Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2022

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བལ་ཡུལ་ནང་འཚམས་གཟིགས་གནང་རྒྱུ།

ཁ་ཉིན་ཕྱི་ཚེས་ ༡༠ ཉིན་ཨ་རིའི་རྒྱལ་ས་ Washington DC ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་ཨ་རིར་རྟེན་གཞི་བྱས་པའི་བལ་ཡུལ་གཞུང་ཚབ་པ་སྐུ་ཞབས་ Shridar Khatri ལགས་རྣམ་གཉིས་མཇལ་མོལ་གནང་ཡོད་པ་དང་ལྕམ་སྐུ་མཆོག་ཟླ་བ་འདིའི་གཟའ་འཁོར་གསུམ་པར་བལ་ཡུལ་དུ་འཚམས་གཟིགས་གནང་གི་ཡོད་པ་རེད།ལྕམ་སྐུ་ Uzra Zeya མཆོག་གིས་རང་ཉིད་ཀྱི་ twitter དྲྭ་ལམ་ཐོག་ཨ་རིར་རྟེན་གཞི་བྱས་པའི་བལ་ཡུལ་གཞུང་ཚབ་པ་སྐུ་ཞབས་ Shridar Khatri ལགས་དང་མཇལ་འཕྲད་གནང་བའི་པར་རིས་དང་ལྷན་བལ་ཡུལ་གཞུང་ཚབ་པ་དང་མཇལ་མོལ་བྱུང་བར་དགའ་པོ་བྱུང་ཞེས་དང་། མཇལ་མོལ་ཁྲོད་ཨ་རི་དང་བལ་ཡུལ་གཉིས་ཀྱི་མང་གཙོ་གོང་སྤེལ་གྱི་འབྲེལ་ལམ་དམ་ཟབ་ཀྱི་གནད་དོན་གཙོས་བེུད་ཀྱི་ཐོབ་ཐང་སོགས་གནད་དོན་མང་དག་ཐོག་བཀའ་བསྡུར་ལྷུག་པོ་བྱུང་ཡོད་སྐོར་བཀོད་འདུགདེ་བཞིན་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་ཁྲོད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བལ་ཡུལ་ནང་འཚམས་གཟིགས་གནང་རྒྱུའི་སྐོར་བཀའ་མོལ་བྱུང་བ་ལྟར་ལྕམ་སྐུ་མཆོག་ཟླ་བ་འདིའི་བདུན་ཕྲག་གསུམ་པར་ཁུལ་དེར་ཆེད་ཕེབས་གནང་རྒྱུ་དང་འཚམས་གཟིགས་ཁྲོད་རྒྱལ་ཁབ་གཉིས་ཀྱི་གནད་དོན་དང་ལྷག་པར་དུ་བལ་ཡུལ་ཁུལ་དུ་གནས་སྡོད་གནང་མཁན་བཙན་བྱོལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དང་འབྲེལ་བའི་ཐོག་བལ་ཡུལ་གཞུང་དང་ལྷན་དུ་བཀའ་བསྡུར་གནང་ངེས་ཡིན་སྐོར་གསུངས་འདུགཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་གནང་སྐབས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་མཇལ་འཕྲད་གནང་སྟེ་བོད་ཀྱི་ལོ་རྒྱུས་གནས་བབ་དང་ད་ལྟའི་བོད་ནང་གི་གནས་སྟངས། བོད་རྒྱའི་དཀའ་རྙོག་སེལ་ཐབས། བོད་རྒྱ་གྲོས་མོལ་ཡོང་ཐབས་སུ་ཐབས་ལམ་གསར་པ་ཇི་ཡོད། དེ་བཞིན་མ་འོངས་ཕྱག་ལས་གནང་ཕྱོགས་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་བཀའ་མོལ་གནང་ཡོད་པ་མ་ཟད། སྐབས་དེར་ལྕམ་སྐུ་ Uzra Zeya མཆོག་གིས་ཀྱང་སྐུ་སྒེར་གྱི་འཕྲུལ་སྒྲར་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་ཀྱི་སྐུ་པར་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་བྱུང་བར་དགའ་པོ་བྱུང་ཞེས་དང་། ཨ་རིའི་ངོས་ནས་བོད་ཀྱི་ཆོས་དང་སྐད་ཡིག་གཙོས་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་སྲུང་སྐྱོབ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུ། དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་པའི་སྤྱི་ཚོགས་ཀྱི་བདེ་དོན་ཐོག་མུ་མཐུད་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་བཀོད་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་ལྕམ་སྐུ་ Uzra Zeya མཆོག་དང་མཇལ་མོལ་གནང་སྐབས་སུ་ལྩམ་སྐུ་མཆོག་གིས་ཁོང་བཞུགས་སྒར་དྷརྨ་སཱ་ལཱར་ཕེབས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་ཚོ་དང་ལྷན་དུ་མཇལ་འཕྲད་གནང་རྒྱུའི་ཐུགས་བློ་ཡོད་སྐོར་གསུངས་པ་ལྟར། ལྕམ་སྐུ་མཆོག་རིང་མིན་བཞུགས་སྒར་དུ་ཆེད་ཕེབས་གནང་གི་ཡོད་པ་རེད།

ནི་ཐར་ལན་ཌི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ།

ནི་ཐར་ལན་ཌི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་ Amsterdam ནང་ས་གནས་བོད་མི་ཚོས་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འདུགཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱལ་ས་ Amsterdam ནང་གནས་སྡོད་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་ཏེ་མང་ཚོགས་འདུ་འཛོམས་ཆེ་བའི་གལ་ཆེའི་ས་ཚིགས་དང་ཁྲོམ་གཞུང་བཅས་སུ་བོད་དོན་དྲིལ་བསྒྲགས་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་འདུག་ཅིང། ནི་ཐར་ལན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་ རླུང་འཕྲིན་ཁང་ལ་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བའི་དགོས་དམིགས་གཙོ་བོ་ནི་ད་ལྟའི་ཆར་ལྕམ་སྐུ་ Eva van Tulden ལགས་ཀྱིས་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་མངའ་ཁུལ་དུ་ཟླ་བ་གཅིག་རིང་གི་རིང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་དེར་རྒྱབ་སྐྱོར་ཞུ་ཕྱིར་སྤེལ་བ་ཞིག་ཡིན་པ་གསུངས་སོང་།བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་གནང་མཁན་སྦེལ་ཇམ་གྱི་སྤྱི་ཚོགས་ལས་འགུལ་བ་རྒན་གྲས་དགུང་ལོ་ ༦༤ ལ་ཕེབས་པའི་ལྕམ་སྐུ་ Eva van Tulden ལགས་ནི་ཕྲུ་གུའི་ཤེས་ཡོན་ཐོག་ཕྱགས་ལས་གནང་མཁན་སྤྱི་ཚོགས་ལས་འགུལ་བ་ཞིག་ཡིན་ཅིང། ལོ་ཤས་སྔོན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཕེབས་སྐབས་ས་གནས་ཀྱི་སྐྱབས་བཅོལ་བོད་མི་ཚོ་དང་དངོས་སུ་ཐུག་འཕྲད་ཀྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག ལེགས་བྱང་སོགས་ཀྱི་སྐོར་ཆེས་ཐོག་མ་ངོ་སྤྲོད་བྱུང་འདུག ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་སྐད་ཡིག་དང་རིག་གཞུང་རྩ་བརླག་གཏོང་བཞིན་པའི་ཉེན་ཚབས་རང་བཞིན་ལ་གཟིགས་ཏེ་ཐུན་མིན་གྱི་རིག་གཞུང་དེ་དག་སྲུང་སྐྱོབ་གནང་ཕྱིར་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད།ཁོང་གི་ལས་འགུལ་དེའི་ནང་ས་གནས་སུ་ཡོད་པའི་བོད་རིགས་ཚོགས་པ་དང་གཟའ་འཇུག་སློབ་གྲྭ། བོད་པའི་རིག་གཞུང་ལྟེ་གནས་ཁང་དུ་ཆེད་སྐྱོད་ཀྱིས་གནས་ཚུལ་རྒྱུས་ལོན་དང། དེ་བཞིན་ས་གནས་ཡུལ་མིའི་ཁྲོད་བོད་ནང་དུ་བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་ཉེན་ཚབས་ཀྱི་རང་བཞིན་ཅན་དུ་གྱུར་ཡོད་སྐོར་གོ་རྟོགས་སོགས་སྤེལ་བཞིན་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༢༢།༠༥།༡༡

ཉན་པ།: Listen ཕབ་ལེན། Download ཞི་ཅིན་ཕིང་གི་དབང་འོག་ཏུ་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་སྐོར་སྙན་ཐོ་འདོན་སྤེལ། རྩ་སའི་བདག་དབང་གི་ཡིག་ཆ་ཕྱིར་བསྡུ་ལ་མོས་མཐུན་མེད་པའི་བོད་མི་ ༡༧༠ ལ་འདྲི་ཞིབ་བྱེད་བཞིན་པ། སྲིད་བློན་མོ་དཱི་མཆོག་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ཟླའི་ཚེས་བཅོ་ལྔ་ཉིན་ལུམ་བི་ནི་ཚལ་དུ་ཕེབས་གཏན་ཁེལ་བ། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་རྩིས་པ་རྣམས་ལྷན་འཛོམས་ཀྱིས་ཚོགས་འདུ་སྐོང་ཚོགས། ༸གོང་ས་མཆོག་གི་བཀའ་སློབ་ལས་རིམ། མང་གཙོའི་ལམ་ལུགས་ལ་ཤར་སྐྱོད་གནང་བའི་དགེ་མཚན་སྐོར། Wednesday 11/05/2022 Sucked our Marrow: Rights group launches report on Tibetan language and education rights under Xi Over 170 Tibetan nomads summoned and questioned in Golog, Tibet PM Modi to visit Lumbini in Nepal on Buddha Purnima CTA’s South zone CRO holds meet with settlement officers to discuss Karnataka grant FEATURE: HHDL on Tibetan Democracy

ཞི་ཅིན་ཕིང་གི་དབང་འོག་ཏུ་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་སྐོར་སྙན་ཐོ་འདོན་སྤེལ། 

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ Asian Dignity Initiative ཞེས་ཨེ་ཤ་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་གཉིས་ཟུང་འབྲེལ་གྱིས་ལོ་གཅིག་ཙམ་རིང་ལ་ཞི་ཅིན་ཕིང་གི་དབང་འོག་ཏུ་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་སྐོར་ཉམས་ཞིབ་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་དང་འབྲེལ། ད་ཆ་རྒྱ་ནག་གཞུང་གིས་བོད་ནང་ལ་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ཁག་འཛེམ་ཟོན་མེད་པར་ ལག་བསྟར་བྱེད་བཞིན་ཡོད་པ་མངོན་གསལ་གནང་སོང་། དེ་རིང་ཕྱི་ཟླ་ ༥ ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཚོགས་པ་གཉིས་ནས་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ་དབུ་འབྱེད་གནང་བའི་སྙན་ཐོའི་འགོ་བརྗོད་ལ་ང་ཚོའི་རུས་རྐང་འཇིབས་སོང་།: ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ཞེས་བཀོད་འདུག་པ་དང་། སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་རྒྱ་ནག་གཞུང་གིས་དུས་རབས་གསར་པའི་མི་རིགས་སྲིད་བྱུས་ཞེས་པའི་མིང་ཐོག་ནས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་མི་རིགས་ཐམས་ཅད་རྒྱ་བསྒྱུར་བྱེད་བཞིན་ཡོད་པ་ལྟར། སྙན་ཐོ་འདིའི་ནང་ལ་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་དང་བཅས་པ་རྩ་མེད་བཟོ་བཞིན་པའི་སྲིད་བྱུས་ཁག་ར་སྤྲོད་གནང་ཡོད་སྐོར་གསུངས་ཡོད། རྒྱ་ནག་གཞུང་ནས་ད་ཆ་བོད་ནང་གི་སྔོན་འགྲོའི་སློབ་གྲྭ་ཁག་གཙོས་ཤེས་ཡོན་གྱི་བསྟི་གནས་ཁག་དང་བོད་པའི་འབྲོག་སྡེ་ས་ཁུལ་གཙོ་གྱུར་མི་མང་གི་སྤྱི་ཚོགས་ནང་ལ་རྒྱ་ནག་གི་སྤྱི་སྐད་སློབ་ཁྲིད་དང་བེད་སྤྱོད་གཏོང་དགོས་པའི་བཙན་བཀའ་དང་ཟབ་སྦྱོང་སྣ་མང་སྤྲད་དེ་རྒྱ་གཞུང་གི་སྲིད་བྱུས་ཚད་མཐོ་པོའི་ཐོག་ལག་བསྟར་བྱེད་བཞིན་པ་སོགས་འགྲེལ་བརྗོད་གནང་སྟེ། ད་ལྟའི་རྒྱ་གཞུང་གི་བྱེད་སྟངས་དེ་དག་མི་ལོ་ ༦༣ ནང་གི་གནས་སྟངས་ཚབས་ཆེ་ཤོས་ཤིག་ཆགས་ཡོད་སྟབས་བོད་མིའི་ངོས་ནས་ཞུ་གཏུག་སོགས་ཀྱི་ལས་འགུལ་སྤེལ་ནས་ཐབས་ཤེས་གང་གནང་རྣམས་གསལ་བཟོ་གནང་རྒྱུའི་དུས་ལ་བསླེབས་ཡོད་ཅེས་གསུངས་སོང་།  ལྷག་པར་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་སྙན་ཐོ་དེའི་ནང་འཁོད་པའི་གནད་དོན་ཐོག་ཉམས་ཞིབ་གནང་བའི་བརྒྱུད་རིམ་ཁག་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་ནས་བོད་ནང་སྐད་ཡིག་སློབ་གསོ་གཙོས་དམ་དྲག་གི་སྲིད་བྱུས་དེ་སྔ་ནས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། སྲིད་བྱུས་དེ་དག་ཕྱི་ལོ་ ༡༠༡༦ ཙམ་ནས་དམ་དུ་བཏང་ཡོད་པ་མ་ཟད་ད་ལྟའི་ཆར་མི་རིགས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ཁག་ལག་བསྟར་བྱེད་སྟངས་དང་། རྒྱ་གཞུང་གི་འགོ་ཁྲིད་ཚོས་སྐད་ཆ་བཤད་སྟངས། དེ་བཞིན་སྲིད་བྱུས་དང་འབྲེལ་ཁྲིམས་གཏན་འབེབས་དང་ཁྲིམས་ཀྱི་ཚིག་གཞི་བཀོད་སྟངས་སོགས་ལ་གཞིགས་ན་མི་རིགས་ཀྱི་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་དམར་རྗེན་ཁོ་རང་ཐོག་ནས་ལག་བསྟར་བྱེད་བཞིན་པ་གསལ་པོ་ཆགས་ཡོད་ཅེས་གསུངས་ཡོད།    གཞི་རྩའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་ཆར་ཕྱི་ཚེས་ ༢༦ ཉིན་ཕྱི་ལོ་ ༢༠༢༡ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བྱེད་དང་ཆབ་སྲིད་ཀྱི་བཙན་གནོན་གཏོང་བྱེད་ཀྱི་སྒྲིག་ཁྲིམས་ཁག་ལ་ངེས་པར་དུ་བསྐྱར་བཅོས་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད། ད་རེས་འདོན་སྤེལ་གནང་བའི་ཞི་ཅིན་ཕིང་གི་དབང་འོག་ཏུ་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཤོག་གྲངས་ ༣༥ ཅན་ནང་བོད་དུ་ཤེས་ཡོད་དང་སྐད་ཡིག་གི་རང་དབང་། རྒྱ་གཞུང་གིས་གཏན་འབེབས་བྱས་པའི་ཤེས་ཡོན་དང་སྐད་ཡིག་གི་ཁྲིམས་སྒྲིག སྐད་ཡིག་དང་ཤེས་ཡོན་གྱི་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན། རྒྱ་གཞུང་གིས་བོད་ནང་བཙན་དབང་ཐོག་སློབ་གྲྭ་ཁག་ཅིག་སྒོ་རྒྱག་དགོས་པའི་གནས་སྟངས་སོགས་ཁྱོན་དོན་ཚན་ཆེ་ཁག་བཞི་ཙམ་བཀོད་འདུག

སྲིད་བློན་མོ་དཱི་མཆོག་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ཟླའི་ཚེས་བཅོ་ལྔ་ཉིན་ལུམ་བི་ནི་ཚལ་དུ་ཕེབས་གཏན་ཁེལ་བ།

དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། བལ་ཡུལ་གྱི་སྲིད་བློན་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གདན་འདྲེན་ཞུས་པར་ལྟར་ཟླ་བ་འདིའི་ཚེས་ ༡༦ དང་བོད་ཚེས་ ༡༥ ཉིན་སྟེ་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་ཁྱད་འཕགས་བ་གསུམ་འཛོམས་ Buddha Purnima ཉིན་ UNESCO ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་། ཚན་རིག་ལྷན་ཚོགས་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་ཏུ་ངོས་འཛིན་གནང་བའི་སྟོན་པའི་འཁྲུངས་ཡུལ་གནས་ཆེན་ལུམ་བི་ནི་ཚལ་དུ་ཕེབས་གཏན་འཁེལ་འདུག་པ་དང་། སྐབས་དེར་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ Sher Bahadur Deuba  མཆོག་ཀྱང་ཕེབས་འཆར་ཡོད་པ་རེད།གཞི་རྩའི་སྲིད་བློན་མོ་དཱི་མཆོག་ཟླ་བ་འདིའི་ནང་ཡོ་རོབ་གཙོས་ཉི་ཧོང་དང་བལ་ཡུལ་བཅས་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ནི་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་བྱུང་རྗེས་འཚམས་གཟིགས་སུ་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པར་མ་ཟད་བལ་ཡུལ་གྱི་འཚམས་གཟིགས་དེ་ནི་ཟླ་བ་སྔོན་མའི་ནང་ཡུལ་དེའི་གྱི་སྲིད་བློན་གྱིས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ཉིན་གསུམ་རིང་རྒྱ་གར་ནང་འཚམས་གཟིགས་ཕེབས་པའི་རྗེས་སུ་བྱུང་བ་ཞིག་ཆགས་ཡོད། རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་སྲིད་བློན་མོ་དཱི་མཆོག་གི་ཐེངས་འདིའི་འཚམས་གཟིགས་དེ་ནི་བལ་ཡུལ་དང་རྒྱ་གར་གཉིས་དབར་གྱི་འབྲེལ་ལམ་སྤྱི་དང་སྒོས་ཧིཾདུ་དང་ནང་པའི་ཆོས་གཞི་རྩར་བཟུང་བའི་ཕྱོགས་གཉིས་དབར་གྱི་ཐུན་མོང་གི་འབྲེལ་ལམ་སྔར་ལྷག་སྲ་བརྟན་གནང་རྒྱུ་དང་། ནང་ཆོས་དང་འབྲེལ་རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་ཀྱི་ནུས་པ་གོང་མཐོར་གནང་སླད་ཡིན་པར་གསུངས་འདུགའཚམས་གཟིགས་དེའི་ཁྲོད་དབུ་ཁྲིད་རྣམ་གཉིས་དབར་གཞུང་འབྲེལ་གྱི་གཉིས་མོལ་གནང་འཆར་མེད་ཀྱང་སྲིད་བློན་མཆོག་བལ་ཡུལ་ནང་མ་ཕེབས་གོང་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཁང་གི་གཞུང་ཚབ་པ་སྐུ་ཞབས་ Vinay Mohan Kwatra ལགས་རྒྱ་གར་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་གནང་དོན་ལྟར་ཁོང་གི་ཚབ་ཏུ་གཞུང་ཚབ་པ་གཞན་ཞིག་མགྱོགས་མྱུར་བསྐོ་གཞག་གནང་རྒྱུ་ཡིན་པ་རེད་འདུགགསར་འགྱུར་བརྒྱུད་ལམ་གཞན་ཁག་ཅིག་གིས་འདས་པའི་ལོ་མང་རིང་རྒྱ་གར་ཕྱི་སྲིད་ལྷན་ཁང་དུ་ཕྱི་འབྲེལ་དང་དམིགས་བསལ་རྒྱ་དཀར་ནག་དབར་གྱི་ས་མཚམས་རྩོད་རྙོག་ཐོག་ཕྱག་ལས་གནང་མཁན་གཙོ་གྲས་སྐུ་ཞབས་ Naveen Srivastava ལགས་གཞུང་ཚབ་གསར་པར་བསྐོ་གཞག་གནང་རྒྱུ་མ་ཟད་དེས་རྒྱ་གར་དང་བལ་ཡུལ་གཉིས་དབར་འབྲེལ་ལམ་གསར་པ་ཞིག་དབུ་འཛུགས་གནང་ངེས་ཡིན་སྐོར་བཀོད་འདུག The Hindu གསར་ཤོག་གིས་བརྗོད་དོན་ལྟར་ན། རྒྱལ་ཁབ་གཉིས་ཀྱི་སྲིད་བློན་ནས་ལུམ་བི་ནི་ཚལ་གྱི་ ཡུམ་སྒྱུ་འཕྲུལ་ཆེན་མོའི་དགོན་དུ་ཆེད་ཕེབས་གནང་སྟེ་སྣང་གསལ་ཞལ་འབྱེད་གནང་རྒྱུ་དང་། སྲིད་བློན་མཆོག་རྒྱལ་ས་ལྡི་ལི་ནས་ཉེ་ལམ་དབུ་འབྱེད་གནང་བའི་ Kushinagar International airport ཞེས་རྩ་མཆོག་གྲོང་གི་རྒྱལ་སྤྱིའི་གནམ་ཐང་བར་གནམ་གྲུའི་ནང་ཕེབས་རྒྱུ་དང་། དེ་ནས་གནས་ཆེན་ལུམ་བི་ནི་ཚལ་གྱི་བར་ཐད་འཕུར་གནམ་གྲུ་བརྒྱུད་དེ་ཕེབས་ནས་ཚོུད་ཁ་ཤས་རིང་བལ་ཡུལ་ཁུལ་དུ་མཛད་འཆར་བསྐྱང་གི་ཡོད་པ་རེད།གཞི་རྩའི་སྲིད་བློན་མོ་དཱི་མཆོག་ཕྱི་ལོ་ ༢༠༡༩ ལོར་སླར་རྒྱ་གར་གྱི་སྲིད་བློན་གྱི་ཐུགས་འགན་གཉིས་པ་བཞེས་ནས་བལ་ཡུལ་དུ་ཆེད་ཕེབས་གནང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྲིད་འཛིན་གྱི་དུས་ཡུན་དང་པོའི་ནང་ཕྱི་ལོ་ ༢༠༡༤ ལོར་ཐེངས་གཉིས་དང་ ༢༠༡༨ ལོར་ཐེངས་གཉིས་བཅས་ཐེངས་བཞི་ཕེབས་ཡོད་པ་རེད། དེ་བཞིན་སྔར་ལོ་རྒྱལ་ཁ་ཐོབ་པའི་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ Deuba ལགས་ཀྱིས་སྣེ་ཁྲིད་པའི་བལ་ཡུལ་གཞུང་གསར་པའི་ངོས་ནས་ཨ་རི་དང་རྒྱ་གར་ལྷན་དུ་ཆབ་སྲིད་ཀྱི་འབྲེལ་ལམ་གོང་མཐོར་གནང་བཞིན་ཡོད་པ་དང་། ལྷག་པར་དུ་ཟླ་སྔོན་མར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཡོད་པ་མ་ཟད། སྐབས་དེར་ཨ་རིའི་སྐུ་ཆབ་ཚོགས་ཆུང་གིས་བལ་ཡུལ་དུ་གནས་སྡོད་བོད་མི་ཚོའི་ཡིག་ཆའི་དཀའ་ངལ་ཡོད་པ་དེ་དག་སེལ་དགོས་སྐོར་ཞུ་སྐུལ་ཡང་གནང་ཡོད།སྲིད་བློན་མོ་དཱི་མཆོག་གིས་བལ་ཡུལ་ནང་གི་འཚམས་གཟིགས་དང་འབྲེལ། རྒྱ་གར་ NDTV ཡི་བརྒྱུད་ལམ་གྱིས་བརྗོད་དོན་སྲིད་བློན་མཆོག་གིས་འདས་པའི་ལོ་ཤས་ནས་ནང་པའི་ཆོས་དང་འབྲེལ་རྒྱ་གར་གྱི་འཇམ་པོའི་སྟོབས་ཤུགས་སྤྱོད་དེ་རྒྱ་ནག་དང་ཤྲི་ལངྐར་སོགས་ཕྱིའི་རྒྱལ་ཁབ་ཁག་གི་འཚམས་གཟིགས་ཁྲོད་ནང་པའི་བསྟན་པ་དང་བློ་ཐག་ཉེ་པོའི་ཐོག་ནས་གླེང་སློང་དང་། གོ་སྐབས་ནམ་བྱུང་ལ་ནང་པའི་དགོན་སྡེ་ཁག་ལ་གནས་གཟིགས་གནང་གི་ཡོད་པར་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་གར་ལྟ་བུར་ཆ་མཚོན་ན། ནང་པའི་བསྟན་པའི་འབྱུང་གནས་ཡིན་པ་མ་ཟད་ནང་པའི་གནས་ཆེན་ཆེ་ཁག་ཆགས་ས། ལྷག་པར་དུ་༸གོང་ས་མཆོག་རྒྱ་གར་ནང་༸སྐུ་བཞུགས་མཛད་བཞིན་པ་སོགས་ལ་གཞིགས་ཏེ། ནང་པའི་གྲངས་འབོར་ཧ་ཅང་ཉུང་ཡང་རྒྱ་གར་ནས་ནང་པའི་བསྟན་པ་དེ་བཞིན་ཕྱི་འབྲེལ་གྱི་ལས་དོན་ཁྲོད་འཇམ་པོའི་སྟོབས་ཤུགས་ལ་སྤྱོད་རྒྱུའི་འོས་བཞིན་འཚམས་པ་ཡོད་པ་བརྗོད་འདུག

རེས་གཟའ་མིག་དམར། ༢༠༢༢།༠༥།༡༠

ཉན་པ།: Listen ཕབ་ལེན། Download དྷ་ས་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་གནང་བ། རྒྱ་གཞུང་ལ་རྒྱ་གར་དང་ལྷན་དུ་ས་མཚམས་ཀྱི་ངལ་བ་སེལ་རྒྱུའི་འདུན་པ་མི་འདུག་ཅེས་གསུངས། ཤེས་རིག་ལས་ཁུངས་ཀྱིས་མོན་གྷོ་སཾ་བྷོ་ཊའི་སློབ་གཉེར་བར་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གནང་བ། གླུ་གཞས་ལས་རིམ། མཛེས་པའི་རིག་འཛིན་དབང་མོ། Tuesday 10/05/2022 Dharamsala holds preliminary election of local welfare officer China's intent has been to keep boundary issue alive, says Indian Army chief Mundgod Sambhota Tibetan students participate in Summer Leadership Workshop MUSIC FEATURE: Thupten Samdup and his all-time hit ‘Zepai Rigzin Wangmo’

དྷ་ས་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་གནང་བ།

བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་ཕལ་མོ་ཆེ་དབུས་བོད་མིའི་སྒྲིག་འཛུགས་ནས་བསྐོ་གཞག་གནང་གི་ཡོད་པ་དེ་ལྟར་ནའང་། བཞུགས་སྒར་དྷརྨ་སཱ་ལཱ་དང་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས་ལོ་མང་གི་གོང་ནས་ས་གནས་སོ་སོའི་མི་མང་གིས་འོས་བསྡུ་གནང་བའི་ཐོག་ནས་བསྐོ་གཞག་གནང་གི་ཡོད་པ་བཞིན་དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གིས་གཙོས་གངས་སྐྱིད་དང་སྨན་རྩིས་ཁང་། དེ་བཞིན་དྷ་སྟེང་བོད་ཁྱིམ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་འོས་བསྡུའི་ས་ཚིགས་ཁག་བཅུ་སུམ་ལ་དབྱེ་སྟེ་དྷ་ས་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་ལས་རིམ་གནང་ཡོད་པ་རེད།ཐེངས་འདིའི་དྷ་ས་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ནང་དྷ་ས་ས་གནས་འགོ་འཛིན་ལས་ཐོག་ཀུན་དགའ་ཚེ་རིང་ལགས་དང་དཀོན་མཆོག་མིག་དམར་ལགས། འཕྲིན་ལས་བྱམས་པ་ལགས། བསོད་ནམས་ཕུན་ཚོགས་ལགས། དེ་བཞིན་བཀྲ་ཤིས་རྡོ་རྗེ་ལགས་བཅས་འོས་མི་ལྔ་དང་བླངས་ཀྱིས་འོས་མིར་བཞེངས་ཡོད་པ་དང་། དེ་ནི་ད་བར་གྱི་དྷ་ས་ས་གནས་འགོ་འཛིན་གྱི་འོས་བསྡུའི་ལས་རིམ་ཁྲོད་འོས་མི་བཞེངས་མཁན་མང་ཤོས་ཆགས་ཡོད།རླང་འཕྲིན་ཁང་གིས་སྔོན་འགྲོའི་འོས་བསྡུ་ལས་རིམ་གནང་བཞིན་པའི་སྐབས་མི་མང་ཁག་ཅིག་ལ་བཅར་འདྲི་ཞུས་པར་བཞུགས་སྒར་དྷརྨ་སཱ་ལཱ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མི་ཁ་འཐོར་འདུ་སྡོད་གནང་ཡུལ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཤིག་ཡིན་པར་མ་ཟད། ལྷག་དོན་དབུས་བོད་མིའི་སྒྲིག་འཛུགས་ཆགས་ཡུལ་ཞིག་ཡིན་སྟབས། དྷ་སའི་ས་གནས་འགོ་འཛིན་དེ་གང་ཟག་དྲང་པོ་ཞིག་དང་ཆོལ་ཞེན་མེད་པ། དེ་བཞིན་ས་གནས་ཀྱི་བོད་མི་མང་ཚོགས་ལ་གཟིགས་རྟོག་གནང་ཐུབ་མཁན་ཞིག་དགོས་གལ་ཡིན་སྐོར་གསུངས་སོང་།གཞི་རྩའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང་དྷ་ས་ས་གནས་འགོ་འཛིན་གཉིས་ནི་མི་མང་གིས་ཐད་ཀར་འོས་བསྡུ་གནང་སྟེ་བསྐོ་གཞག་གནང་བའི་ས་གནས་འགོ་འཛིན་ཆགས་ཀྱི་ཡོད་པ་དང་། ས་གནས་འགོ་འཛིན་ལ་བདམས་ཐོན་ཟིན་རྗེས་ལོ་གསུམ་གྱི་རིང་ས་གནས་འགོ་འཛིན་གྱི་ཐུགས་འགན་བཞེས་གནང་གི་ཡོད་པ་རེད།དེ་རིང་བཞུགས་སྒར་ཁུལ་དུ་དྷ་ས་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་གནང་གྲུབ་པ་དང་། ཕྱི་ཟླ་ ༥ ཚེས་ ༢༥ ཉིན་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དེ་གནང་རྒྱུ་ཡིན་པ་རེད།

བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་དགེ་འདུན་པ་ ༦༠༠ ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དབུ་འཛུགས་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༥ ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཚོུད་ ༨ ཙམ་ནས་བྱེས་ཀྱི་གདས་ས་ཁག་གཙོས་རྒྱ་གར་དང་བལ་ཡུལ་ནང་གི་ནང་པའི་དགོན་སྡེ་གྲྭ་ཚང་ཁག་ ༣༠ ལྷག་དང་དེ་བཞིན་ཝེ་ཏི་ནམ། སི་པེན། ཨ་རི། ཇར་མན་སོགས་ཕྱིའི་རྒྱལ་ཁབ་ ༡༠ ཙམ་བཅས་ནས་ཕེབས་པའི་ནང་པའི་དགེ་འདུན་པ་ཞལ་གྲངས་ ༦༣༠ ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དབུ་འཛུགས་མཛད་པ་དང་སྦྲགས། དེ་རིང་ཉིན་དང་པོའི་ཐོག་དགེ་འདུན་པ་ལྔ་བཅུ་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བཀའ་དྲིན་སྩལ་སོང་།འདས་པའི་ལོ་གཉིས་ཙམ་གྱི་རིང་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་གྱི་ཛ་དྲག་གནས་སྟངས་རྐྱེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཆར་ཡོངས་རྫོགས་དྲ་ཐོག་ནས་བསྐྱངས་ཏེ་ཕྱི་ནང་གི་དད་ལྡན་མི་སྣ་དང་གནད་ཡོད་དཔོན་རིགས་ཁག དེ་བཞིན་མཁས་པ་དང་ཁྱད་ལས་པ་སོགས་དང་དངོས་སུ་མཇལ་འཕྲད་མཛད་མེད་པ་དང་། འདས་པའི་ཟླ་ཤས་གོང་ནས་ཏོག་དབྱིབས་ཀྱི་གནས་སྟངས་བཟང་དུ་འགྲོ་དང་འགྲོ་མུས་ཀྱི་མཚམས་འདིར་མཛད་འཆར་ཁག་རིམ་པས་སྔར་རྒྱུན་ལྟར་བསྐྱང་གནང་དབུ་འཛུགས་མཛད་ཡོད་པ་མ་ཟད། དེ་རིང་མགོན་པོ་༸གང་ཉིད་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བར་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་དགེ་འདུན་པ་ཞལ་གྲངས་ལྔ་བཅུ་ལྷག་ལ་དངོས་སུ་མཇལ་ཁ་སྩལ་ཏེ་བསྙེན་རྫོགས་ཀྱི་སྡོམ་པ་བཀའ་དྲིན་སྩལ་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་དགེ་འདུན་པ་རྣམས་ནི་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་སྟེ་ད་རེས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་རྒྱུ་བྱུང་བ་འདི་ནི་སྐལ་པ་བཟང་པོ་ཞིག་དང་། མགོན་པོ་༸གང་ཉིད་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་བསྟན་གཙོ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་༸སྐུའི་དྲུང་ནས་བསྙེན་རྫོགས་སྒྲུབ་གནང་མཛད་ཡིན་སྐོར་བཀའ་སྩལ་མཛད་ཡོད།བསྙེན་རྫོགས་ཀྱི་སྡོམ་པ་སྩལ་གྲུབ་མཚམས་སུ་གསར་འགོད་པས་དགེ་འདུན་པ་ཁག་ཅིག་ལ་དེ་འབྲེལ་བཅར་འདྲི་ཞུས་པར་༸གོང་ས་མཆོག་གི་༸སྐུའི་དྲུང་ནས་དགེ་སློང་གི་སྡོམ་པ་ཞུ་རྒྱུ་བྱུང་བ་འདི་ནི་ཧ་ཅང་གི་སྐལ་པ་བཟང་པོ་ཞིག་བྱུང་སོང་ཞེས་དང་། བསྙེན་རྫོགས་ཀྱི་སྡོམ་པ་ཞུ་སྐབས་སུ་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཤུགས་དྲགས་ཆེན་པོས་ཞུས་པ་ཡིན་ཞེས་གསུངས་སོང་།ལྷག་པར་དུ་དེ་རིང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་མཁན་ཁོངས་སུ་ཡོད་པ་ཝེ་ཏི་ནམ་ནས་ཡིན་པའི་དགེ་འདུན་པ་དབང་གྲགས་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་སྩོལ་སྐབས་སེམས་ལ་དགའ་འཚོར་དཔག་མེད་བྱུང་ཞེས་གསུངས་པ་དང་ཆབས་ཅིག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་གྲུབ་རྗེས་གཞན་ཕན་གྱི་ཉམས་བཞེས་ལག་བསྟར་གནང་དགོས་པའི་ལམ་སྟོན་མཛད་སྐོར་གསུངས་ཡོད།༸གོང་ས་མཆོག་གིས་དེ་རིང་ནས་དབུ་འཛུགས་མཛད་དེ་ཚེས་ ༢༣ བར་གདན་ས་ཁག་གཙོས་དགོན་སྡེ་གྲྭ་ཚང་ཁག་ ༣༠ ཙམ་དང་ཕྱིའི་རྒྱལ་ཁབ་ ༡༠ ཙམ་བཅས་ནས་ཆེད་བཅར་ཞུས་པའི་དགེ་འདུན་པ་ཞླ་གྲངས་ ༦༣༠ ཙམ་ཡོད་པ་རྣམས་ལས་ཉིན་གྲངས་རེ་རེར་དགེ་འདུན་པ་ཞལ་གྲངས་ལྔ་བཅུར་ཆ་བགོས་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཀའ་དྲིན་བསྩལ་རྒྱུ་ཡིན་པ་རེད།དེ་རིང་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་རྒྱུ་དབུ་འཛུགས་མ་གནང་གོང་དུ་མགོན་པོ་༸གང་ཉིད་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་གཟིགས་དང་བརྒྱད་གཏོར་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཊོ་རོན་ཊོའི་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་རིར་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་དང་བསྟུན། ཁ་སང་ཁེ་ན་ཌའི་ཊོ་རོན་ཊོའི་བོད་རིགས་མང་ཚོགས་དང་ལྷན་དུ་མཇལ་འཕྲད་ཀྱིས་གསུང་བཤད་གནང་བ་དང་འདི་བཞིན་མང་ཚོགས་ཀྱི་བཀའ་འདྲི་ཞུས་ཁག་ལ་བཀའ་ལན་གནང་ཡོད་པ་ལྟར། མང་ཚོགས་ཁྲོད་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཐུས་མི་ཚད་ལྡན་དང་གྲངས་འབོར་འདྲ་མཉམ་མེད་པ། ཆོས་བརྒྱུད་སྤྱི་འཐུས་མི་དགོས་པ་སོགས་ཀྱི་བཀའ་འདྲི་དང་དགོངས་ཚུལ་ཞུ་མཁན་བྱུང་ཡོད་པ་བཞིན་སྲིད་སྐྱོང་མཆོག་གིས་ཁོང་རྣམས་ལ་བོད་མི་ཚང་མར་འོས་ ༡༢ རེ་འཕང་རྒྱུའི་ལམ་ལུགས་བཟོ་ཚེ་ད་ལྟ་འཕྲད་བཞིན་པའི་ངལ་བ་དེ་དག་སེལ་ཐུབ་པར་གཟིགས་ཀྱི་ཡོད་པ་དེ་ལྟར་ནའང་། གནད་དོན་དེའི་ཐོག་ཕྱག་བསྟར་དང་ཐག་གཅོད་གནང་རྒྱུའི་འགན་དབང་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པར་གསུངས་འདུགསྲིད་སྐྱོང་མཆོག་གི་བྱང་ཨ་རི་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་གནང་བའི་ས་ཚིགས་མཐའ་མ་ནི་ཁེ་ན་ཌའི་ཊོ་རོན་ཊོ་གྲོང་ཁྱེར་ཆགས་ཡོད་པ་ལྟར་ཁ་སང་ཊོ་རོན་ཊོའི་ས་གནས་བོད་མི་རྣམས་ནས་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་མཛད་སྒོ་དང་གསོལ་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུས་འདུགསྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་གནས་བོད་མི་རྣམས་ལ་སྐབས་ ༡༦ པའི་འཛིན་སྐྱོང་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་དང་བོད་དོན་ཞུ་གཏུག་གནང་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསྒྱུར་བཅོས་གང་དང་གང་གནང་ཡོད་པ་བཅས་ཀྱི་སྐོར་གསུང་བཤད་ཞིབ་རྒྱས་གནང་ཡོད། མང་ཚོགས་ཀྱི་ངོས་ནས་བཀའ་འདྲི་ཁག་ཅིག་ཞུས་དོན་བཞིན་ཁག་ཅིག་གིས་འཐུས་མི་ཚད་ལྡན་དང་གྲངས་འབོར་འདྲ་མཉམ་མེད་པ། ཆོས་བརྒྱུད་སྤྱི་འཐུས་མི་དགོས་པ་སོགས་ཀྱི་བཀའ་འདྲི་དང་དགོངས་ཚུལ་ཞུ་མཁན་བྱུང་ཡོད་པ་བཞིན་སྲིད་སྐྱོང་མཆོག་གིས་ཁོང་རྣམས་ལ་བོད་མི་ཚང་མར་འོས་ ༡༢ རེ་འཕང་རྒྱུའི་ལམ་ལུགས་བཟོ་ཚེ་ད་ལྟ་འཕྲད་བཞིན་པའི་ངལ་བ་དེ་དག་སེལ་ཐུབ་པར་གཟིགས་ཀྱི་ཡོད་པ་དེ་ལྟར་ནའང་། གནད་དོན་དེའི་ཐོག་ཕྱག་བསྟར་དང་ཐག་གཅོད་གནང་རྒྱུའི་འགན་དབང་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པར་གསུངས་ཡོད། དེ་བཞིན་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་རྒྱ་ཡུལ་ལ་བསྒྱུར་རྒྱུའི་ངན་བྱུས་ལ་གདོང་ལེན་གནང་ཕྱོགས་དང་འབྲེལ། དེང་སྐབས་ཨ་རི་དང་ཁེ་ན་ཌ་སོགས་ཀྱིས་དེ་སྔ་དེ་གའི་གདོད་མའི་མི་རིགས་ལ་གཉའ་གནོན་བཏང་བ་དེ་དག་ནོར་འཁྲུལ་ཡིན་པར་ངོས་འཛིན་གྱིས་ནོར་འཁྲུལ་ལ་ཡོ་བསྲང་གནང་བའི་དུས་སྐབས་འདིར་རྒྱ་ནག་གཞུང་གིས་ཤེས་བཞིན་དུ་བོད་ནང་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ལ་ར་འཕྲོད་གསལ་པོ་ཐུབ་པ་ཞིག་བྱེད་དགོས་པ་དང་། བཙན་བྱོལ་བོད་མི་རྣམས་ནས་རང་ཉིད་ཀྱི་ཁྱིམ་ནས་དབུ་འཛུགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་འབད་བརྩོན་གནང་དགོས་པའི་ལམ་སྟོན་གནང་ཡོད། བཀའ་འདྲིའི་ལས་རིམ་ཁྲོད་དུ་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་བོད་མི་ཉམ་ཐག་ཚོར་རོགས་སྐྱོར་གནང་རྒྱུའི་ཐད་བཀའ་ཤག་གི་ལམ་སྟོན་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་པ་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་གིས་དེ་སྔ་སྤྱི་ཚོགས་འདྲ་ལམ་བརྒྱུད་ནས་རོགས་སྐྱོར་ཐོབ་པའི་བོད་མི་ཁ་ཤས་ལ་དངུལ་འབོར་ཧ་ཅང་མང་པོ་རག་པ་དང་། ཁ་ཤས་ལ་རྩ་བ་ནས་མ་རག་པའི་དཀའ་ངལ་འཕྲད་པའི་གནད་དོན་ཁག་ཅིག་ལུང་འདྲེན་དང་སྦྲགས། སྲིད་སྐྱོང་མཆོག་གི་ངོས་ནས་བོད་མི་ཕན་ཚུན་དབར་རོགས་རམ་གནང་བར་རྗེས་སུ་ཡི་རང་ཞུ་བཞིན་ཡོད་ཀྱང་། སླར་མར་རོགས་སྐྱོར་གནང་རྒྱུའི་དངུལ་འབོར་གྱི་ཚད་གཞི་ངེས་ཅན་ཞིག་གཏན་འབེབས་གནང་སྟེ་དངུལ་འཕར་མ་རྣམས་ས་གནས་འགོ་འཛིན་བརྒྱུད་ཉམ་ཐག་དང་དཀའ་ངལ་འཕྲད་པ་གཞན་ཚོ་ལ་རོགས་རམ་ཐུབ་ཐབས་ཐོག་ལམ་སྟོན་གནང་ཡོད་སྐོར་གསུངས་འདུགཐེངས་འདིའི་སྐོར་སྐྱོད་ཐོག་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ Ottawa ནང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་ལྷན་རྒྱས་ཡུལ་དེའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཐོག་མཉམ་ཞུགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སྙན་སེང་དང་ཞུ་གཏུག་གནང་ཡོད་སྟབས་རྒྱ་ནག་གཞུང་གི་ངོས་ནས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུགསྲིད་སྐྱོང་མཆོག་གིས་ད་དུང་ཊོ་རོན་ཊོའི་ནང་ས་གནས་བོད་རིགས་གཞོན་སྐྱེས་རྣམས་དང་ཐུག་འཕྲད་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་དང་། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་བ་མ་ཟད། ས་གནས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། ཡུ་གུར། ཐེ་ཝན། ཧོང་ཀོང་བཅས་ཀྱི་སྐུ་ཚབ་རྣམས་དང་ཐུག་འཕྲད། དེ་བཞིན་ས་གནས་ཀྱི་ཆོས་ཚོགས་ཁག་དང་ཚོགས་པ་སྐྱིད་སྡུག་ཁག་བཅས་ཀྱི་སྐུ་ཚབ་རྣམས་དང་ལྷན་ཐུག་འཕྲད་གནང་ཡོད་པ་རེད།

Latest news