Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2021

རེས་གཟའ་པ་སངས། ༢༠༢༡།༠༧།༢༣

ཉན་པ།: Listen ཕབ་ལེན། Download ཞི་ཅིན་ཕིང་ནས་ལྟ་སྐོར་ཁྲོད་ཕྱིའི་འཛུགས་སྐྲུན་ལ་མ་དམིགས་པར་གྲོས་མོལ་བསྐྱར་གསོ་བྱེད་དགོས། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལས་བྱེད་གཙོ་གྲས་གཙོས་བོད་མིའི་ཁག་ཅིག་ལ་གསང་ཉུལ། ཨ་རིའི་ཕྱི་སྲིད་དྲུང་གཞོན་མཆོག་རྒྱ་ནག་ལ་ཕེབས་སྐབས་བོད་དོན་གླེང་དགོས་པའི་འབོད་སྐུལ། རྒྱ་ནག་དམར་ཤོག་ཚོཊ་པ་ལོ་བརྒྱ་འཁོར་བའི་མཛད་སྒོ་མཇུག་སྒྲིལ་དང་བསྟུན་རྒོལ་བའི་ཁྲོམ་སྐོར། གཞོན་སྐྱེས་ཚོས་ནང་ཆོས་དང་འབྲེལ་བའི་བོད་ཡིག་ཐོག་གི་ཕྱག་དེབ་གང་བཀླག་དགོས་པ། Friday 23/07/2021 CTA urges Xi to fulfill Tibetan aspiration and resume Tibet dialogue Dalai Lama's inner circle listed on Pegasus project data Rights group urge US Deputy Secretary of State to raise Tibet during China visit Tibetan women mark black day as China concludes CCP Centenary celebration Books on Buddhism: recommendation for the youth

ཞི་ཅིན་ཕིང་གིས་ལྟ་སྐོར་ཁྲོད་བོད་ནང་གི་ཕྱིའི་འཛུགས་སྐྲུན་རྒྱ་སྐྱེད་ཁོ་ནར་མ་དམིགས་པར་གྲོས་མོལ་བསྐྱར་གསོ་ཐུབ་པ་ཞིག་བྱེད་དགོས་ཞེས་གསུངས་སོང་།

ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་གྱི་འགན་འཁུར་ནས་ད་རེས་ཆེས་ཐོག་མ་བོད་ཀྱི་ཀོང་པོ་ཉིང་ཁྲི་དང་དེ་བཞིན་རྒྱལ་ས་ལྷ་ས་སོགས་སུ་གསང་བའི་ཐོག་ནས་ལྟ་སྐོར་དུ་བསྐྱོད་པ་དང་། ཕྱི་ཚེས་ ༢༡ ཉིན་བོད་ཀྱི་ཉིང་ཁྲིའི་སྨན་གླིང་གནམ་ཐང་དུ་འབྱོར་རྗེས་ཁུལ་དེའི་ཉང་ཆུའི་ཟམ་ཆེན་དུ་བསྐྱོད་དེ་ཡར་ཀླུང་གཙང་པོ་ལ་ལྟ་སྐོར་དང་། དེ་རྗེས་ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དང་ཀོང་པོའི་སྤྱི་གླིང་བཅས་སུ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལས་འཆར། འཛུགས་སྐྲུན་གྱི་ལས་གཞི་སོགས་ལ་རྟོག་ཞིབ་བྱས་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༢༢ ཉིན་ཉིང་ཁྲིའི་མེ་འཁོར་འབབ་ཚུགས་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བཅས་ལ་ལྟ་སྐོར་བྱས་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་དེ་ཕོ་བྲང་པོ་ཏ་ལ་དང་བར་སྐོར། དེ་བཞིན་དཔལ་ལྡན་འབྲས་སྤུངས་དགོན་པ་བཅས་སུ་སྐུ་སྲུང་བས་མཐའ་སྐོར་ནས་ལྟ་སྐོར་བྱས་ཡོད།སྐབས་དེར་ཞི་ཅིན་ཕིང་གིས་ས་གནས་མི་མང་ཚོ་ལ་གཏམ་བཤད་བྱས་པར་ཁོ་པ་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་མྱོང་ཡོད་པ་དྲན་གསོ་དང་སྦྲགས་ཏེ་འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བ་དང་དེ་བཞིན་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་དང་བསྟུན་སླར་ལྷ་སར་ཡོང་བ་ཞིག་ཡིན་པ་དང་། རྒྱ་ནག་གིས་མ་འོངས་པར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཡོངས་ལ་སྤྲོ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ་མ་ཟད། མང་ཚོགས་རྣམས་ནས་རྒྱ་ནག་གི་ལྟ་བ་ལ་བརྩི་བཀུར་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁར་སྐྱོད་དགོས་ཞེས་སོགས་བཤད་འདུགརླུང་འཕྲིན་ཁང་གིས་ཐེངས་འདིའི་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་སྐོར་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་སུ་བཀའ་འདྲི་ཁག་ཅིག་ཞུས་པར་ཞི་ཅིན་ཕིང་གི་ལྟ་སྐོར་འདི་ད་ལྟའི་རྒྱ་དཀར་གཉིས་ཀྱི་གནད་དོན་ཙམ་མིན་པར་གཙོ་བོ་བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ནས་ཡོང་བ་ཞིག་ཡིན་སྟབས། སྲིད་འཛིན་ཞི་ཅིན་ཕིང་གིས་ད་རེས་བོད་ནང་དུ་ལྟ་སྐོར་བྱས་ཡོད་པའི་ཁྲོད་བོད་ནང་གི་ཕྱིའི་འཛུགས་སྐྲུན་རྒྱ་སྐྱེད་ཁོ་ནར་མ་དམིགས་པར་བོད་མིའི་མངོན་འདོད་གང་ཡིན་པ་ངེས་ཤེས་རྙེད་པའི་ཐོག་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཐུབ་པ་ཞིག་བྱེད་དགོས་པར་གསུངས་སོང་།དེ་བཞིན་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཞི་ཅིན་ཕིང་གསང་བའི་འོག་བོད་ཀྱི་རྒྱལ་ས་ལྷ་སར་སྐྱོད་དོན་དང་ད་བར་བརྒྱུད་ལམ་ཁག་ཏུ་ཐོན་པའི་ཞི་ཅིན་ཕིང་གི་གཏམ་བཤད་སོགས་དང་འབྲེལ་བཀའ་ལན་གནང་བར་ཞི་ཅིན་ཕིང་གི་ས་གནས་མི་མང་ལ་གཏམ་བཤད་བྱས་ཡོད་པ་དེས་ད་བར་རྒྱ་ནག་གཞུང་ནས་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་སྟེ་ལོ་ ༧༠ འཁོར་བའི་སྐབས་འདིར་བོད་ནང་ལ་འཛུགས་སྐྲུན་དང་མི་མང་ལ་བདེ་སྐྱེད་སྐྲུན་ཐུབ་ཡོད་སྐོར་ཕྱིར་རྣམ་པ་ཐབས་དང་། ལྟ་སྐོར་དེའང་ཉིང་ཁྲི་ནས་འགོ་བཙུགས་པ་དེས་རྒྱ་དཀར་གཉིས་ཀྱི་ས་མཚམས་དང་འབྲེལ་བའི་གནད་དོན་ཐད་རྒྱ་ནག་གི་སྟོབས་ཤུགས་མངོན་གསལ་བྱེད་ཐབས་སོགས་ལ་དམིགས་ཡོད་པར་གསུངས་ཡོད།ད་རེས་ཞི་ཅིན་ཕིང་གི་ལྟ་སྐོར་འདིའི་ཁྲོད་རྒྱ་ནག་གི་དཔལ་འབྱོར་དང་ཚོང་འབྲེལ་གྱི་སྲིད་བློན་གཞོན་པ་ལིའུ་ཁཱ་ཟེར་བ་དེ་ཁྲིད་ཡོད་པར་བལྟས་ན་རྒྱ་ནག་གཞུང་ནས་མུ་མཐུད་ཚོང་དང་འཛུགས་སྐྲུན་ལ་དོ་སྣང་བྱས་པ་མ་གཏོགས་བོད་མིའི་དངོས་ཡོད་ཀྱི་དཀའ་ངལ་ལ་ལྟ་རྟོག་བྱ་རྒྱུ་ཁག་པོ་ཆགས་ཡོད་པར་གཟིགས་ཚུལ་བྱུང་ཞེས་གསུངས་སོང་།གཞི་རྩའི་སྲིད་འཛིན་ཞི་ཅིན་ཕིང་དེ་སྔ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་མྱོང་ཡོད་པ་མ་ཟད་སྐབས་དེར་ཁོང་གིས་ཕོ་བྲང་པོ་ཏ་ལའི་མདུན་ནས་གཏམ་བཤད་ཁྲོད་གྲངས་ཉུང་མི་རིགས་ཡོངས་དང་འབྲེལ་བ་དམ་ཟབ་ཐོག་ཏཱ་ལའི་རུ་ཚོགས་ཟེར་བའི་ཁ་བྲལ་གྱི་ལས་དོན་མཐའ་དག་ལ་གདོང་ལེན་བྱེད་དགོས་པ་སོགས་བཤད་ཡོད། ད་རེས་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་དང་ལྷག་པར་དུ་རྒྱ་གར་དང་ས་ཐག་ཉེ་བའི་བོད་ཀྱི་ཉིང་ཁྲི་ས་གནས་སུ་བསྐྱོད་པའི་གནད་དོན་དང་འབྲེལ་ཏེ། རྒྱལ་སྤྱིའི་དཔྱད་ཞིབ་པ་ཁག་ཅིག་ནས་འདི་ནི་རྒྱ་དཀར་གཉིས་ཀྱི་དབར་འཕྲད་བཞིན་པའི་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་བ་ཡོད་སྐོར་གསུང་མཁན་འདུགདེས་ན་རླུང་འཕྲིན་ཁང་གིས་བོད་ཀྱི་གྲོགས་པོ་རྒྱ་གར་གྱི་རྩོམ་པ་པོ་དང་གསར་འགོད་པ་སྐུ་ཞབས་ Vijay Kranti ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་ཞི་ཅིན་ཕིང་གི་ལྟ་སྐོར་འདི་དང་ཉེ་ཆར་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བའི་སྐབས་ཀྱི་གཏམ་བཤད་སོགས་ཕྱོགས་གང་ནས་བལྟས་ཀྱང་། ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གི་དམག་མི་ལ་དྭགས་ཁུལ་བཙན་འཛུལ་བྱེད་མ་ཐུབ་པའི་ཕམ་ཉེས་ཀྱི་གནད་དོན་དང་། ད་ལྟའི་༸གོང་ས་མཆོག་གི་མཚན་སྙན་གཟི་བརྗོད་ཁྲོད་མ་འོངས་པར་རྒྱ་ནག་གི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཐུབ་མིན་གྱི་འཇིགས་སྣང་ཁྲོད་ད་རེས་ཞི་ཅིན་ཕིང་རང་ཉིད་ཀྱི་ངོ་སྲུང་དང་སྣང་བརྙན་བསྐྱར་གསོ་ཐུབ་རྒྱུར་དམིགས་པ་ཞིག་རེད་ཅེས་གསུངས་ཡོད། ཁོང་ནས་ཞི་ཅིན་ཕིང་གི་ལྟ་སྐོར་དེས་བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་གཏང་དཀའ་བ་དང་། བོད་མི་དེ་དག་གིས་ད་བར་བོད་ཀྱི་གནད་དོན་གསོན་པོར་ཉར་ཚགས་ཐུབ་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ད་ལྟའི་ཆར་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་སོ་སོའི་རྩ་དོན་གྱི་སྙིང་པོ་དེ་དོར་བཞིན་ཡོད་པ་ནི་ང་བོད་ཀྱི་གྲོགས་པོ་ཞིག་ཡིན་པའི་ཆ་ནས་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་ཡོད། ཞི་ཅིན་ཕིང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཉིན་གྲངས་གསུམ་གྱི་རིང་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་མདོ་སྨད་རྐང་ཚ་དང་ཟི་ལིང་གྲོང་ཁྱེར་བཅས་སུ་སྐོར་བསྐྱོད་བྱས་ཡོད་པ་དང་། འདི་ལོ་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ ༡༠༠ འཁོར་བ་དང་ལྷག་པར་དུ་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བའི་དུས་སྐབས་དང་བསྟུན་ཏེ་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་དང་འབྲེལ། ས་གནས་མང་ཚོགས་ཐོག་སྔར་ལྷག་དམ་དྲག་རིགས་ཀྱང་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད།

ཨ་རིའི་ཕྱི་སྲིད་དྲུང་གཞོན་མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་སྐབས་བོད་དོན་ངེས་པར་དུ་གླེང་དགོས་པའི་འབོད་སྐུལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་རྒྱ་ནག་ལ་འཚམས་གཟིགས་ཕེབས་གཏན་འཁེལ་བ་ལྟར། ཁོང་གིས་ཐེངས་འདིའི་འཚམས་གཟིགས་སྐབས་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་ལྷག་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚབ་ལྷན་གྲོས་མོལ་མ་བྱས་བར་དུ་ཨ་རིའི་ངོས་ནས་དུས་ནམ་ཡང་ཁ་ཁུ་སིམ་པོར་གནས་མེད་པ་གསལ་པོ་བཟོ་དགོས་ཞེས་གསུངས་འདུགཉེ་ལམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག་ལྕམ་ Sherman མཆོག་ཟླ་བ་འདིའི་ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་ཀྱི་རིང་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་རྒྱུ་ཡིན་པར་ཡོང་གྲགས་གནང་བ་མ་ཟད་ལྕམ་  Sherman མཆོག་གིས་རང་ཉིད་ཀྱི་འཕྲུལ་སྒྲའི་ཐོག་ཁོང་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་པའི་སྔ་རོལ་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་ Sophie Richardson ལགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤ་ཡའི་ཞུ་གཏུག་འགན་འཛིན་ལྕམ་སྐུ་ Carolyn Nash ལགས། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འགན་འཛིན་ལྕམ་སྐུ་ Renee Xia ལགས་བཅས་རྣམ་པ་གསུམ་དང་ལྷན་བོད་ཀྱིས་གཙོས་པའི་ཤིན་ཅང་དང་ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་བཀའ་བསྡུར་གནང་བ་དང་། ལྷག་དོན་ཨ་རིའི་ངོས་ནས་ངལ་བ་ཆེས་ཆེར་འཕྲད་བཞིན་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གཙོས་འཛམ་གླིང་ཁྱོན་ཡོངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མུ་མཐུད་འགྱུར་བ་མེད་པར་བཞེངས་ཕྱོགས་བརྟན་པོ་ཡོད་སྐོར་གསུངས་འདུགཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་སང་ལས་ཁང་གི་འཕྲུལ་སྒྲའི་དྲྭ་གནས་ཐོག་ལྕམ་སྐུ་མཆོག་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་རྒྱུར་དགའ་བསུ་ཞུས་པ་དང་འབྲེལ། ལྕམ་སྐུ་མཆོག་གིས་གསུངས་པ་བཞིན་ཨ་རིས་རྒྱ་ནག་གཙོ་གྱུར་འཛམ་གླིང་ཁྱོན་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་འགྱུར་བ་མེད་པར་མུ་མཐུད་བཞེངས་ཕྱོགས་བརྟན་པོ་འཛིན་བཞིན་པའི་ཁྲོད་ད་རེས་ལྕམ་སྐུ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་དེ་ངེས་པར་དུ་གླེང་བའི་ཡིད་ཆེས་དང་རེ་བ་ཡོད་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཚབ་ལྷན་གྲོས་མོལ་མ་བྱས་བར་དུ་ཨ་རི་ངོས་ནས་དུས་ནམ་ཡང་ཁ་ཁུ་སིམ་པོ་གནང་ཐབས་མེད་ཅེས་ནན་པོ་གསུངས་དགོས་པའི་འབོད་སྐུལ་ཞུས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་དུང་ད་ལྟའི་ཆར་རྒྱ་ནག་གིས་དེ་སྔ་བྱུང་མྱོང་མེད་པའི་བོད་ཀྱི་ཐུན་མིན་ལེགས་བྱང་དང་ཡུལ་སྲོལ་གོམས་གཤིས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་དང་སྤེལ་མུས་ཁྲོད་འདིར་ཨ་རི་གཞུང་གིས་གོ་སྐབས་ནམ་བྱུང་ལ་བོད་ཀྱི་གནད་དོན་ཐད་རྒྱ་ནག་ལ་སྔར་བཞིན་གནོན་ཤུགས་སྤྲོད་དགོས་པ་ནི་ཆེས་ཛ་དྲག་གི་གནད་དོན་ཞིག་ཡིན་པར་གསུངས་འདུགགཞི་རྩའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རེས་གཟའ་ལྷག་པ་སྟེ་ཕྱི་ཚེས་ ༢༡ ཉིན་གཞུང་འབྲེལ་གྱི་སྤྱི་བསྒྲགས་ཤིག་སྤེལ་བར་གཞིགས་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་གཞོན་ལྕམ་ Wendy Sherman མཆོག་ཕྱི་ཚེས་ ༢༥ དང་ ༢༦ ཉིན་གྲངས་གཉིས་ཀྱི་རིང་རྒྱ་ནག་གི་ནུབ་བྱང་གྲོང་ཁྱེར་ Tianjin དང་ཕྱི་ཚེས་ ༢༧ ཉིན་དཀྱིལ་ཤར་ Oman རྒྱལ་ཁབ་ནང་ཉིན་གྲངས་གཅིག་གི་རིང་འཚམས་གཟིགས་གནང་རྒྱུ་དང་། ལྕམ་སྐུ་མཆོག་ནས་ Tianjin  དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་མཇལ་འཕྲད་གནང་གཏན་ཁེལ་ཡོད་པ་རེད་འདུགཁོང་ད་ལན་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་དོན་ནི། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་དངོས་སུ་མཇལ་འཕྲད་ཀྱིས་ཨ་རིའི་ཁེ་ཕན་དང་རིན་ཐང་ཁག་གོང་འཕེལ་གཏོང་ཐབས་དང་ལྷག་དོན་ཉེ་བའི་ལོ་ཤས་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་དུ་འགྲོ་མུས་ཀྱི་གནད་དོན་མང་དག་ཅིག་གི་ཐད་ལ་འགན་འཁུར་ལྡན་པའི་ཕྱག་བསྟར་ཡོང་ཐབས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུ་སྤྱི་དང་། སྒོས་ཨ་རིའི་ངོས་ནས་ཆེས་ཐུགས་འཚབ་ཡོད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་ཁག་ཅིག་གི་སྐོར་ལ་ཞལ་སངས་པོའི་ཐོག་ནས་བཀའ་བསྡུར་གནང་རྒྱུ་ཡིན་པར་གསུངས་འདུགསྤྱིར་ལྕམ་ Wendy Sherman མཆོག་གི་ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་ནི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་རྒྱ་ནག་ནང་ཨ་རིའི་གནད་ཡོད་དཔོན་རིགས་མཐོ་གྲས་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༢༡།༠༧།༢༢

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལྷ་སར་འབྱོར་འདུག བོད་མི་གཙོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁག་ཉམས་རྒུད་འགྲོ་བཞིན་པར་མངོན་གསལ། ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གྲྭར་ལུགས་ལ་མ་བརྟེན་བཟང་སྤྱོད་ཀྱི་བསླབ་གཞི་ཕྱག་བསྟར་གནང་རྒྱུ། རྒྱ་ནག་གིས་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཉན་རིམས་རྟོག་ཞིབ་ཞུ་སྐུལ་ལ་རྩིས་མེད། གཉན་རིམས་ཀྱི་ནད་རླབས་གསུམ་པའི་སྐབས་བོད་མིར་རྒྱ་ཁྱབ་མེད་པ་གནང་དགོས་པའི་གཞེན་སྐུལ། ཊེམ་པལ་གཙུག་ལག་སློབ་ཁང་གིས་མངོན་གསལ་མེད་པར་ཁུང་ཙི་སློབ་གླིང་སྒོ་བརྒྱབ་པ། རྒྱ་གར་ལྷོ་ཕྱོཊ་ཀྱི་མཐོ་སློབ་ཁག་སླར་དབུ་འཛུགས་གནང་འཆར་ཁྲོད་སློབ་མ་རྣམས་དགའ་ཚོར་དང་དངངས་སྐྲག་གི་ཚོར་བ། Thursday 22/07/2021 Xi Jinping visits Lhasa, first trip as Chinese President Chinese now tops Tibetan: new evidence of downgrading minority languages Kalmykia’s Minister of Education pledges to adopt SEE learning program China rejects WHO proposal for second Covid-19 origin study CTA cautions Tibetans against Covid 3rd wave as more Tibetans test positive Temple quietly closes its Confucius Institute as criticism of CCP rises Karnataka to re-open colleges, students express both relief and apprehension

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལྷ་སར་འབྱོར་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་རིང་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་འདུག་པ་དང་། ད་ལྟའི་ཆར་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་དེའི་སྐོར་གནས་ཚུལ་གང་ཡང་སྤེལ་མེད་ཀྱང་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཁོ་པ་རྒྱལ་ས་ལྷ་སའི་བར་སྐོར་ནང་སྐུ་སྲུང་བས་མཐའ་སྐོར་བའི་ཁྲོད་སྐྱོད་བཞིན་པའི་བརྙན་ཐུང་ཁག་གཅིག་མཐོང་རྒྱུ་འདུགསྤྱིར་རྒྱ་ནག་གི་གཞུང་འབྲེལ་མི་མང་དྲྭ་བའི་འཕྲིན་ལམ་ཐོག་དེ་རིང་ཕྱི་ཚེས་ ༢༢ རེས་གཟའ་ཕུར་བུ་ཉིན་ཕོ་བྲང་པོ་ཏ་ལ་ཉིན་གཅིག་གི་རིང་སྒོ་རྒྱག་རྒྱུ་ཡིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་ཀྱང་། དེའི་ནང་ཞི་ཅིན་ཕིང་ནས་ལྟ་སྐོར་བྱེད་ཡོད་མེད་གང་ཡང་བརྗོད་མི་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཐེངས་འདིར་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་པ་དེ་ནི་ཁོ་པ་རྒྱ་ནག་གི་སྲིད་འཛིན་ཆགས་པའི་རྗེས་ཐེངས་དང་པོ་ཡིན་པ་རེད། ཁོ་པ་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་གི་སྲིད་འཛིན་གཞོན་པའི་ངོ་བོའི་ཐོག་ནས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ ༦༠ འཁོར་བ་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་མྱོང་ཡོད་པ་མ་ཟད་སྐབས་དེར་ཁོ་པས་ཕོ་བྲང་པོ་ཏ་ལའི་མདུན་ནས་གཏམ་བཤད་ཁྲོད་གྲངས་ཉུང་མི་རིགས་ཡོངས་དང་འབྲེལ་བ་དམ་ཟབ་ཐོག་ཏཱ་ལའི་རུ་ཚོགས་ཟེར་བའི་ཁ་བྲལ་གྱི་ལས་དོན་མཐའ་དག་ལ་གདོང་ལེན་དགོས་པ་དང་བོད་ནང་བརྟན་ལྷིང་དཀྲུག་ཐབས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་དོ་ཕོག་གི་བྱ་ངན་རྩ་མེད་བཟོ་དགོས་སྐོར་བཤད་ཡོད། ད་རེས་ཁོ་པ་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་པ་དེ་ནི་འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་དང་དེ་བཞིན་བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ ༧༠ འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་སྟབས་དམིགས་བསལ་གནད་འགག་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ད་ལྟའི་ཆར་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཁོ་པ་ལྷ་སར་འབྱོར་བའི་བརྙན་པར་ཁག་གཅིག་ཕྱིར་འགྱར་བྱུང་བ་མ་གཏོགས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བ་རྩ་བ་ནས་མེད་སྟབས། བོད་མི་རྣམས་ཀྱིས་ཁོ་པ་འདི་ལྟ་བུ་གསང་བའི་ཐོག་ནས་ཡོང་དོན་གང་ཡིན་ལ་དོགས་དྲི་དང་ལ་ལས་ས་གནས་བོད་མིའི་ཁྲོད་ནས་ངོ་རྒོལ་གྱི་རྣམ་པ་བསྟན་པར་ཞེད་ནས་ཡིན་སྲིད་པ་དང་། དེ་བཞིན་བརྙན་ནང་ཁོ་པར་དགའ་བསུ་ཞུ་མཁན་བོད་མི་མང་པོ་མཐོང་རྒྱུ་མེད་པ་སོགས་མཆན་བཀོད་པ་བཅས་ཕྱོགས་ཡོངས་ནས་དམ་དྲག་ཆེན་པོ་ཡོད་པ་མངོན་གསལ་རེད་འདུགགཞི་རྩའི་ཁོ་པ་འདི་ལོའི་ཕྱི་ཟླ་ ༦ པ་ནང་ཉིན་གྲངས་གསུམ་གྱི་རིང་མཚོ་སྔོན་ཞིང་ཆེན་དུ་དབྱེ་བའི་མདོ་སྨད་རྐང་ཚ་དང་ཟི་ལིང་གྲོང་ཁྱེར་བཅས་སུ་སྐོར་བསྐྱོད་བྱས་ཡོད་པ་རེད།

བོད་མི་གཙོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁག་ཉམས་རྒུད་འགྲོ་བཞིན་པར་མངོན་གསལ།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་ལ་ཆེས་དམ་དྲག་གིས་རྒྱ་ཡིག་དེ་གལ་གནད་དང་པོར་བཞག་མུས་ཡིན་པ་མ་ཟད། ད་སྐབས་བོད་ཀྱི་ས་ཁུལ་གང་སའི་སྒོ་བྱང་ཐོག་བོད་ཡིག་ལས་རྒྱ་ཡིག་གོང་དུ་བྲིས་ཏེ་བོད་ཀྱི་སྐད་ཡིག་དེ་དངོས་དོན་གྱི་ཐོག་ནས་རིམ་པ་གཉིས་པར་གྱུར་ཡོད་པ་གསུངས་འདུག རྒྱ་གཞུང་གིས་དུས་ཡུན་རིང་པོ་ནས་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་ལ་བརྩི་སྲུང་བྱེད་ཀྱི་ཡོད་ཚུལ་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་ཡོད་པའི་སྤྱི་པའི་སྒོ་བྱང་ཁག་གི་ཐོག་བོད་སྐད་དང་རྒྱ་སྐད་བཅས་སྐད་ཡིག་གཉིས་ཤན་སྦྱར་དགོས་པའི་སྒྲིག་གཞི་ཡང་བཟོས་ཡོད་ཀྱང་། ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནས་ཁུངས་ལྡན་གནས་ཚུལ་རྒྱུས་ལོན་བྱུང་ཡོད་པར་འགྲེལ་བརྗོད་གནང་སྟེ་རྒྱ་གཞུང་གིས་བོད་མི་གཙོ་གྱུར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་བཅངས་པའི་བསམ་ཚུལ་ངོ་མ་དེ་ཤུགས་ཀྱིས་བསྟན་ཡོད་པར་མངོན་གསལ་གནང་འདུག རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ནང་དེ་སྔ་ཕྱི་ལོ་ ༡༩༨༠ གོང་ལ་བོད་ཡིག་དེ་དུས་རྟག་ཏུ་རྒྱ་ཡིག་གི་གོང་ལ་བཀུར་ནས་སྤྱི་པའི་མཚོན་རྟགས་ཀྱི་སྒོ་བྱང་དང་བརྡ་ཁྱབ། འཕྲེད་དར་སོགས་གང་རུང་ཐོག་བཀོད་ཀྱི་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་རུ་ཁག་ནས་འདས་པའི་ལོ་གཅིག་ནང་རྒྱ་ནག་གཞུང་འབྲེལ་གསར་ལམ་བརྒྱུད་གོང་ཞུས་གནད་དོན་སྐོར་གྱི་པར་རིས་ཁག་ཅིག་ཕྱོགས་སྒྲིག་གནང་བའི་ནང་དུ་བོད་ནང་དེ་སྔའི་འཕྲེད་དར་ཁག་ཅིག་མ་གཏོགས་གཞན་བོད་ནང་སྤྱི་པའི་སྒོ་བྱང་དང་ཡིག་བྱང་སོགས་མང་པོ་ཞིག་གི་སྟེང་རྒྱ་ཡིག་དེ་བོད་ཡིག་གི་གོང་དུ་བྲིས་ཡོད་པ་གསལ་འདུགའགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་ད་ལྟའི་ཆར་བོད་ཡིག་དེ་རྒྱ་ཡིག་ལས་ཆེ་མཐོང་ཆུང་བ་ཡོད་པ་མ་ཟད་རྒྱ་ཡིག་དེ་ཡུལ་དེའི་གཞུང་འབྲེལ་གྱི་སྤྱི་མཐུན་སྒོ་བྱང་ཁག་ལ་བཀོད་རྒྱུ་ཡོངས་གྲགས་བྱས་མེད་ཀྱང་ད་ཆ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་ཐག་རིང་གྲོང་གསེབ་ཁག་ཡོངས་སུ་གཅིག་གྱུར་ལག་བསྟར་བྱེད་བཞིན་ཡོད་པ་དང་དེ་ནི་དབུས་གཞུང་གིས་གཉེར་དགོས་པའི་བཀའ་རྒྱ་བསྡམ་པ་ཞིག་ཡིན་པ་ར་སྤྲོད་གནང་འདུག ད་རེས་བོད་ནང་གི་སྤྱི་པའི་སྒོ་བྱང་ཁག་ཐོག་བྲིས་པའི་སྐད་ཡིག་དག་ལ་བསྒྱུར་བཅོས་བཏང་བ་དེ་ནི་འདས་ལོའི་ཕྱི་ཟླ་ ༨ ཚེས་ ༣༠ ནས་མངོན་གསལ་ཆགས་འགོ་ཚུགས་ཡོད་པ་དང་དེ་ནི་སྔ་ལོ་ཟླ་ ༨ ནང་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དེ་ཚོགས་ཏེ་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ཐོག་གི་སྲིད་བྱུས་གསར་པ་ཡོངས་གྲགས་བྱས་པའི་རྗེས་ཀྱི་ཉིན་མོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་འདྲེས་རྒྱུ་དང་དེ་དག་ལ་རྒྱལ་ཞེན་གྱི་སློབ་གསོ་སྤྲོད་རྒྱུའི་སྲིད་བྱུས་སོགས་ལག་བསྟར་བྱ་རྒྱུ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་བཏང་ནས་རྒྱ་ནག་གི་ཁེ་ཕན་ཁོ་ན་ཉིད་བསྒྲུབ་ཆེད་ཡིན་པར་མངོན་གསལ་གནང་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ད་དུང་རྒྱ་ནག་གཞུང་གིས་སྐད་གཉིས་སློབ་གསོ་ཟེར་བའི་སྲིད་བྱུས་འོག་དོན་དངོས་ཐོག་བོད་ནང་གི་གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་བོད་ཀྱི་སྐད་ཡིག་སློབ་ཚན་གཅིག་པུ་མ་གཏོགས་གཞན་སློབ་ཚན་ཚང་མ་རྒྱ་སྐད་རྒྱ་ཡིག་ནང་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། ནང་སོག་ནང་དུའང་དེ་ལྟ་བུའི་སྲིད་བྱུས་ལག་བལྟར་བྱེད་བཞིན་རྐྱེན་གྱིས་སྔ་ལོ་ཕྱི་ཟླ་ ༩ པའི་ནང་ངོ་རྒོལ་སྐད་འབོད་ཀྱི་དོན་རྐྱེན་བྱུང་ཡོད་པ་སོགས་ལུང་འདྲེན་དང་འབྲེལ་ཏེ། རྒྱ་གཞུང་གིས་ད་སྐབས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་མུས་ཡིན་ཀྱང་མངོན་གསལ་དེ་ཙམ་མེད་པར་འགྲེལ་བརྗོད་གནང་བ་མ་ཟད་དེང་ཆར་རྒྱ་ནག་ཏུ་ལས་དོན་གང་ཞིག་གཉེར་རྒྱུར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་ཉེར་མཁོ་དེ་ཙམ་མེད་པར་གྱུར་ཡོད་པར་འགྲེལ་བརྗོད་གནང་འདུག

ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་མཆོག་གིས་ཆོས་ལུགས་ལ་མ་བརྟེན་བཟང་སྤྱོད་ཀྱི་བསླབ་གཞི་སློབ་གྲྭར་ཕྱག་བསྟར་གནང་རྒྱུར་ཞལ་བཞེས།

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་སྐུ་ཞབས་ Erdne Barinov མཆོག་དང་མཇལ་འཕྲད་གནང་སྟེ། SEE Learning ཞེས་སྤྱི་ཚོགས་དང་སེམས་མྱོང་བཟང་སྤྱོད་བཅས་ཀྱི་ཤེས་ཡོན་བསླབ་གཞི་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་ཆེད་སྒྲིག་གནང་བ་ཞིག་ཡིན་པ་སོགས་ངོ་སྤྲོད་གནང་ཡོད་པ་དང་། སྐབས་དེར་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤེས་རིག་བློན་ཆེན་མཆོག་ནས་ཡུལ་དེའི་སློབ་གྲྭར་ཆོས་ལུགས་ལ་མ་བརྟེན་བཟང་སྤྱོད་ཀྱི་བསླབ་གཞི་ཕྱག་བསྟར་གནང་རྒྱུའི་ཞལ་བཞེས་གནང་བ་དང་སྦྲགས་ཏེ་རིམ་བཞིན་བསླབ་གཞི་དེ་ཕྱག་བསྟར་གནང་སྟངས་ཐད་འབྲེལ་ཡོད་དགེ་རྒན་དང་ཆེད་ལས་མི་སྣ་སོགས་དང་ལྷན་དུ་ཚོགས་འདུ་ཁག་ཅིག་ཀྱང་བསྐྱང་རྒྱུ་ཡིན་པར་གསུངས་འདུགརུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ལ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་པར་ཨུ་རུ་སུའི་ཁྱབ་ཁོངས་ས་གནས་ཁག་ཏུ་རིང་མིན་ཕྱི་ཟླ་དགུ་པ་ནས་སློབ་གྲྭ་ཁག་དབུ་འཛུགས་གནང་གི་ཡོད་སྟབས། ད་རེས་ཐོག་མ་དེ་ལ་ཁཱལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གྲྭ་ཁག་ཏུ་བཟང་སྤྱོད་ཀྱི་བསླབ་གཞི་དེ་དབུ་འཛུགས་གནང་སྟེ་རིམ་པས་ས་གནས་གཞན་ཁག་གི་གཞུང་དང་ས་གནས་ཀྱི་ཁྲིམས་ཁག་ལ་གཞིགས་ཏེ་དབུ་འཛུགས་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་དང་། འདས་པའི་ལོ་ཤས་རིང་ལ་ཁུལ་དེའི་ས་གནས་ཁག་ཏུ་བཟང་སྤྱོད་བསླབ་གཞི་སློབ་ཁྲིད་གནང་ཕྱོགས་སོགས་ཀྱི་ཐད་ལ་བགྲོ་གླེང་དང་ཟབ་སྦྱོང་གི་ལས་གཞི་མི་ཉུང་བ་ཞིག་སྤེལ་ཡོད་པ་སོགས་ངོ་སྤྲོད་གནང་ཡོད།

རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཏོག་ནད་རྟོག་ཞིབ་ཞུ་སྐུལ་རྩིས་མེད་བཏང་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་རིམས་ནད་ཀྱི་ཐོག་མའི་བྱུང་འཕེལ་དང་འབྲེལ་ནས་ཆེད་ལས་ཀྱི་ཞིབ་འཇུག་ཐེངས་གཉིས་བ་ཞིག་རྒྱ་ནག་ཏུ་གཏོང་རྒྱུར་རེ་བ་བྱས་ཀྱང་རྒྱ་ནག་གིས་ཞུ་སྐུལ་དེར་ངོས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུགདེའང་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཚོགས་ཀྱི་བློན་ཆེན་གཞོན་པ་ Zeng Yixin ཟེར་བས་དེ་རིང་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་འགྲེལ་བརྗོད་བྱས་པ་ལྟར་ན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་འདི་ལོའི་ལོ་འགོར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་གྱི་ནང་དུ་སླེབས་ནས་རྟོག་ཞིབ་ཟིན་པ་དང་། ཐེངས་འདིར་ཚོགས་ཆུང་གིས་ཏོག་དབྱིབས་རིམ་ནད་དེ་ཐོག་མར་རྒྱ་ནག་གི་ནད་དུག་བརྟག་དཔྱད་ཁང་ནས་ཁྱབ་ཡོད་པར་བསྙད་བཞིན་པའི་ཚོད་དཔག་གིས་སླར་ཡང་རྟོག་ཞིབ་རུ་ཁག་གཉིས་བ་ཞིག་རྒྱ་ནག་ཏུ་ཆེད་གཏོང་དགོས་བར་བརྗོད་པར་ཁོ་ཧང་སང་སོང་ཞེས་གསལ་བཤད་བྱས་འདུགགཞི་རྩའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཙོ་འཛིན་ Tedros Adhanom Ghebreyesus ལགས་ཀྱིས་བདུན་ཕྲག་སྔོན་མའི་ནང་དུ་ཡོངས་ཁྱབ་མ་ཡིན་པའི་ཚོགས་འདུ་ཞིག་གི་སྐབས་སུ། འཕྲོད་བསྟེན་ལྷན་ཚོགས་ཀྱི་ཆེད་མཁས་ཀྱི་རྟོག་ཞིབ་རིམ་པ་གཉིས་བ་ཞིག་རྒྱ་ནག་གི་ནང་དུ་ཆེད་བཅར་གྱིས་རྒྱ་ནག་གི་བརྟག་དཔྱད་ཁང་ཁག་ཅིག་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་སྐོར་དང་། ཏོག་དབྱིབས་རིམས་ནད་ཀྱི་ཐོག་མའི་མགོ་ཁུངས་འཚོལ་ཞིབ་བྱེད་རྒྱུ་དེ་ནི་ཚན་རིག་རང་བཞིན་གྱི་བྱེད་ལས་ཞིག་ཡིན་སྟབས་ཆབ་སྲིད་ཀྱིས་གནོན་ཤུགས་ཐེབས་ཐབས་མེད་པར་བརྗོད་དེ་རྒྱ་ནག་གིས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཡིག་ཚགས་ཁག་མཁོ་སྤྲོད་གནང་རྒྱུར་རེ་བ་གནང་བཞིན་ཡོད་པར་བརྗོད་ཡོད་ནའང་། རྒྱ་ནག་གིས་ཁོང་གི་རེ་བར་ལྟོས་མེད་ཀྱིས་ཐེངས་འདིའི་ཏོག་དབྱིབས་རིམས་ནད་ཀྱི་རྟོག་ཞིབ་རུ་ཁག་གཉིས་པའི་ལས་དོན་དེ་ཚན་རིག་རང་བཞིན་ཞིག་མིན་སྐོར་བརྗོད་དེ་ཆོག་མཆན་སྤྲད་མི་འདུག སྤྱིར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་གང་ས་ནས་ཏོག་དབྱིབས་རིམས་ནད་ཐོག་མར་ཁྱབ་བརྡལ་བྱུང་སའི་མགོ་ཁུངས་འཚོལ་ཞིབ་བྱ་དགོས་བའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་ལྟར། འདི་ལོའི་ཟླ་བ་དང་པོའི་ཟླ་དཀྱིལ་ཙམ་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་རིམས་ནད་བརྟག་དཔྱད་ཀྱི་ཆེད་མཁས་བ་དང་རྒྱ་ནག་གི་ཆེད་མཁས་བ་སོགས་གྱིས་ཏོག་ནད་ཐོག་མར་བྱུང་སའི་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནང་ཟླ་བ་གཅིག་ཙམ་བཞུགས་ནས་རིམས་ནད་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་པར་དྭོགས་གཞི་བྱས་པའི་མཚོ་ཟས་ཀྱི་ཁྲོམ་ར་དང་། དེ་བཞིན་ཚན་རིག་བརྟག་དཔྱད་ཁང་གཉིས་ལ་ཆེད་དུ་སོང་ནས་ཏོག་ནད་འགོས་ཁྱབ་ཀྱི་གསང་བ་རང་བཞིན་གྱི་སྣང་བརྙན་དེར་ཞིབ་འཇུག་བྱས་ཡོད་པ་རེད། ཕྱི་ཟླ་གསུམ་པའི་ནང་ཚོགས་ཆུང་གི་སྙན་ཐོ་འདོན་སྤེལ་དང་འབྲེལ་གཉན་རིམས་དེ་སེམས་ཅན་གཞན་བརྒྱུད་ཙི་ཙི་་སྒམ་པོ་ནས་མི་ལ་འགོས་པ་ཞིག་ཡིན་སྲིད་པའི་ཚོད་དཔག་གནང་སྟེ། དེའི་ཐོག་ད་དུང་རྟོག་ཞིབ་གཏིང་ཟབ་དགོས་གལ་ཡིན་པར་འགྲེལ་བརྗོད་གནང་བ་མ་ཟད། ཨ་རིའི་སྲིད་འཛིན་མཆོག་གིས་ཕྱི་ཟླ་ ༥ པའི་ནང་གཉན་རིམས་ཀྱི་འབྱུང་ཁུངས་ལ་བསྐྱར་ཞིབ་དགོས་སྐོར་བརྗོད་ཀྱང་། རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་ནས་ཏོག་དབྱིབས་རིམས་ནད་ཐོག་མར་རྒྱ་ནག་གི་ཚན་རིག་བརྟག་དཔྱད་ཁང་ནས་ཁྱབ་ཡོད་པར་བརྗོད་བཞིན་པ་དེར་ངོས་ལེན་བྱས་མེད་པ་མ་ཟད། བརྟག་དཔྱད་ཁང་དེ་དག་གི་ནང་དུ་རྒྱལ་སྤྱིའི་བདེ་འཇགས་རང་བཞིན་ལྡན་པའི་ཚད་གཞིའི་ཐོག་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་པར་བརྗོད་ཡོད་པ་རེད།གཞི་རྩའི་ཨ་རི་དང་ཨོ་གླིང་སོགས་ཀྱི་གཙོ་བྱས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་རྟོག་ཞིབ་རུ་ཁག་རྒྱ་ནག་གི་ནང་དུ་ཆེད་གཏོང་དགོས་བའི་འབོད་སྐུལ་རིམ་པ་བྱས་པ་ལྟར། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་དམིགས་བསལ་གྱི་རྟོག་ཞིབ་རུ་ཁག་རྒྱ་ནག་ཏུ་འདི་ལོར་ཕེབས་ཡོད་ནའང་། ད་ལྟའི་བར་དུ་ཏོག་དབྱིབས་རིམས་ནད་ཀྱི་ཐོག་མའི་མགོ་ཁུངས་འདི་རེད་ཟེར་བ་ཞིག་ད་དུང་རྙེད་སོན་བྱུང་མེད་ནའང་། ད་ཆ་རྒྱ་ནག་གིས་རྟོག་ཞིབ་རུ་ཁག་གཉིས་བ་རྒྱ་ནག་ཏུ་ཕེབས་རྒྱུར་ཆོག་མཆན་སྤྲད་མེད་པ་མ་ཟད། ཐོག་མར་རིམས་ནད་ཁྱབ་བརྡལ་སྐབས་ཀྱི་ཡིག་ཚགས་ཁག་ཀྱང་སྒེར་དབང་གལ་ཆེན་དུ་བརྩི་བཞིན་ཡོད་སྟབས་མཁོ་སྤྲོད་བྱེད་རྒྱུ་མིན་པར་བསྒྲགས་ཡོད་འདུག

ཊེམ་པལ་གཙུག་ལག་སློབ་གཉེར་ཁང་གིས་མངོན་གསལ་མེད་པའི་ཐོག་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་སྒོ་བརྒྱབ་པ།

ཟླ་སྔོན་མའི་ནང་དུ་ཨ་རི་ནང་དུ་རྟེན་གཞི་བྱས་པའི་ Temple གཙུག་ལག་སློབ་གཉེར་ཁང་གིས་མངོན་གསལ་མེད་པར་སློབ་ཁང་དེ་ནས་རྒྱ་ནག་གིས་ཐད་ཀར་སྟངས་འཛིན་ཡོད་པའི་ Confucius Institute ཞེས་པའི་ཁུང་ཙི་སློབ་གླིང་སྒོ་བརྒྱབ་པ་དང་སྦྲགས་ཏེ། Center for Chinese Language Instruction ཞེས་པའི་སློབ་གཉེར་ཁང་རང་ཉིད་ཀྱིས་རྒྱ་སྐད་སློབ་གཉེར་གནང་ཕྱིར་ལྟེ་གནས་ཁང་ཞིག་གསར་འཛུགས་གནང་འདུག Temple གཙུག་ལག་སློབ་གཉེར་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Stephen Orbanck ལགས་ཀྱིས་སློབ་གཉེར་ཁང་གི་ངོས་ནས་ཁུང་ཙི་སློབ་གླིང་སྒོ་བརྒྱབ་རྗེས་སློབ་ཁང་རང་གིས་རྒྱ་སྐད་བསླབ་ཕྱིར་ལྟེ་གནས་ཁང་དེའི་འགྲོ་གྲོན་ཡོངས་རྫོངས་སློབ་ཁང་གི་ཕྱི་འབྲེལ་ལས་དོན་ཚན་པས་གནང་བ་ལས་རྒྱ་ནག་གཞུང་དང་འབྲེལ་གང་ཡང་མེད་པར་མངོན་གསལ་གནང་བ་དང་འབྲེལ་ཏེ། གཙུག་ལག་སློབ་གཉེར་ཁང་གིས་མུ་མཐུད་ནས་རྒྱ་སྐད་སློབ་ཁྲིད་ལྟེ་གནས་ཁང་གསར་པའི་ཐོག་ནས་སློབ་མ་དག་ལ་རྒྱ་སྐད་དང་རྒྱ་ནག་གི་ལེགས་བྱང་སོགས་སློབ་ཁྲིད་གནང་ངེས་ཡིན་པར་མ་ཟད། སློབ་གཉེར་ཁང་དེ་དང་ Zhejiang Normal གཙུག་ལག་སློབ་གཉེར་ཁང་གཉིས་དབར་ཟུང་འབྲེལ་ཐོག་ནས་ལག་བསྟར་གནང་རྒྱུ་ཡིན་པར་གསུངས་འདུགསྤྱིར་ཨ་རིའི་ Delaware མངའ་ཁུལ་དུ་གནས་བཞུགས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Brian Fitzpatrick ལགས་ཀྱིས་ཨ་རིའི་མི་མང་རྣམས་ལ་རྒྱ་ནག་གིས་ཁུང་ཙི་སློབ་གླིང་སོགས་བརྒྱུད་ནས་རང་ཉིད་ཀྱི་ཆབ་སྲིད་མངོན་འདོད་དང་མཐུན་པའི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་ཐབས་སུ་རྩོལ་བ་ཆེས་ཆེར་བྱེད་བཞིན་སྐོར་ཉེན་བརྡ་གནང་ཡོད་པ་དང་འདི་བཞིན་ཏོག་དབྱིབས་གཉན་རིམས་ ༡༩པའི་འབྱུང་རྩ་ངོ་མ་གང་ཡིན་ཐད་ལ་ཞིབ་དཔྱོད་གནང་གལ་ཡིན་པར་གསུངས་ཡོད་པ་རེད། ལྷག་དོན་ཉེ་བའི་ཆར་ཁོང་གིས་ Fox News གསར་ཁང་ལ་བཅར་འདྲིའི་ལེ་ཚན་ཞིག་དང་ལེན་གནང་སྐབས་སུ་ཤེས་ཡོན་གྱི་ལྟེ་གནས་ཁང་ལ་ཉེན་ཚབས་ཆེ་བའི་དོན་གནད་གཉིས་ཡོད་པར་གསུངས་ཏེ་དང་པོ། རོབ་རྩིས་གནང་ཚེ་ཨ་རི་ནང་དུ་ཁུང་ཙི་སློབ་གླིང་ཉུང་མཐར་ ༥༠ ལྷག་ཤེས་ཡོན་བརྗེ་ལེན་གྱི་མིང་ཐོག་ནས་གསར་འཛུགས་དང་། དེའང་ང་ཚོས་ཤེས་གསལ་ལྟར་རྒྱ་ནག་གི་འདོད་པ་དང་མཐུན་པའི་ཆབ་སྲིད་ཀྱི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་རྒྱུ་ཡིན་པར་མ་ཟད། དོན་དངོས་ལ་རྒྱ་ནག་གཞུང་གི་ཤེས་ཡོན་ལས་ཁུངས་ཀྱིས་ ཐད་ཀར་སྟངས་འཛིན་གྱིས་ཨ་རིའི་མང་ཚོགས་ཚོས་དཔོག་པར་དཀའ་བའི་ངན་བྱུས་ཅན་གྱི་འཆར་ལྡན་སྲིད་བྱུས་ཡོད་སྐོར་གསུངས་འདུགཁོང་གིས་ད་དུང་རྒྱ་ནག་གཞུང་གིས་མཐོ་སློབ་ཁག་གི་སློབ་དཔོན་རྣམ་པ་དང་འབྲེལ་ལམ་བརྒྱུད་ནས་རྒྱ་ནག་ནས་ཨ་རིའི་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་པར་ངེས་མཁོའི་ F1 visa འམ་མཐོང་མཆན་རག་ཐབས་བྱས་ཏེ་འཕྲུལ་རིགས་ཀྱི་སློབ་གཉེར་ཐོག་ལ་དགོས་ངེས་ཀྱི་མ་དངུལ་ཆེད་གཏོང་བྱེད་ཀྱི་ཡོད་པ་རེད། ཨ་རིའི་མཐོ་སློབ་གྲགས་ཅན་བཅུར་ཆ་མཚོན་ན་དེ་དག་གི་སློབ་ཚན་ཁོངས་ནས་ཚན་རིག་དང་འཕྲུལ་རིགས། དེ་བཞིན་ལག་རྩལ་ལས་རིགས། ཨང་རྩིས་སོགས་ཀྱི་རྨང་གཞི་དང་ཐབས་ལམ། ཉམས་མྱོང་གི་ལག་བསྟར་ལེགས་ཤོས་རག་ཐབས་བྱེད་རྒྱུ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་ཡུལ་གཙོ་བོ་དེ་ཡིན་སྟབས། རྒྱ་ནག་གིས་བྱེད་བབས་དེའི་ཐོག་ནས་ཨ་རིའི་འཕྲུལ་རིགས་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་གནས་བབས་དེ་ཉེན་ཚབས་ཅན་དུ་གྱུར་བར་སོང་ང་ཚོས་ངེས་པར་དུ་མཐོ་སློབ་ཀྱི་ཤེས་ཡོན་གྱི་གནས་བབས་སྲུང་སྐྱོབ་གནང་དགོས་ཞེས་གསུངས་འདུགདེ་བཞིན་རྒྱ་གཞུང་གིས་སློབ་གྲྭ་དང་གཙུག་ལག་སློབ་ཁང་སོགས་ལ་དཔལ་འབྱོར་གྱི་མ་རྩ་བཏང་བ་དེས་ཤེས་ཡོན་གྱི་སྡེ་ཁག་ཏུ་ཁུང་ཙི་སློབ་གླིང་གིས་ཤུགས་རྐྱེན་ཡོད་པའི་ཁོར་ཡུག་བསྐྲུན་ཐབས་ཡིན་པར་གསུངས་པ་དང་ལྷན་ཅིག རྒྱ་ནག་གིས་ཤེས་ཡོན་གྱི་ལྟེ་གནས་ཁག་ཙམ་མིན་པར་རྩེ་རིགས་དང་བརྒྱུད་ལམ་ཁག འཕྲུལ་ལས་ཚོང་གཉེར་ཁང་། ལྷག་དོན་རྒྱལ་སྤྱིའི་གློག་བརྙན་སྡེ་ཁག་གི་ཚོགས་ཁང་ཆེ་བར་མ་ཤེར་གྱི་བདག་པོ་བྱས་ནས་གནོན་ཤུགས་སྤྲོད་བཞིན་ཡོད་པར་མངོན་གསལ་གནང་འདུག སྤྱིར་ཨ་རི་ནང་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་བརྒྱ་སྐོར་ཞིག་ཡོད་ཀྱང་ལོ་ཤས་ནས་རིམ་པས་ཁུལ་དེའི་ནང་གི་མཐོ་སློབ་ཁག་གིས་ཁུང་ཙི་སློབ་གླིང་སྒོ་བརྒྱབ་པར་བརྟེན་འདི་ལོའི་ཕྱི་ཟླ་ ༥ བར་ཁུང་ཙི་སློབ་གླིང་། ༤༧ དང་ཕྱི་ཟླ་བདུན་པ་བར་ཁུང་ཙི་སློབ་གླིང་། ༤༡ ཡོད་པར་གསལ་འདོན་གནང་ཡོད་པ་རེད། གཞན་ཡང་སྐུ་ཞབས་ Brian Fitzpatrick ལགས་ཀྱིས་ཏོག་དབྱིབས་གཉ་རིམས་ ༡༩ ཀྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་གོ་ལ་ཁྱོན་ལ་གཉན་རིམས་དེ་ཁྱབ་གདལ་གཏང་རྒྱུའི་བསམ་བློ་ཡོད་སྐོར་གསུངས་པ་དང་སྦྲགས་ཏེ་ཨ་རི་ངོས་ནས་གཉན་རིམས་དེའི་འབྱུང་རྩ་ངོ་མ་གང་ནས་ཡིན་པར་ཞིབ་དཔྱོད་གནང་གལ་དང་། དེའང་འཛམ་གླིང་ཁྱོན་ལ་རྒྱ་ནག་གདོང་རིས་ངོ་མ་དེ་ཆེད་བཏོན་ཐུབ་པ་མ་ཟད་ང་ཚོ་ཚང་མས་ངེས་པར་དུ་ཤེས་གནད་ཅིག་ཡིན་པར་གསུངས་འདུག

Latest news