Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2016

དཀོན་མཆོག་ཡར་འཕེལ།

 དཀོན་མཆོག་ཡར་འཕེལ། ཕབ་ལེན།

རེས་གཟའ་པ་སངས། ༢༠༡༦།༠༡།༠༨

ཉན་པ།: Listen ཕབ་ལེན། Download བོད་སྐད་རྒྱག་ན་སྒོར་༥༠༠ཉེས་ཆད་བཏང་རྒྱུའི་སྒྲིག་གཞི་བཟོས་འདུག ལྷ་ས་དང་རྔ་པའི་ནང་དྲ་ལམ་དམ་བསྒྲགས། སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་འདི་ནི་ཨེ་ཤི་ཡ་སྤྱིའི་གནད་དོན་ཞིག་ཆགས་ཡོད་པ་གསུངས་འདུག པེ་ཅིང་གནམ་བདེ་སྒོ་མོར་བོད་མིས་ལས་འགུལ་སྤེལ་བའི་གློག་བརྙན་གསར་འདོན། Reddit གསར་ཁང་ནས་དོལ་རྒྱལ་སྐོར་གནས་ཚུལ་སྤེལ་རྒྱུ་མིན་པའི་ཐག་གཅོད། ངའི་སྤྱི་འཐུས་དམིགས་བསལ་ལེ་ཚན། མདོ་སྟོད་འོས་མི་དཀོན་མཆོག་ཡར་འཕེལ། Friday 08/01/2016 Hotel shut down for banning Tibetan language: Rebkong Security tightens on internet usage in Ngaba and Lhasa Sikyong speaks at Acharya Kripalani Memorial at Delhi Documentary film released on a Tibetan’s protest at Tiananmen Square: Bejing Reddit’s Buddhism page bans support of the new Kadampa Tradition My MP: Dotoe Candidate Kunchok Yarphel

སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་འདི་ནི་ཨེ་ཤི་ཡ་སྤྱིའི་གནད་དོན་ཞིག་ཡིན་པ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ Acharya Kripalani རྗེས་དྲན་མཛད་སྒོའི་ཐོག བོད་ཀྱི་གནད་དོན་འདི་ནི་བོད་མི་ས་ཡ་དྲུག་ཙམ་གྱི་གནད་དོན་ཞིག་མ་ཡིན་ཞིང། ཨེ་ཤི་ཡ་སྤྱིའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་གསུངས་འདུག དེ་ཡང་ཁ་སང་ཚེས་༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྷན་དྷིའི་ཞི་བའི་ལྟེ་གནས་ཁང་དུ་ཁུལ་དེའི་ Acharya Kripalani ཐེབས་རྩ་ཁང་གིས་གོ་སྒྲིག་འོག གྷན་དྷིའི་རྗེས་འབྲང་པ་དང་ Acharya Kripalani ཐེབས་རྩ་ཁང་གི་ལས་བྱེད་སོགས་ས་གནས་ཀྱི་འབྲེལ་ཡོད་མི་སྣ་བརྒྱ་ཙམ་ལྷན་འཛོམས་ཀྱིས་རྒྱ་གར་རང་བཙན་འཐབ་རྩོད་པ་ Acharya Kripalani མཆོག་གི་རྗེས་དྲན་མཛད་སྒོ་ཞིག་ཚོགས་འདུག་པ་དང། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་ཞུ་ཕུལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་་བཟང་སེང་གེ་མཆོག་གིས་སྐབས་དེར་བོད་མིའི་འཐབ་རྩོད་དང་རྒྱ་གར་གྱི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་ལ་གསུང་བཤད་གནང་པའི་ནང་། སྲིད་སྐྱོང་མཆོག་དེ་སྔ་རྒྱལ་ས་ལྡི་ལི་ནང་སློབ་སྦྱོང་གནང་བའི་ཞོར་དུ་བོད་མིའི་འཐབ་རྩོད་ཀྱི་ལས་འགུལ་ནང་ཞུགས་སྐབས་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་གི་མི་དམངས་དང་དཔོན་རིགས་ཚོས་ཕྱོགས་གང་ཐད་མཐུན་འགྱུར་རྒྱབ་སྐྱོར་གནང་བའི་གནས་ཚུལ་ཁག་འགྲེལ་བརྗོད་དང་སྦྲགས། ད་དུང་རྒྱ་གར་གཞུང་དམངས་གཉིས་ཀྱི་རྒྱབ་སྐྱོར་མུ་མཐུད་གནང་དགོས་གལ་ཆགས་ཡོད་པ་དེ་ལྟར་ཡང།  གལ་ཏེ་བོད་མིའི་འཐབ་རྩོད་དེར་གྲུབ་འབྲས་མ་ཐོན་པ་སོགས་བྱུང་ན།  དེས་བོད་མི་ཙམ་མིན་པར་རྒྱ་གར་གཞུང་དམངས་གཉིས་ལ་ཡང་གྱོང་གུད་ཆེན་པོ་ཞིག་དང། ཁྱད་པར་དུ་ཆབ་སྲིད་ཆོས་ཕྱོགས། ཁོར་ཡུག རིག་གཞུང་སོགས་ཕྱོགས་གང་སྤྱིའི་ཐད་ནས་ཉེན་ཁ་ཆགས་རྒྱུ་ཡིན་པ་མ་ཟད། རྒྱ་ཆེ་ས་ནས་བོད་དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཀུན་གྱི་ཆུ་བོའི་འབྱུངས་ཁུངས་དང་མི་འབོར་ས་ཡ་མང་པོའི་འཚོ་རྟེན་ཞིག་ཆགས་ཡོད་སྟབས། བོད་ཀྱི་གནད་དོན་འདི་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཙམ་ཞིག་མ་རེད་ཅེས་གུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་གར་ནང་བོད་མིའི་བཙན་བྱོལ་བ་མང་ཤོས་གཞིས་ཆགས་ཡོད་པ་དང། ལྷག་པར་དུ་དབུས་བོད་མིའི་སྒྲིག་འཛུགས་དེ་ཡང་རྒྱ་གར་ནང་རྟེན་གཞི་བྱས་ཡོད་སྟབས། ད་ལྟའི་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་ Make in India འམ་རྒྱ་གར་ནས་བཟོ་པ་ཞེས་པའི་ལས་འཆར་སྐོར་ལུང་འདྲེན་དང་འབྲེལ་བོད་མིའི་འཐབ་རྩོད་དེ་ཡང་རྒྱ་གར་ནང་གནང་གི་ཡོད་པ་རེད་བཅས་སོགས་གསུངས་གནང་འདུག གཞི་རྩའི་ Acharya Kripalani དམ་པ་དེ་ཉིད་ནི་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། བོད་མི་རྣམས་དེ་སྔ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་སྐབས་ཁོང་གིས་བོད་དོན་ལ་ཐུགས་འཁུར་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད་འདུག

བོད་སྐད་རྒྱག་ན་སྒོར་༥༠༠ཉེས་ཆད་བཏང་རྒྱུའི་སྒྲིག་གཞི་བཟོས་འདུག

བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་རྫོང་ནང་དུ་ཡོད་པའི་རྒྱ་མིའི་མགྲོན་ཁང་མིང་ལ་ཞང་ཡུལ་ཞེས་པའི་ནང་དུ་བོད་སྐད་རྒྱབ་པ་ཡིན་ན་སྒོར་མོ་༥༠༠ འི་ཉེས་ཆད་བཏང་རྒྱུ་སོགས་ཀྱི་སྒྲིག་གཞི་བཟོས་འདུག   རེབ་གོང་ནས་ཡིན་པ་བཞུགས་སྒར་དུ་བཅའ་བཞུགས་རྩོམ་པ་པོ་བློ་བཟང་ཆོས་འབྱོར་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་ཡག་ལ། ཞང་ཡུལ་ཞེས་པའི་མགྲོན་ཁང་དེ་ནས། ལས་བྱེད་པ་རྣམས་ལ་དོན་ཚན་ལྔ་ཅན་གྱི་སྒྲིག་གཞི་ཡིག་ཆ་ཞིག་འགྲེམས་སྤེལ་བྱེད་པ་མ་ཟད། སྒྲིག་གཞི་དེ་དག་ལ་བརྩི་སྲུང་མ་བྱེད་པ་ཡིན་ན། ལས་ཀ་ནས་ཕྱིར་ཕུད་གཏང་རྒྱུ་ཡིན་སྐོར་འཁོད་ཡོད་པ་རེད་འདུག   དེ་ཡང་སྒྲིག་གཞི་དོན་ཚན་དང་པོ་དེར་མགྲོན་ཁང་ནང་ལས་བྱེད་པ་སུ་ཞིག་གིས་བོད་སྐད་རྒྱབ་མི་ཆོག་པ་དང། གལ་ཏེ་དེ་ལྟར་བྱུང་ཚེ་སྒོར་ ༥༠༠ ཉེས་ཆད་བཏང་རྒྱུ་ཡིན་པ་གསལ་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་རང་སྐྱོང་ས་ཁུལ་དུ་རང་གི་སྐད་དང་ཡི་གེ་ལ་གཅེས་འཛིན་དང་བཀོལ་སྤྱོད་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ཁ་གསལ་ཡོད་རུང། ད་རེས་རེབ་གོང་ཞང་ཡུལ་ཞེས་པའི་མགྲོན་ཁང་ནང་གི་གནས་ཚུལ་འདི་ནི་གཞུང་གི་ཁྲིམས་དང་འགལ་བ་ཞིག་ཆགས་ཡོད་སྟབས། གནད་དོན་འདིའི་རྐྱེན་པས་བོད་ཀྱི་ས་ཁུལ་གཞན་དུ་གླེང་སློང་ཤུགས་ཆེ་བྱུང་འདུག་པ་མ་ཟད། ད་ཆ་ས་གནས་སྲིད་གཞུང་ནས་ཟ་ཁང་དེ་སྒོ་རྒྱག་བཅུག་འདུག གནད་དོན་དེ་དང་འབྲེལ། བློ་བཟང་ཆོས་འབྱོར་ལགས་རང་ཉིད་ཀྱི་ངོས་ནས་ཀྱང་དེ་རིང་དྲ་རྒྱའི་བརྒྱུད་ལམ་ཐོག དོན་ཚན་གསུམ་ཅན་གྱི་འབོད་སྐུལ་ཞིག་དང་འབྲེལ། མགྲོན་ཁང་དེའི་སྦྱིན་བདག་དེ་བོད་པ་མིན་པ་གསལ་པོ་ཡིན་སྟབས། ཁོ་པར་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་གྲངས་ཉུང་མི་རིགས་ཀྱི་ས་ཐོག་ཚོང་གཉེར་བྱེད་མི་ཆོག་པ་དང། ས་གནས་འགོ་ཁྲིད་ཚོའི་གནད་དོན་འདི་རིགས་མ་འོངས་པར་མི་ཡོང་བའི་འབད་བརྩོན་དགོས་པ་མ་ཟད། ལྷག་པར་དུ་ཕྱིན་ཆད་གནས་ཚུལ་འདིའི་རིགས་སྤེལ་མཁན་གྱི་ཟ་ཁང་དང་མགྲོན་ཁང་ནང་ནམ་ཡང་འགྲོ་རྒྱུ་མེད་པའི་འབོད་སྐུལ་ཡང་བྱེད་འདུག

རེས་གཟའ་ཕུར་བུ། ༢༠༡༦།༠༡།༠༧

ཉན་པ།: Listen ཕབ་ལེན། Download སྤྱི་འཐུས་ལྷན་ཚོགས་ནས་བྱ་བྲལ་རིན་པོ་ཆེ་མཆོག་གི་སློབ་མ་རྣམས་ལ་གདུང་སེམས་མཉམ་སྐྱེད་གནང་བ། རྒྱ་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་བསྒྲགས། ཧོང་ཀོང་ནང་རྒྱ་གཞུང་གིས་བཀག་འགོག་ཡོད་པའི་དེབ་མུ་མཐུད་ཚོང་འགྲེམས་བྱ་རྒྱུ། ངའི་སྤྱི་འཐུས་ཞེས་པའི་ལེ་ཚན་ནང་། མདོ་སྟོད་འོས་མི་བློ་བཟང་གྲགས་པ། དམིགས་བསལ་ལེ་ཚན། རིམས་སྲུང་རིལ་བུའི་སྐོར། Thursday 07/01/2016 TPiE condoles demise of Chatral Rinpoche Censorship instructions, issued to media by China leaked and distributed online Sera je monastery gives free Buddhism classes to students on vacation Eslite: Taiwanese bookstore in Hong Kong to continue selling books banned in China My MP: Dotoe Candidate Lobsang Dakpa HEALTH FEATURE:’ Rimsog Rilbu’ by Dr. Tenzin Thaye

བློ་བཟང་གྲགས་པ།

བློ་བཟང་གྲགས་པ། ཕབ་ལེན།

དབུ་དཀར་ཚང་གཡུ་སྒྲོན།

དབུ་དཀར་ཚང་གཡུ་སྒྲོན། ཕབ་ལེན།

རེས་གཟའ་ལྷག་པ། ༢༠༡༦།༠༡།༠༦

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་གྲྭ་དཀོན་མཆོག་རྒྱ་མཚོ་ལགས་བཙན་འཁྲིད་བྱས་འདུག སྐྱིད་གྲོང་ཉེ་འཁྲིས་ཀྱི་འགག་སྒོ་བསྐྱར་དུ་ཕྱེ་པ། བྱ་བྲལ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པ། ངའི་སྤྱི་འཐུས་ཞེས་པའི་ལེ་ཚན་ནང་མདོ་སྟོད་འོས་མི་དབུ་དཀར་ཚང་གཡུ་སྒྲོན། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གི་བཀའ་སློབ། Wednesday 06/01/2016 Chentsa Tibetan monk suffers harassment and arrest or writing book China Nepal border at Kyidrong reopens Kyabje Jadrel Rinpoche passes away at 104 My MP: Dotoe Candidate Youdon Aukatsang

རྒྱ་གཞུང་ཉེན་རྟོག་པས་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་ལ་བཀག་ཉར་དང་འདྲི་བརྩད་བྱས་འདུག

ཟླ་སྔོན་མའི་ཚེས་ ༡༨ ཉིན་བོད་ནང་གི་ཞོགས་པ་ཚོུད་༧། ༢༠ ཐོག་ལ་བོད་མདོ་སྨད་མཚོ་སྔོན་གཅན་ཚ་རྫོང་གི་ལ་མོ་བདེ་ཆེན་དགོན་པའི་གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་དེ་སྔ་ཁོང་རྒྱ་གར་དུ་བཙན་བྱོལ་ཡོང་སྐབས་ལམ་བར་དཀའ་སྡུག་ཇི་བྱུང་གི་མྱོང་ཚོར་བཀོད་པའི་དཔེ་དེབ་ཉིན་ཞག་ང་བཞི་ཟེར་བ་ཞིག་བརྩམས་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་གིས་བཀག་ཉར་བྱས་པ་མ་ཟད། ཁོང་ལ་ཞིབ་བཤེར་འདྲི་བརྩད་བྱས་ཡོད་པ་རེད་འདུག གཞི་རྩའི་གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་ནི་ད་ལྟ་རང་ལོ་ ༣༧ ཡིན་པ་དང་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་དུ་སྐྱབས་བཅོལ་ཕེབས་ནས་ལོ་ ༦ རིང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་སྟེ། ཕྱི་ལོ་ ༢༠༠༠ ལོར་ཕ་ཡུལ་ལ་ཕྱིར་ལོག་གནང་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༣ ལོ་ནས་འགོ་འཛུགས་ཀྱིས་ཉིན་ཞག་ང་བཞི་ཞེས་པའི་དེབ་དེ་བྲིས་འགོ་བརྩམས་ཏེ་ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ ༣ ནང་པར་བསྐྲུན་བྱེད་འཆར་ཡོད་ཀྱང་། ས་གནས་རྒྱ་གཞུང་གིས་བཀག་སྡོམ་བྱས་ཡོད་པ་རེད། ཁོང་གི་གྲྭ་ཤག་ཏུ་གཅན་ཚ་རྫོང་གི་དྲག་ཆས་ཉེན་རྟོག་མི་སྣ་གློ་བུར་འཛུལ་ནས་སྔོག་བཤེར་བྱས་པ་དང་། ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་གཅན་ཚ་རྫོང་ཉེན་རྟོག་ལས་ཁུངས་ནས་འདྲི་བརྩད་དང་བཀག་ཉར་བྱས་འདུག དེ་རྗེས་ཁོང་རྨ་ལྷོ་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བའི་ནང་ཁྲིད་ནས་བདུན་ཕྲག་གཅིག་རིང་བཀག་ཉར་གྱིས་འདྲི་བརྩད་ནན་པོ་བྱས་པ་མ་ཟད། ཁོང་གིས་བྲིས་པའི་དཔེ་དེབ་ཉིན་ཞག་ང་བཞི་ཞེས་པ་དེ་ཡང་པར་བསྐྲུན་བྱེད་མི་ཆོག་པ་དང་། སྤྱི་ཚོགས་ཁྲོད་ལ་འགྲེམས་སྤེལ་རིགས་གང་ཡང་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད་འདུག དེ་བཞིན་ཁོང་ལ་གལ་སྲིད་དེ་ལྟར་བྱས་ཚེ་བཙོན་འཇུག་དང་ཁྲིམས་ཆད་སོགས་གཏོང་རྒྱུའི་ཉེན་བརྡ་བཏང་པ་དང་། ཁོང་གི་ལག་ཐོག་ཁ་པར་དང་གློག་ཀླད་སོགས་ཀྱང་བཙན་འཕྲོག་བྱས་ཡོད་པ་རེད་འདུག རྩ་བའི་གྲྭ་ཀླུ་དཀོན་མཆོག་རྒྱ་མཚོ་ལགས་གློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་གློག་ཀླད་དང་ལག་ཐོག་ཁ་པར་ཕྱིར་སློག་བྱས་མེད་པ་རེད་འདུག

Latest news