Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2016

དབྱངས་ཅན་སྒྲོལ་དཀར།

དབྱངས་ཅན་སྒྲོལ་དཀར། ཕབ་ལེན།

རེས་གཟའ་མིག་དམར། ༢༠༡༦།༠༡།༠༥

ཉན་པ།: Listen ཕབ་ལེན། Download རྒྱ་གར་གི་སྲིད་བློན་ཟུར་པ་མཆོག་གིས་དབུས་པའི་ཆེས་མཐོའི་མི་སྣས་༸སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་པ། རྒྱ་གཞུང་ནས་རྒྱ་གར་གཞུང་གིས་༸གོང་ས་མཆོག་གི་༸སྐུ་ཕྱའི་ཐད་རྒྱ་ནག་གི་ཕྱོགས་ནས་ཉེན་ཁ་ཡོད་སྐོར་བཤད་པ་ལ་སྐྱོན་བརྗོད། སྲིད་སྐྱོང་མཆོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས། ༢༠༡༩ ནང་ཚུད་བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་ཚད་ལྡན་ཞིག་འདོན་རྒྱུ། ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། མདོ་སྟོད་འོས་མི་དབྱངས་ཅན་སྒྲོལ་དཀར། Tuesday 05/01/2016 India pays tribute to Dalai Lama on his 80th birthday Dalai Lama returns to Dharamsala after month long trip to south India Indian police framing China on Dalai Lama assassination: China Sikyong leaves for Delhi and Japan Tibetan Girls Football Camp underway My MP: Dotoe Candidate Yangchen Dolkar

རྒྱ་གར་གྱི་སྲིད་བློན་ཟུར་པ་མཆོག་གཙོས་པའི་གནད་ཡོད་དཔོན་རིགས་ཚོས་༸སྐུའི་གྱ་སྟོན་སྲུང་བརྩི།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྲིད་བློན་ཟུར་པ་མཆོག་གིས་གཙོས་པའི་གནད་ཡོད་དཔོན་རིགས་ཚོས་༸གང་ཉིད་ཀྱི་༸སྐུའི་གྱ་སྟོན་སྲུང་བརྩིའི་མཛད་སྒོ་གཟབ་ཚོགས་ཡོད་པ་རེད། ཁ་སང་ཕྱི་ཟླ་ ༡ ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨོ་བྷི་རོ་ཡི་གསོལ་མགྲོན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་དང་།  སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌ་ཝ་ནི་མཆོག རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་པི་ཅི་ཏམ་བྷ་རམ་མཆོག དེ་བཞིན་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་ཅིག ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལཱ་ཤ་སཏྱར་ཐི་མཆོག སྐུ་ཞབས་ཀ་རན་སིངྒ་མཆོག ལྡི་ལིའི་སྲིད་སྐྱོང་སྐུ་ཞབས་ནཱ་ཇིབ་ཇངྒ་མཆོག རྒྱ་གར་གྱི་ཁྲིམས་རྩོད་པ་གྲགས་ཅན་དང་ཁྲིམས་ཀྱི་བློན་ཆེན་ཟུར་པ་སྐུ་ཞབས་རཱམ་ཇེ་ཐི་མ་ལ་ནི་མཆོག གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ཤར་མི་ལ་ཊ་གོར་མཆོག་དང་། རྒྱ་གར་གྱི་གནའ་བོའི་སྒྱུ་རྩལ་ཐོག་མཁས་ལས་པ་ལྕམ་སྐུ་ཀ་པི་ལ་ཝཏྶཱ་ཡན་མཆོག་བཅས་གནད་ཡོད་མི་སྣ་ ༣༠༠ སྐོར་ཞིག་ལྷན་འཛོམས་ཀྱིས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་ལ་༸སྐུ་ཚེ་མི་འཛིགས་རྡོ་རྗེ་ཁམས་སུ་བ རྟན་པའི་འཚམས་འདྲི་ཞུས་འདུག སྐབས་དེར་༸གོང་ས་མཆོག་གིས་༸གང་ཉིད་ཀྱི་མཛད་འཁུར་གཙོ་བོ་གསུམ་པོ་ལས་དང་པོ་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུབ་ཐབས། གཉིས་པ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་དང། གསུམ་པ་ཆོས་ལུགས་མཐུན་འབྲེལ་མཛད་རྒྱུ་དེ་ཡིན་བཅས་བཀའ་སྩལ་བ་དང་སྦྲགས། དེང་སྐབས་བོད་ཀྱི་རིག་གཞུང་དེ་གོ་ལ་སྤྱི་ལ་དགོས་མཁོ་ཡོད་པ་དང་། ལྷག་དོན་རྒྱ་གར་ནས་བྱུང་བའི་ལྟ་གྲུབ་དེ་དག་ལ་བོད་མི་ཚོས་འཛིན་སྐྱོང་སྤེལ་གསུམ་གྱིས་ཐོག་ནས་ཉར་ཚགས་བྱས་པར་རྒྱ་གར་རང་ཉིད་ཀྱི་ངོས་ནས་དེའི་ཐད་ལ་དོ་སྣང་དང་ཤུགས་བསྣོན་གནང་གལ་ཆེ་བ་སོགས་ཀྱི་གཞེན་སྐུལ་མཛད་འདུག དེ་བཞིན་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་མཆོག་གིས་ང་རང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་ལན་མང་ཐོབ་མྱོང་བ་མ་ཟད། བཀའ་སློབ་ལམ་སྟོན་དང་བྱིན་རླབས་སོགས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཀྱང་ཐོབ་སོང། ༸གང་ཉིད་མཆོག་ནི་རྒྱ་གར་གི་གནའ་སྔ་མོའི་རིག་གཞུང་བཟང་པོའི་སྐུ་ཚབ་ཞིག་མཚོན་གྱི་ཡོད་པ་ཙམ་མ་ཟད། ལྷག་དོན་༸གང་ཉིད་མཆོག་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་དེང་དུས་ཀྱི་ཡང་སྲིད་ཞིག་ཏུ་ངོས་འཛིན་ཞུ་ཆོག་པ་ཞིག་ཀྱང་རེད་ཅེས་གསུངས་འདུག ད་དུང་ཁོང་གིས་རང་ངོས་༸གོང་ས་མཆོག་ལ་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་རྒྱུ་དང་རྒྱ་གར་མི་མང་དང་ཨེ་ཤེ་ཡའི་མི་མང་དང་གོ་ལ་སྤྱིའི་མི་མང་ལ་མགོན་པོ་༸གང་ཉིད་མཆོག་གི་བྱིན་རླབས་ཐོབ་པའི་ཡིད་ཆེས་ཡོད་སྐོར་སོགས་གསུངས་འདུག དེ་དང་ཕྱོགས་མཚུངས་སུ་སྲིད་བློན་གཞོན་པ་ཟུར་པ་ཨེལ་ཀེ་ཨ་ཌ་ཝ་ནི་མཆོག རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་པི་ཅི་ཏམ་བྷ་རམ་མཆོག་བཅས་གཙོས་པའི་རྒྱ་གར་གྱི་གལ་ཆེའི་གནད་ཡོད་མི་སྣ་ཚོས་༸གང་ཉིད་མཆོག་གིས་འཛམ་གླིང་སྤྱི་དང་ཁྱད་པར་དུ་རྒྱ་གར་གྱི་གཞུང་དམངས་གཉིས་ལ་ཆེས་ཤིན་ཏུ་ནས་བཀྲིན་ཆེ་བར་ངོས་འཛིན་ཞུས་ཏེ་རླབས་ཆེན་གྱི་མཛད་འཕྲིན་ལ་ཆེ་བསྟོད་ཀྱི་ལེགས་གསོའི་གུས་བརྩི་ཞུས་པ་དང་ཆབས་ཅིག ༸གང་ཉིད་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་རྒྱ་ནག་དང་མཉམ་དུ་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་༸སྐུ་ངལ་བསྐྱོན་པ་དེ་སྔ་ཕྱི་མ་གཏོགས་གྲུབ་འབྲས་སོན་ངེས་ཡིན་པར་གདེང་འཇོག་སོགས་ཀྱང་གནང་ཡོད་པ་རེད།    རྩ་བའི་དེ་རིང་ཚེས་ ༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊའི་ཀ་མངའ་སྡེའི་ནང་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་གཙོས་པའི་མཛད་འཕྲིན་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༡༩ ནང་ཚུད་ལ་བོད་ཀྱི་བུ་མོ་རྐང་རྩེད་སྤོ་ལོའི་རུ་ཁག་ཚད་ལྡན་གཅིག་ཐོན་ངེས་ཡིན་པ།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་སྐལ་བཟང་དོན་འགྲུབ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནས་ཕྱི་ལོ་ ༢༠༡༩ ནང་ཚུད་ལ་བོད་ཀྱི་བུ་མོ་རྐང་རྩེད་སྤོ་ལོའི་རུ་ཁག་ཚད་ལྡན་གཅིག་ཐོན་ཐུབ་ངེས་པ་རེད་ཅེས་གསུངས་འདུག དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩིས་རིིགས་ཚོགས་ཆུང་གིས་རྐང་འགན་བཞེས་ཏེ། ཕྱི་ལོ་ ༢༠༡༢ ལོ་ནས་འགོ་བཙུགས་ཀྱིས་བོད་ཁྱིམ་སློབ་གྲྭ་ཁག་ལས་དམིགས་བསལ་བུ་མོ་འདེམས་སྒྲུག་གནང་སྟེ། ཆེས་ཐོག་མའི་བོད་ཀྱི་བུ་མོ་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་གསར་འཛུགས་ཞུ་རྒྱུའི་ལས་གཞི་སྤེལ་མུས་ཡིན་འདུག ལས་གཞི་དེ་རྒྱུན་འཁྱོངས་ཡོང་ཐབས་སུ་ལོ་ལྟར་སློབ་གྲྭ་ཁག་གི་དགུན་དུས་ཟླ་བ་གཉིས་ཀྱི་གུང་གསེང་དང་བསྟུན། བོད་པའི་སློབ་ཕྲུག་རྣམས་ཀྱི་ཁྲོད་ལས་བོུ་མོ་ ༢༠ ལ་དམིགས་བསལ་གྱི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་འཕར་མ་ཞིག་གནང་མུས་ཡིན་པ་རེད་འདུག འདི་ལོའི་བེུད་རྣམས་ལ་དམིགས་བསལ་གྱི་རྐང་སྤོལ་སྦྱོང་བརྡར་ཐེངས་བཞི་པ་དེ་ཕྱི་ཟླ་ ༡༢ ཚེས་ ༢༡ ནས་འགོ་བཙུགས་ཀྱིས་ཟླ་བ་འདིའི་ཚེས་ ༩ བར་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་གནང་མུས་རེད་འདུག ད་ལན་གྱི་སྦྱོང་བསྡར་དེའི་ནང་བོད་ཁྱིམ་སློབ་གྲྭ་ཁག་དྲུག་དང་དེ་ར་དུན་དུ་རྟེན་གཞི་བྱས་པའི་ནེ་ཧ་རུའི་རྗེས་དྲན་སློབ་གྲྭ་ (Nehru Memorial School) དེ་བཞིན་པོན་ཊ་སཾ་བྷོ་ཊ་གཏན་སློབ་བཅས་བོད་སློབ་ཁག་བརྒྱད་ནས་སློབ་ཕྲུག་བུ་མོ་ ༢༠ ནས་མཉམ་ཞུགས་བྱས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེ་སྐལ་བཟང་དོན་འགྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་དེ་སྔ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་ཕྱི་ལོ་ ༡༩༩༩ ལོར་བོད་ཀྱི་བུ་རྐང་རྩེད་སྤོ་ལོའི་རུ་ཁག་གཅིག་ཆེད་བཙུགས་ཞུས་ཐུབ་པ་ལྟར། ད་ལན་ང་ཚོས་བོད་པའི་བེུད་ཚོར་སྦྱོར་བརྡར་ཞིག་ཕུལ་ནས་མ་འོངས་པར་ཕྱི་ལོ་ ༢༠༡༩ ལོའི་ནང་ཚད་ལ་ཆེས་ཐོག་མའི་བོད་ཀྱི་བུ་མོ་རྐང་རྩེད་སྤོ་ལོའི་རུ་ཁག་ཚད་ལྡན་གཅིག་ཐོན་ཐུབ་ངེས་ཡིན་པ་གསུངས་གནང་གི་འདུག

རེས་གཟའ་ཟླ་བ། ༢༠༡༦།༠༡།༠༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཕྱི་གསལ་ནང་གསལ་དང་དྲང་བདེན་སྒོ་ནས་ཕྱག་ལས་གནང་གལ་ཡིན་པའི་ལམ་སྟོན་མཛད་པ། རྩིས་པ་གཅིག་གི་ལས་འགན་གཙོ་བོ་སྔོན་རྩིས་ཚད་ལྡན་བཟོ་ཐུབ་དགོས་རེད་གསུངས་འདུག སྨན་བཅོས་ལྟ་སྐྱོང་ལས་གཞིར་བརྒྱ་ཆ་༧༠ཆག་ཡང་གཏང་རྒྱུ། རྒྱ་གར་བྱང་ཤར་ཁུལ་དུ་ས་ཡོམ་གྱི་གནོད་སྐྱོན། ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། མདོ་སྟོད་འོས་མི་སེར་རྟ་ཚུལ་ཁྲིམས། Monday 04/01/2016 Be honest, transparent and truthful: Dalai Lama to Indian civil servants TMS announces 70% subsidy to vulnerable sections of exile Tibetans Workshop for accountants of Tibetan settlement offices kicks off in Dharamsala Major earthquake jolts northeast India My MP: Dotoe Candidate Serta Tsultrim

༸གོང་ས་མཆོག་གིས་རྒྱ་གར་གི་གཞུང་ཞབས་པ་ཁག་ཅགི་ལ་དྲང་བདེན་དང་ཕྱི་གསལ་ནང་གསལ་གནང་དགོས་པའི་ལམ་སྟོན།

ཕྱི་ཟླ་ ༡ ཚེས་ ༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊའི་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནང་གི་རྒྱ་གར་གཞུང་ཞབས་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་བའི་ཁྲོད། རྣམ་ཀུན་ཕྱག་ལས་གནང་སྐབས་ངོ་ལྐོག་མེད་པར་དྲང་པོ་དང་ཕྱི་གསལ་ནང་གསལ། དེ་བཞིན་བདེན་པ་བཅས་ཀྱི་ཐོག་ནས་ཕྱག་ལས་གནང་གལ་ཆེ་བ་མ་ཟད། དེ་ལྟར་གནང་ཚེ་མི་དམངས་ཀྱི་ཡིད་ཆེད་འཕེར་ཐུབ་ངེས་ཡིན་པར་ལམ་སྟོན་མཛད་འདུག དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་མཆོག་གིས་སྐབས་དེར་ཐུགས་དགྱེས་ཚོར་ཆེན་པོ་དང་བཅས་འཚམས་འདྲི་གནང་པ་དང་སྦྲགས། འཛམ་གླིང་འདིའི་ནང་འགྲོ་བ་མིའི་རིགས་ཐེར་འབུམ་བདུན་ལྷག་ཡོད་པའི་ཁྲོད། མི་རིགས་དང་ཆོས ཁས་ལེན་མིན་དང་ཆོས་དད་ཡོད་མིན་སོགས་ཀྱི་ཁྱད་པར་སྒོ་ནས་དཀའ་རྙོག་ཁག་ཅིག་ཡོང་གི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་ཚང་མ་རྩ་བའི་ཆ་ནས་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་བསམ་བློ་གོང་མཐོར་ཐོངས་དགོས་གལ་ཡིན་པ་བཀའ་གནང་གི་ཡོད་ཅིང། ཁྱེད་གཞུང་གི་ལས་བྱེད་པ་རྣམས་ནས་ཀྱང་མི་དམངས་ཀྱི་བདེ་སྡུག་གཙོ་བོར་གཟིགས་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམས་པ་ཞིག་བྱུང་ཐུབ་ཚེ། རང་གཞན་གཉིས་ཀའི་དབར་གྱི་བློ་དོགས་དང་མི་མཐུན་པའི་རྣམ་འགྱུར་སོགས་གང་ཡང་མེད་པ་ཆགས་པ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་འདི་བཞིན་བདེ་སྐྱིད་དང་ལྡན་པ་ཞིག་སྐྲུན་ཐུབ་ངེས་ཡིན་པ་བཀའ་བསྩལ་འདུག ད་དུང་༸གོང་ས་མཆོག་གིས་ཨ་རི་ནང་དུ་ཞི་བདེ་དང་བྱམས་སྙིང་རྗེའི་བསམ་པ་སོགས་གོང་མཐོར་སྤེལ་ཐབས་སུ་ས་གནས་གྲོང་ཁྱེར་གྱི་མིང་ལ་བྱམས་བརྩེའི་གྲོང་ཁྱེར་ཞེས་སོགས་མིང་བཏགས་ནས་དོ་སྣང་གནང་གི་ཡོད་པ་ལྟར། མ་འོངས་པར་རྒྱ་གར་དང་ཡོ་རོབ་སོགས་ཀྱི་སློབ་གྲྭའི་སློབ་ཚན་ནང་དུའང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་འཚེ་བ་མེད་པའི་ལྟ་གྲུབ། དེ་བཞིན་བྱམས་སྙིང་རྗེ་སོགས་ཀྱི་སྐོར་ལ་སློབ་འཁྲིད་གནང་ཐུབ་དགེ་མཚན་ཡོང་རྒྱུའི་སྐོར་བཀའ་བསྩལ་ཏེ། དེ་གར་བཅར་བའི་རྒྱ་གར་གྱི་ལས་བྱེད་པ་རྣམས་ལ་རང་་གི་གནའ་བོའི་རིག་གཞུང་ཐོག་ཐུགས་སྣང་དང་། ལྷག་པར་དུ་རང་གི་རིན་ཐང་བྲལ་བའི་འཚེ་བ་མེད་པའི་ལྟ་གྲུབ་སོགས་མི་ཉམས་གོང་འཕེལ་གནང་རྒྱུའི་འགན་ཡོད་སྐོར་སོགས་ལམ་སྟོན་རྒྱ་ཆེ་བསྩལ་འདུག

འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཐོག་བརྒྱ་ཆ་ ༧༠ ཆག་ཡང་གནང་རྒྱུ་ཡོངས་བསྒྲགས་གནང་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཉམས་ཐག་དང། དགེ་བཙུན། བོད་ནས་ཕེབས་པ་བཅས་ལ་དམིགས་བསལ་གྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་བརྒྱ་ཆ་ ༧༠ ཆག་ཡང་གནང་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་རེད། དེ་ཡང་ད་ལན་གྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདིར་དམིགས་བསལ་གྱི་ཆག་ཡང་གནང་དོན་ནི།  སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེ་བཞིན་ནུས་འཕེལ་དང་བཙན་བྱོལབོད་མིའི་སྤྱི་ཚོགས་ནང་རྒྱུན་གནས་ཐུབ་ཐབས་ཙམ་དུ་མ་ཟད། ལྷག་པར་དུ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་ནང་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་ཚང་མར་ཁྱབ་ཐུབ་པའི་ཆེད་ཡིན་པ་རེད་འདུག གཞི་རྩའི་བཙན་བྱོལ་ནང་གི་བོད་མི་ཁྲི་དགུ་ལྷག་ལ་སྨན་བཅོས་ཀྱི་ཉེས་སྲུང་མེད་པ་ཞིག་ཆགས་ཀྱི་ཡོད་སྟབས། དེ་སྔོན་བཀའ་ཤག་སྐབས་ ༡༣ པའི་དགོངས་དོན་དང། འདི་བཞིན་ད་ལྟའི་བཀའ་ཤག་སྐབས་ ༡༤ པའི་ལམ་སྟོན་བཅས་ཀྱི་འོག ཕྱི་ལོ་ ༢༠༡༢ ལོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བོད་མི་ཚོར་འཕྲོད་བསྟེན་ཉེས་སྲུང་ཁོ་ནར་སྨན་པའི་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཞེས་པ་ཞིག་དབུ་བཙུགས་གནང་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ད་རེས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་དེ་སྔོན་ཨ་རིའི་ཐེབས་རྩེ་ཁང་ནས་དཔལ་འབྱོར་རོགས་དངུལ་ཐོབ་པ་གཞི་བཟུང། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་ནང་མང་ཚོགས་ལ་བརྒྱ་ཆ་ ༧༠ ཆག་ཡང་གཏོང་གནང་རྒྱུ་ཡིན་འདུག་པ་དང། ད་རེས་འཕྲོད་བསྟེན་ལས་ཁུངས་ནས་བཏང་བའི་ཆག་ཡང་བརྒྱ་ཆ་ ༧༠ དེ་དངུལ་བབ་ལ་གཞིགས་ན། ཧིན་སྒོར་ ༣༥༦༥ ནས་ ༢༥༠༠ ཆག་ཡང་ཐོབ་ཀྱི་ཡོད་པ་རེད་འདུག ཆག་ཡང་ཐོབ་གནང་ཡུལ་གྱི་མིང་གཞུང་ཁོངས་སུ། བཙན་འབྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཉམས་ཐག་ B ནས་ D བར་དང། དགེ་འདུན་པ་བཙུན་མ། ༡༩༩༤ རྗེས་སུ་བོད་ནས་གསར་དུ་ཕེབས་པ་ཚོ་དང། ཕྲུ་གུ་གསུམ་ལས་མང་བ་ཡོད་པའི་ཁྱིམ་ཚང། རྒན་གསོ་ཁང། གཉེན་ནད་རེགས་དུག་ཀྱི་ནད་པ་ཡོད་པའི་ནང་མི་དང། དེ་བཞིན་དབང་པོ་སྐྱོན་ཅན་ཡོད་པའི་ནང་མི། རྒྱ་གར་བྱང་ཕྱོགས་ལ་དྭགས་བྱང་ཐང་ཁུལ་དང། བྱང་ཤར་ཨ་རུ་ན་ཅལ་མངའ་ཁུལ་གྱི་ས་ཁུག་དུ་གནས་པའི་བོད་མི། གཞན་ཡང་ཨར་པོ་ངལ་རྩོལ་བ་དང་དེའི་ནང་མི་བཅས་ལ་ཆག་ཡང་གནང་རྒྱུ་རེད་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཐེངས་ལྔ་པའི་ནང་ཐོ་འགོད་གནང་བློ་མཆིས་རིགས་ནས་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ནས་ཕྱི་ཟླ་ ༢ ཚེས་ ༢༠ བར་གནང་དགོས་པ་རེད་འདུག

གསེར་རྟ་ཚུལ་ཁྲིམས།

གསེར་རྟ་ཚུལ་ཁྲིམས། ཕབ་ལེན།

Latest news