Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2016

རེས་གཟའ་ཉི་མ། ༢༠༡༦།༠༡།༠༣

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བརྡ་སྤྲོད་པའི་ཚོགས་གསུམ་གཙོས་པའི་བོད་ཀྱི་སྐད་ཡིག་གི་གནས་བབ་གླེང་བ། Sunday 03/01/2016 Tibetan Arts and Culture: Tibetan Grammar and Language

༸གོང་ས་མཆོག་རྒྱ་གར་གཞུང་ཞབས་ཁག་ཅིག་དང་མཇལ་འཕྲད།

  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ཡོངས་སུ་ལེགས་གྲུབ་རྗེས།   དེ་རིང་ཟླ་ ༡ ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་གྲོང་ཁྱེར་སྦེང་ལོར་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།    སྦེང་ལོར་ནང་དུ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གཞུང་གི་གནད་ཡོད་གཞུང་ཞབས་པ་ཁག་གཅིག་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་བསྩལ་བ་དང། དུས་མཚུངས་སུ་རྒྱ་གར་མཐོ་སློབ་ཀྱི་སློབ་ཕྲུག་ཁག་གཅིག་ལའང་མཇལ་ཁ་དང་བཀའ་སློབ་བསྩལ་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ཁུལ་དུ་ཟླ་བ་གཅིག་ཙམ་རིང་ཆོས་འབྲེལ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད། དེ་ཡང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཆིབས་སྒྱུར་བསྐྱངས་ཏེ།  རྒྱ་གར་གྱི་ Wipro ཚོང་གཉེར་གྱི་ཚོང་བདག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། རྒྱ་གར་གྱི་ཚོང་པ་ཆེ་ཁག་བརྒྱ་སྐོར་གཅིག་ལྷན་འཛོམས་ཀྱིས་ཚོང་པའི་ངོས་ནས་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་ཕྱོགས་ཀྱི་ཚོགས་འདུའི་ཐོག་བཀའ་སློབ་བསྩལ་ཡོད་པ་རེད།  ཕྱི་ཚེས་ ༦ གི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་ཡན་ལག་ལས་ཁུངས་ཁག་གི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བྱམས་སྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བ་དང།  ཉིན་རྒྱབ་ཏུ་སྦེང་ལོར་གྲོང་ཁྱེར་ནང་ཡོད་པའི་རྒྱལ་ཡོངས་མཐོ་རིམ་ཤེས་ཡོན་ལྟེ་གནས་ཁང་དུ་འབུམ་རམས་པའི་སློབ་ཕྲུག་ཁག་དང་སློབ་དཔོན་ཁག་གཅིག་དང་ལྷན་དུ་ནང་ཆོས་དང་ཚན་རིག་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་གི་ཚོགས་མགོན་དུ་ཆིབས་སྒྱུར་མཛད་ཡོད་པ་རེད། ཕྱི་ཚེས་ ༨ ཉིན་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་གྱི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་༸ཞབས་སོར་བཀའ་དྲིན་བསྐྱངས་ནས་དགའ་ལྡན་ཁྲི་ཐོག་ཁང་གསར་བཞེངས་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་པ་དང་། ཉིན་དགུང་ལྗགས་སྨིན་གྲུབ་རྗེས། མཁའ་ལམ་བརྒྱུད་ཧུན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་ལ་ཕེབས་གནང་མཛད་དེ། ཚེས་༩ ནས་དབུ་འཛུགས་ཀྱིས་ཚེས་ ༡༣ བར་རྒྱུད་སྨད་གྲ་ཚང་དུ་དཔལ་དཔལ་གསང་བ་འདུས་པའི་བཀའ་དབང་སོགས་གཙོས་པའི་ཆོས་འབྲེལ་བསྐྱངས་ཡོད་པ་རེད།  ཕྱི་ཚེས་ ༡༣ ཉིན་རྒྱབ་༸གོང་ས་མཆོག་རྒྱུད་སྨད་གྲྭ་ཚང་ནས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སེ་ར་ཐེག་ཆེན་གླིང་དུ་ཞབས་སོར་འཁོད་གནང་ཏེ། ཚེས་ ༡༤ ནས་ ༡༧ བར་དུས་ཡུན་ཉིན་གྲངས་བཞིའི་རིང་སེམས་དང་སྲོག་གི་ཚན་རིག་བགྲོ་གླེང་ཚོགས་ཆེན་དུ་དབུ་བཞུགས་མཛད་ཡོད་པ་རེད།  ཚེས་ ༡༨ ཉིན་ཆོས་སྡེ་བཀྲིས་ལྷུན་པོར་ཞབས་སོར་འཁོད་དེ་གཙུག་ལག་ཁང་གསར་བཞེངས་དབུ་འབྱེད་དང་འབྲེལ་བའི་ཕེབས་སྟོན་མཛད་སྒོར་དབུ་བཞུགས་མཛད་ཡོད་ཅིང་།  ཚེས་ ༡༩ ཉིན་བཀྲིས་ལྷུན་པོའི་གཙུག་ལག་ཁང་གསར་བཞེངས་དབུ་འབྱེད་ཀྱི་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་ཡོད་པ་མ་ཟད།  ཕྱི་ཟླ་ ༡༢ ཚེས་ ༢༠ ནས་ཕྱི་ཟླ་ ༡ ཚེས་ ༡  བར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ཡོངས་སུ་ལེགས་གྲུབ་ཀྱིས་རེ་ཞིག་མཇུག་སྒྲིལ་གནང་ཡོད་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན། གནངས་ཉིན་ཕྱི་ཚེས་ ༣ ཉིན་༸གོང་ས་མཆོག་སྦེང་ལོར་བརྒྱུད་ལྡི་ལིར་ཆིབས་བསྒྱུར་གནང་རྒྱུ་དང། དེ་རྗེས་ཕྱི་ཚེས་ ༥ ཉིན་བཞུགས་སྒར་དུ་ཆིབས་བསྒྱུར་གནང་གི་འདུག

རེས་གཟའ་སྤེན་པ། ༢༠༡༦།༠༡།༠༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་གར་གཞུང་ཞབས་པ་ཁག་ཅིག་དང་མཇལ་འཕྲད་མཛད་པ། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གདུང་འབྲུག་ལ་གདན་འདྲེན་ཞུ་རྒྱུ། རྒྱ་ནག་ནང་བཀག་སྡོམ་བྱེད་པའི་དཔེ་དེབ་པར་སྐྲུན་བྱེད་མཁན་ཞིག་གར་སོང་ཆ་མེད་དུ་གྱུར་འདུག བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༡ པ་འདོད་རྒུ་གླིང་ནང་ཚོགས་གཏན་ཁེལ་འདུག བོད་མཐོ་སྒང་དུ་གནས་སྡོད་རྒྱ་རིགས་ཚོར་ཕྲུ་གུ་བཙས་རྒྱུར་དཀའ་ངལ། ཤེས་རིག་བཀའ་བློན་མཆོག་གིས་སློབ་མ་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་མུ་མཐུད་སྲིང་དགོས་པ་གསུངས་འདུག Saturday 02/01/2016 Dalai Lama meets with Indian civil servants in Bangalore Kyabje Taklung Tsetrul Rinpoche’s ‘kudung’ to be taken to Bhutan Banned book publisher goes missing in Hong Kong 21st Tibetan Shoton Festival to be held in Mundgod next month Han Chinese having hard time reproducing in Tibet, says researcher Education Kalon speaks on the last day of youth leadership workshop

སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གདུང་འབྲུག་ནང་དུ་གདན་ཞུ་གནང་རྒྱུ།

ཟླ་བ་སྔ་མའི་ཚེས་ ༢༣ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་བོད་ལུགས་དགུང་གྲངས་ ༩༠ ཐོག་འཕགས་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་མི་མང་རྙིང་མའི་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་རིན་པོ་ཆེ་མཆོག་གི་གདུང་ཞུགས་འབུལ་གྱི་དུས་ཚེས་སོགས་ཀྱི་སྐོར་ལ་བཅར་འདྲི་ཁག་ཅིག་ཞུས་པར། མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུངས་དོན་ལ། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ཉིན་གཉིས་རིང་ལ་ཐུགས་དམ་བཞུགས་ཡོད་པ་གསུངས་ཀྱི་འདུག ད་དུང་ཁོང་གིས་ ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་བླ་བྲང་དང་སིམ་ལའི་རྡོ་རྗེ་བྲག་གི་མ་དགོན་ནས་འཆར་གཞི་སྒྲིག་པ་ལྟར་ན། ད་ལྟ་རིན་པོ་ཆེ་མཆོག་གི་སྐུ་གདུང་རྡོ་རྗེ་གདན་དུ་བཞུགས་པ་ལྟར་བོད་ཟླ་ ༡༢ ཚེས་ ༦ བར་རྡོ་རྗེ་གདན་དུ་བཞུགས་སུ་གསོལ་རྒྱུ་དང་། དེ་རྗེས་རིན་པས་ཚེས་ ༦ ནས་རིན་པོ་ཆེ་མཆོག་གིས་ཐུགས་སྲས་ལྷོ་བྲག་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་འབྲུག་ནང་དུ་ལྷོ་བྲག་མཁར་ཆུ་དགོན་པར་གཟའ་འཁོར་གཅིག་རིང་གདན་འདྲེན་ཞུ་གནང་གི་འདུག་པ་དང། བོད་ཚེས་ ༡༤ དང་ ༡༥ ཙམ་ལ་སིམ་ལར་རྟེན་གཞི་བྱེས་པའི་བྱེས་ཀྱི་རྡོ་རྗེ་བྲག་མ་དགོན་དུ་གདན་འདྲེན་ཞུ་གནང་རྒྱུ་ཡིན་སོགས་གསུངས་སོང། གསར་འགོད་པས་རིན་པོ་ཆེ་མཆོག་གིས་སྐུ་གདུང་ཞུགས་འབུལ་གྱི་དུས་ཚེས་ནམ་ཡིན་ཐོག་བཅར་འདྲི་ཞུས་པར། མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བྱེས་ཀྱི་རྡོ་རྗེ་བྲག་མ་དགོན་དུ་ལོ་གཅིག་རིང་བཞུགས་སུ་གསོལ་གཏན་འཁེལ་ཡོད་པ་གསུངས་པ་དང། གསར་འགོད་པའི་དྲི་བར་ལན་འདེབས་གནང་པའི་ནང་མ་འོངས་སྔ་འགྱུར་རྙིང་མའི་ཁྲི་རབས་བདུན་པ་བསྐོ་གཞག་དང་ཁྲི་འདོན་ཐད་ད་ཆ་བཀའ་མོལ་གང་ཡང་བྱུང་མེད་ནའང། རིམ་པས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཐོག་ནས་མཁན་བླ་སྤྲུལ་སོགས་ནས་ཐག་གཅོད་ཡོང་རྒྱུ་ཡིན་པ་གསུངས་ཡོད། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་བོད་དབུས། ལྷོ་ཁ་ས་ཁུལ་ཡར་འབྲོགས་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ། ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་རིན་པོ་ཆེ་མཆོག་ལ་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པ་ངོས་འཛིན་གནང་པ་དང། དགུང་ལོ་ལྔ་ནས་སྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་འགོ་བཙུགས་ཡོད་པ་དེ་ཡང་། ཡོངས་འཛིན་ཀུན་བཟང་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་དང། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་སྐུ་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་རྗེས་རིམ་བཞིན། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་སྔ་འགྱུར་རྙིང་མའི་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་མ་ཟད། ཁྱད་པར་དུ་ ༢༠༡༢ནས་བཟུང་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཛིན་གྱི་མཚན་གནས་བཞེས་གནང་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༦།༠༡།༠༡

ཉན་པ།: Listen ཕབ་ལེན། Download ལམ་རིམ་གོ་སྒྲིག་ཚོགས་ཆུང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག ཕྱི་དྲིལ་བཀའ་བློན་མཆོག་གིས་རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་རྒྱུ་གལ་ཆེ་ཤོས་ཆགས་ཀྱི་ཡོད་པ་གསུངས་འདུག རྒྱལ་སྤྱིའི་གསར་འགོད་པས་རྒྱ་ནག་ནང་གི་དམ་བསྒྲགས་ལ་གདོང་ལེན་ནན་པོ་བྱེད་དགོས་པ་བརྗོད་འདུག རྒྱ་གཞུང་ནས་བོད་མི་དང་ཡུ་གུར་བའི་འགོ་ཁྲིད་ཚོའི་གློག་འཕྲིན་རྐུ་འཁྱེར་བྱེད་ཀྱི་ཡོད་པ་གསལ་བཏོན་གནང་འདུག ཆོས་རིག་བཀའ་བློན་མཆོག་གིས་ཏཱ་ལའི་བླ་མ་ཞི་བདེ་ཕོ་ཉ་ཞེས་པའི་དཔེ་དེབ་དབུ་འབྱེད། དམིགས་བསལ་ལེ་ཚན། ཞལ་བག་ཚོང་ལས་པ་ཨ་བརྟན་རྒྱལ་ལགས། Friday 01/01/2016 Tibetans offer ‘Tenshug’ to the Dalai Lama in Bylakuppe Tibetan youth have a vital role in strengthening Indo-Tibet relations: DIIR Kalon Foreign media must fight China censorship, says expelled journalist Former Microsoft employees reveal China hacking email account of Tibetan and Uygur leaders Religion Kalon inaugurates Tibetan edition of ‘Dalai Lama the Soldier of Peace’ DIASPORA FEATURE: Tibetan bread seller Aten Gyal

༸གོང་ས་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་ཆོས་འབྲེལ་ལེགས་གྲུབ་མཛད་པ།

དེ་རིང་ཕྱི་ཟླ་ ༡ ཚེས་ ༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་དད་ལྡན་མང་ཚོགས་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབངབ་བསྩལ་ཏེ་ཆོས་འབྲེལ་རེ་ཞིག་ལེགས་གྲུབ་ཟིན་པ་དང་བསྟུན། བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་དང་ཆོས་སྡེ་བཀྲིས་ལྷུན་པོ། དེ་བཞིན་སྦེལ་ཀོབ་གཞིས་ཁག་ལྔ་བཅས་ཟུང་འབྲེལ་གྱིས་མཁའ་འགྲོ་བསུན་བཟློག་གི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་སློབ་ཕྲུག་བདུན་བརྒྱ་ཙམ་ལ་དམིགས་བསལ་གྱི་བཀའ་སློབ་བསྩལ་བར་དེ་རིང་ཕྱི་ལོའི་ལོ་གསར་འཁེལ་ཡོད་པས་འཚམས་འདྲི་ཡོད་ལ། དམ་ཚིག་ལྡན་པའི་རིག་གཞུང་ཉམས་པ་གསོ་ཆུད་དང་མི་ཉམས་གོང་འཕེལ་གྱིས་རྒྱུན་འཛིན་ཐུབ་ན་ང་ཚོ་བོད་མི་རིགས་ཙམ་དུ་མ་ཟད། འཁྲིས་ཀྱི་རྒྱ་མི་རིགས་ས་ཡ་བྱེ་བ་མང་པོར་ཕན་ཐོགས་ཡོང་ངེས་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད་ལ། དེ་བཞིན་ཤར་ཕྱོགས་ཀྱི་ཡུལ་གྲུ་མང་པོར་ཕན་ཐོགས་ངེས་དང། དེ་དང་ཕྱོགས་མཚུངས་སུ་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་ཡོང་ཐུབ་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེས་ན་བོད་རིགས་ན་གཞོན་སློབ་ཕྲུག་ཚོ་མ་འོངས་པའི་སོན་རྩ་ཡིན་པས་གལ་ཆེ་ཆགས་ཡོད་སྟབས། ད་ལྟའི་དུས་སུ་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱག་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པར་བཀའ་བསྩལ་ནན་པོ་གནང་འདུག ༸གང་ཉིད་མཆོག་གིས་མུ་མཐུད་བཀའ་བསྩལ་དོན་ལ།  སློབ་ཕྲུག་ཁྱེད་རང་ཚོས་དུས་རབས་ཉེར་གཅིག་པ་འདིར་འབད་བརྩོན་བྱེད་པ་ཡིན་ན།  དུས་རབས་ཉེར་གཅིག་པ་འདིའི་སྨད་ཆ་ནས་ག་ལེ་ག་ལེར་འཛམ་བུ་གླིང་འདི་ཞི་བདེ་ཡོད་པ་ཞིག་ཆགས་ཐུབ་ངེས་རེད་ལ། ཞི་བདེ་ཟེར་བ་དེ་ཡང་གཞན་ལ་བརྩེ་བ་དང་གཞན་གྱི་སྲོག་ལ་བརྩི་བཀུར་བྱེད་པ་ཡིན་ན་ཞི་བདེ་ཡོང་རྒྱུ་ལས་དེ་མིན་གཞན་གྱི་བདེ་སྡུག་སེལ་བ་ལ་ཇི་མི་སྙམ་པའི་ ཡལ་བར་དོར་བའི་ཁྱད་གསོད་བྱེད་པ་ཡིན་ན་བདེ་སྐྱིད་ཡོང་རྒྱུ་མེད་པ་སོགས་བཀའ་བསྩལ་འདུག ད་དུང་མགོན་པོ་མཆོག་གིས་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་རྒྱུ་བྱུང་བ་ཡིན་ན། ཚེ་རིང་དུ་གནས་པ་དེའི་ཚོད་ཀྱིས་རང་གཞན་ཀུན་ལ་ཕན་ཡག་ཞིག་ཡོང་གི་རེད། ཚེ་དབང་ཞུས་པ་དེ་དང་ཆབས་ཅིག མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་གྱི་ཡིན་བསམ་པའི་དགོངས་པ་བཞེས་དགོས་གལ་ཡིན་པ་སོགས་བཀའ་བསྩལ་འདུག རྩ་བའི་སང་ཉིན་ཚེས་ ༢ ཉིན་༸གོང་མཆོག་དང་སྐུ་འཁོར་རྣམས་ཆོས་སྡེ་བཀྲིས་ལྷུན་པོ་ནས་རྒྱ་གར་གྱི་ལྷོ་ཕྱོགས་ཀ་ན་ཊ་ཀའི་གྲོང་ཁྱེར་སྦེང་ལོར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་རྒྱུ་རེད་འདུག

Latest news