུ་འགྲོ་སྐབས་རྒྱལ་ཁབ་གཞན་ཞིག་ཏུ་འགྲོ་ཡི་ཡོད་པ་ལྟར་ཡིག་ཆ་འདྲ་མིན་བསྟན་དགོས་པའི་གནས་སྟངས་ཆགས་ཡོད་པ་རེེད།

རེས་གཟའ་ཉི་མ། ༢༠༡༦།༠༡།༡༠

ཉན་པ།: Listen ཕབ་ལེན། Download ངའི་སྲིད་སྐྱོང་ཞེས་པའི་དམིགས་བསལ་ལེ་ཚན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི། Sunday 10/01/2016 Special Program ‘My Sikyong’ : Interview with Sikyong Lobsang Sangay

རེས་གཟའ་སྤེན་པ། ༢༠༡༦།༠༡།༠༩

ཉན་པ།: Listen ཕབ་ལེན། Download གཟའ་འཁོར་གཅིག་གི་གསར་འགྱུར་བསྐྱར་ཞིབ། ངའི་སྤྱི་འཐུས་དམིགས་བསལ་ལེ་ཚན། མདོ་སྟོད་འོས་མི་རྡོ་རྗེ་ཚེ་བརྟན། Saturday 09/01/2016 Week Review My MP: Dotoe Candidate Dorjee Tseten

རྡོ་རྗེ་ཚེ་བརྟན།

རྡོ་རྗེ་ཚེ་བརྟན། ཕབ་ལེན།

Latest news