Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2022

བཞུགས་སྒར་དུ་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི།

དེ་རིང་ཕྱི་ཟླ་ ༥ ཚེས་ ༣ ཉིན་མོ་སྟེ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་དང་བསྟུན། འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་ནང་ལས་འགུལ་གྱི་རྣམ་པ་འདྲ་མིན་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་ལྟར། བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་བོད་མིའི་མང་གཙོ་དར་སྤེལ་ཆེད་གསར་འགྱུར་བརྒྱུད་ལམ་གྱི་འོས་འགན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ལས་རིམ་ཞིག་གོ་སྒྲིག་གནང་བ་བརྒྱུད་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་ཞུས་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ནས་ ༡༢ བར་རྡ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང་གི་ལས་རིམ་ཚོགས་སོང་བ་དང་། དེའི་ཐོག་བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་། བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྤྱི་འཐུས་པདྨ་མཚོ་ལགས། ཕ་ཡུལ་གསར་ཁང་གི་རྩོམ་སྒྲིག་པ་ཟུར་པ་དང་བོད་ཀྱི་ཐེབས་རྩ་ཁང་གི་ལས་འཆར་འགན་འཛིན་གཞོན་པ་ཤེས་རབ་འོད་ཟེར་ལགས་གསུམ་ངོ་བཅར་དང་། དེ་བཞིན་བརྡ་འཕྲིན་འཕྲུལ་ལས་ཀྱི་ཆེད་ལས་པ་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས། ཨ་རི་ནང་དུ་བཅའ་བཞུགས་རང་དབང་ཅན་གྱི་ཉམས་ཞིབ་པ་དང་སྤྱི་ཚོགས་དཔྱད་བརྗོད་པ་བསྟན་འཛིན་ཉིན་བྱེད་ལགས་རྣམ་གཉིས་ནས་དྲ་ལམ་བརྒྱུད་ནས་ལས་རིམ་ཐོག་མཉམ་ཞུགས་གནང་སོང་།རྩ་བའི་རྒྱལ་ཚོགས་ནས་ལོ་ལྟར་གསར་འགོད་རང་དབང་དང་འབྲེལ་བའི་གནད་དོན་གལ་ཆེ་གཅིག་འབུར་བཏོན་གནང་སྟེ་ཉིན་མོ་དེ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། འདི་ལོའི་བརྗོད་གཞི་ནི་ Journalism under digital siege འམ་གསར་འགྱུར་ལས་རིགས་ལ་དྲ་ལམ་གྱི་བཙན་རྒོལ་ཞེས་པའི་ཐོག་བགྲོ་གླིང་གནང་ནས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༢༢།༠༥།༠༣

ཉན་པ།: Listen ཕབ་ལེན། Download འཕྲིན་ལས་ཆོས་སྐྱིད་ལགས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག ལོ་ལྔའི་བཙོན་འཇུག་མྱོང་བཞིན་པའི་ཉིང་ཁྲི་བོད་མི་ཞིག་གར་ཡོད་ཤེས་རྟོགས་མེད་པར་གྱུར་བ། བཞུགས་སྒར་དུ་འཛམ་གླིང་གསར་འགོད་རང་དབང་ཉིན་མོ་སྲུང་བརྩི། རྒྱ་ནག་གིས་སྤང་གོང་མཚོ་ནས་རུ་ཐོག་བར་གཞུང་ལམ་གསར་རྒྱག་གི་ལས་གཞི་འགོ་འཛུགས། བོད་མཐོ་སྒང་གི་ཚ་དྲོད་རྒྱས་བཞིན་པ་འདིས་ཨེ་ཤེ་ཡའི་གཙང་ཆུའི་འབབ་རྒྱུན་ཞན་དུ་འགྲོ་སྲིད་པ། གླུ་གཞས་ལས་རིམ། གཞས་མ་བསྟན་འཛིན་ཆོས་འཛོམས་ཀྱིས་བླངས་པའི་གླུ་གཞས་ཕྱོགས་སྒྲིག Tuesday 03/05/2022 Thinlay Chukki appointed new representative at Oot, Geneva Concern over condition of Tibetan prisoner from Nyingtri, whereabouts unknown Dharamsala marks World Press Freedom Day China completes Pangong Tso bridge, now making road to link Tibet garrison Rapidly melting Tibetan Plateau spells disaster for people across Asia MUSIC FEATURE: Tenzin Choezom, singer and opera artist from Nepal Lhamo Association

ལོ་ལྔའི་བཙོན་འཇུག་མྱོང་བཞིན་པའི་ཉིང་ཁྲི་བོད་མི་ཞིག་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག

དེ་སྔ་ཕྱི་ལོ་ ༢༠༡༨ ལོར་བོད་ཉིང་ཁྲི་ས་ཁུལ་སྐྱེམས་སྟོང་རྫོང་ནས་ཡིན་པའི་བོད་མི་ནམ་མཁའ་ཞེས་པ་ཞིག་ལ་རྒྱ་གཞུང་གིས་བཙོན་འཇུག་བྱས་ནས་ད་ཆ་ལོ་ལྔ་ལྷག་འགྲོ་བཞིན་ཡོད་ཀྱང་ཁོང་གར་ཡོད་ཤེས་རྟོགས་མེད་པར་གྱུར་འདུག དེ་ཡང་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བར། ཉིང་ཁྲི་ས་ཁུལ་སྐྱེམས་སྟོང་རྫོང་ནས་ཡིན་པའི་ནམ་མཁའ་ལགས་ས་གནས་རྒྱ་གཞུང་ཉེན་རྟོག་པས་ཕྱི་ལོ་ ༢༠༡༨ ལོའི་འགོ་སྟོད་དུ་འཛིན་བཟུང་བྱས་ཏེ།  ཉིང་ཁྲི་ས་ཁུལ་ཞོ་ཁ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ནང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པའི་ཉེས་མིང་འོག་ལོ་ལྔ་དང་ཟླ་བ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཁོང་བཙོན་འཇུག་བྱས་པ་ནས་བཟུང་སྟེ་དུས་ད་བར་ཁོང་གི་གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་ཐད་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད་འདུག ནམ་མཁའ་ལགས་ཀྱི་ཕ་མ་གཉིས་སྔ་མོ་ནས་སྐུ་འདས་གྲོངས་སུ་ཕྱིན་པའི་རྗེས། རང་གི་འཚོ་བའི་ཆེད་ཞོ་ཁ་རྫོང་གི་ཁྱིམ་ཚང་ཞིག་གི་ནང་ལ་གཡོག་པོ་གནང་ནས་དུས་ཡུན་གང་འཚམས་བཞུགས་འདུག  ད་ཆ་དགུང་ལོ་ ༦༠ ཙམ་ལ་ཕེབས་པའི་ནམ་མཁའ་ལགས་ཀྱི་ཁྱིམ་ལ་དཀའ་ངལ་མང་པོ་འཕྲད་རྐྱེན་གཉེན་སྒྲིག་ཀྱང་གནང་མེད། ཨ་མའི་མིང་ལ་སྐྱིད་ཉི་མ་དང་ཕའི་མིང་ལ་ཡུས་ལོ་རེད་འདུག

འཕྲིན་ལས་ཆོས་སྐྱིད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག

སུད་སི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དམིགས་བསལ་བསྐོ་གཞག་ལས་བྱེད་ཟུར་པ་འཕྲིན་ལས་ཆོས་སྐྱིད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུགདེ་ཡང་བཀའ་དྲུང་ཡིག་ཚང་ནས་ཁས་ས་གསལ་བསྒྲགས་སྤེལ་བའི་ནང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ པའི་ནང་གསེས་ ༡ པོའི་དགོངས་དོན་ལྟར། འཕྲིན་ལས་ཆོས་སྐྱིད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང་སྦྲགས། ཕྱི་ལོ་ ༢༠༢༢ ཟླ་ ༦ པའི་ཚེས་ ༢༢ ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་ཡིན་པ་བཀོད་འདུགགཞི་རྩའི་འཕྲིན་ལས་ཆོས་སྐྱིད་ལགས་ནི་ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་ཧར་ཝ་ཌ་འི་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ལུགས་རིག་པའི་ཐོག་ལ་སློབ་མཐར་ཕྱིན་ཏེ་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་ཐོབ་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ནས་ ༢༠༡༩ བར་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚན་པར་ཉམས་ཞིབ་པའི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༩ པ་ནས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༨ པ་བར་སུད་སི་དོན་ཁང་དུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་དམིགས་བསལ་ལས་བྱེད་དུ་བསྐོ་བཞག་གནང་ཡོད་པ་རེད། མ་ཟད། བོད་མིའི་སྒྲིག་འཛུགས་སུ་ཕྱག་ལས་མ་གནང་གོང་ཁོང་ TATA Motors བཟོ་ཚོང་ཁང་གི་རྒྱ་གར་ལྷོ་ཕྱོགས་ཁྲིམས་ལུགས་སྡེ་ཚན་གྱི་འགན་འཛིན་ཡང་གནང་མྱོང་ཡོད་པ་རེད།རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་སྔ་སྲིད་སྐྱོང་གི་འོས་བསྡུའི་སྐབས་དོན་གཅོད་དུ་བརྒྱ་ཆ་ ༥༠ བུད་མེད་བསྐོ་གཞག་ཐུབ་རྒྱུར་འབད་རྩོན་གནང་གི་ཡིན་ཞེས་གསུངས་པ་ལྟར། ད་ལན་འཕྲིན་ལས་ཆོས་སྐྱིད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་དེ་བུད་མེད་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད། དོན་གཅོད་དུ་བུད་མེད་གཞན་གཉིས་བསྐོ་གཞག་གནང་བ་དེ་སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་རིང་ཆོས་འཛོམས་ལགས་ཆགས་ཀྱི་ཡོད་པ་རེད།

ལྕམ་སྐུ་ Bachelet ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེ་མཐོང་སྲུང་པའི་ཐོག་བོད་ལ་བསྐྱོད་དགོས་པའི་ཞུ་སྐུལ།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གིས་བོད་ཀྱི་གནད་དོན་ཐོག་ཁ་ཁུ་སིམ་པོར་བཞུགས་བཞིན་པར་བློ་འཚབ་ཀྱི་རྣམ་པ་ཆེད་འདོན་དང་སྦྲགས། གཙོ་འཛིན་མཆོག་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་པའི་སྐབས་བོད་ལ་ངེས་པར་དུ་ཕེབས་དགོས་པ་མ་ཟད། འཚམས་གཟིགས་དེ་བཞིན་རང་དབང་དང་དོན་སྙིང་ལྡན་པ། དེ་བཞིན་ཡིད་ཆེས་འཕེར་བ་ཞིག་བཟོ་དགོས་ཀྱི་རེད་ཅེས་ཞུ་འབོད་གནང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་དེ་གའི་དྲྭ་གནས་ཐོག་གསར་འགོད་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་དུ།ད་ཆ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་Michelle Bachelet མཆོག་ཤིན་ཅང་གཙོས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་ནང་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་དེའི་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་དང་ས་གནས་དེའི་མི་མང་གི་དཀའ་ངལ་ངོ་མ་གང་ཡིན་སེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་པ་དང་དུས་མཚུངས། ད་ཆ་རྒྱ་ནག་གི་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཉིན་རེ་བཞིན་རྒྱ་ཁྱབ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་འདིར།གཙོ་འཛིན་མཆོག་ནས་ཐེངས་འདིའི་འཚམས་གཟིགས་སྐབས་བོད་ཀྱི་གནད་དོན་ལ་སྣང་མེད་སྐྱུར་འཇོག་གནང་བ་ཡིན་ན། དེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱི་དཀའ་ངལ་ཕྱོགས་ཡོངས་ནས་སེལ་རྒྱུར་འགོག་རྐྱེན་དང་ཉེན་ཁ་ཞིག་ཆགས་ངེས་ཡིན་པར་གསུངས་འདུག ལྷག་དོན་གསར་འགོད་གསལ་བསྒྲགས་དེའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྒྲིག་འཛུགས་འདིའི་ངོས་ནས་དེ་སྔ་ལྕམ་སྐུ་མཆོག་ལ་བོད་ནང་ངེས་པར་གཟིགས་སྐོར་དུ་ཕེབས་དགོས་པའི་ཞུ་ཡིག་གཅིག་ཕུལ་ཡོད་ཀྱང་ད་བར་ལྕམ་སྐུ་མཆོག་གིས་བརྡ་ལན་ཁ་གསལ་ཞིག་གནང་མེད་པར་ཧ་ཅང་བློ་འཚབ་བྱུང་ཞེས་དང་།  ད་ལྟའི་གཙོ་འཛིན་མཆོག་ནས་དེ་སྔའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་རྣམ་པ་ནང་བཞིན་མ་ཡིན་པར་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་གནང་གི་མེད་པའི་ཐད་ལ་དམིགས་བསལ་གྱི་བློ་འཚབ་ཡོད་པ་གསུངས་པ་དང་འབྲེལ།  ལྕམ་སྐུ་མཆོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སྔར་ལྷག་རྟོག་ཞིབ་དང་ཡང་སྒོས་དྲག་གནོན་གྱི་སྲིད་བྱུས་དག་མཚམས་འཇོག་ཡོང་སླད་དམིགས་བསལ་འགན་འཁུར་ཡོད་པ་གསུངས་འདུག མ་ཟད་བཀའ་བློན་མཆོག་གིས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུའང་བཟང་ཕྱོགས་ཀྱི་བརྡ་ལན་དང་རེ་བ་ཞིག་ངེས་པར་བསྐྲུན་རྒྱུའི་དུས་ལ་འབབ་ཡོད་པ་འགྲེལ་བརྗོད་དང་འབྲེལ། ལྕམ་སྐུ་Bachelet མཆོག་གིས་ཐེངས་འདིའི་འཚམས་གཟིགས་ཁྲོད་བོད་ལ་ངེས་པར་དུ་ཕེབས་དགོས་པ་དང་།འཚམས་གཟིགས་དེ་དག་རང་དབང་དང་དོན་སྙིང་ལྡན་པ།དེ་བཞིན་ཡིད་ཆེས་འཕེར་བ་ཞིག་བཟོ་དགོས་ཀྱི་རེད་ཅེས་ཞུ་འབོད་གནང་འདུག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་ནང་ད་དུང་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་། འབྲོག་པ་གཞི་སྤོིས།དེ་བཞིན་བོད་པའི་སློབ་གྲྭ་ཁག་བཙན་གྱིས་སྒོ་བརྒྱབ་བཅུག་བཞིན་པ་སོགས་ཀྱི་གནད་དོན་ཁག་གཅིག་གསལ་འདོན་དང་འབྲེལ། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་སོང་ཞིང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ངོ་བོ་རྣམས་རིམ་བཞིན་རྩ་བརླག་ཏུ་འགྲོ་བཞིན་པའི་ཁྲོད་འདིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གིས་བོད་ནང་གི་ཛ་དྲག་གི་དངོས་ཡོད་གནས་སྟངས་ལ་དོན་ཕན་ལྡན་པའི་སྒོ་ནས་རྟོག་ཞིབ་ནན་མོ་གནང་རྒྱུ་ནི་དུས་ཀྱི་དགོས་མཁོར་གྱུར་ཡོད་པ་དང་།དེའི་ཆེད་ལྕམ་སྐུ་མཆོག་བོད་ལ་ངེས་པར་དུ་ཕེབས་དགོས་ཀྱི་ཡོད་པ་གསུངས་འདུག དེའི་ཁྲོད་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Kai Mueller ལགས་ཀྱིས་ཀྱང་ཐེངས་འདིའི་ལྕམ་སྐུ་ Michelle མཆོག་གིས་ཕྱི་གསལ་ནང་གསལ་གྱི་རང་བཞིན་མིན་པའི་རྒྱ་ནག་གི་གཟིགས་སྐོར་འདིའི་ཐད་དང་སྒོས་རྒྱ་གཞུང་གིས་ད་ཆ་ཡུལ་དེའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་སྔོན་འགོག་བྱེད་ཐབས་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་བསྐོར་བསྐྱོད་དེའི་སྐབས་ཁོང་ལ་ཤིན་ཅང་གི་བཀག་སྐྱིལ་དང་སློབ་གསོ་ལྟེ་གནས་ཁང་དུ་བསྐྱོད་ནས་ཆབ་སྲིད་བཙོན་པ་རྣམས་དང་དོན་དང་ལྡན་པའི་ཐུགས་འཕྲད་བྱ་རྒྱུར་བཀག་འགོག་བྱ་སྲིད་པའི་ཐད་ལ་ཆེས་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་སྟེ། རྒྱ་ནག་ངོས་ནས་ཐེངས་འདིའི་གཟིགས་སྐོར་དེ་བཞིན་བོད་གཙོས་ཤར་ཏུར་ཀིས་ཏན་དང་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་ཚབས་ཆེ་གཏོང་གི་ཡོད་པ་དེ་འབད་སྐུང་བྱ་ཆེད་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་སྲིད་པ་མ་ཟད།ཕུགས་རྒྱང་རིང་པོིའི་ཐོག་ནས་གཟིགས་པ་ཡིན་ན།ལྕམ་སྐུ་མཆོག་གི་ད་ལྟའི་བསྐོར་བསྐྱོད་དེ་ཉིད་ཀྱིས་རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱིས་ཧན་མི་རིགས་མ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་རྩ་བརླག་གཏོང་བཞིན་པའི་རྩོལ་བ་ཤུགས་ཆེ་རུ་གཏོང་སྲིད་པ་དང་། ལྷག་དོན་ཐེངས་འདིའི་གཟིགས་སྐོར་ཁ་ལ་འཁྱེར་ནས་མ་འོངས་ལོ་བཅུ་དང་ཡང་ན་ཉི་ཤུའི་ནང་དེ་ལྟ་བུའི་རྒྱལ་ཚོགས་ཀྱི་བསྐོར་བསྐྱོད་གཞན་ལ་མུ་མཐུད་ངོས་ལེན་མི་བྱེད་རྒྱུའི་ལམ་ཁ་ཞིག་ཆགས་ངེས་ཡིན་པར་ནན་བརྗོད་གནང་འདུག

རེས་གཟའ་ཟླ་བ། ༢༠༢༢།༠༥།༠༢

ཉན་པ།: Listen ཕབ་ལེན། Download ཡུན་ནན་རྒྱལ་ཐང་ནས་ཡིན་པའི་བོད་པའི་སློབ་མ་འཛིན་བཟུང་བྱས་པ་རྣམ་གཉིས་གློད་གྲོལ་བཏང་བ། འབྱུང་འགྱུར་གྱི་དུས་ཡུན་རིང་ལ་གྲོས་མོལ་གཅིག་ཡོང་ས་རེད་བསམ་པའི་རེ་བ་ཆེན་པོ་དེ་འདྲ་མི་འདུག ལྕམ་སྐུ་ Bachelet མཆོག་ལ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེ་མཐོང་སྲུང་བའི་ཐོག་བོད་ལ་བསྐྱོད་དགོས་པའི་ཞུ་སྐུལ། ཤེས་རིག་བཀའ་བློན་མཆོག་གིས་ JNU ཉེ་བའི་རིགས་བདག་མཆོག་ལ་བོད་ཕྲུག་ཚོའི་སློབ་ཡོན་དང་འབྲེལ་སྐུ་ངལ་སྙན་གསེང་ཞུས་པ། ༸གོང་ས་མཆོག་གིས་མཚན་གནས་རྗེས་དྲན་གྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་གི་ལས་གཞི་འགོ་འཛུགས་ཀྱིས་རྩིག་རྨང་འདིང་བ། སུད་སི་ནང་གི་བོད་སློབ་ཁག་ཏུ་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཞུས་པ། Monday 02/05/2022 Two Tibetan students from Yunnan released post 5 months political reeducation ‘Don’t see Sino-Tibet dialogue happening in near future’ Sikyong speaks with Tibetans in New York UN Rights Chief urged to uphold UNHRC credibility by visiting Tibet Sherig Kalon discusses problems faced by Tibetans Students with JNU Vice Chancellor, administrators Ground broken for new Dalai Lama Library and Learning Center in Ithaca Swiss Tibetan language schools celebrate Tibetan Calligraphy Day

གྲོས་མོལ་གཅིག་འབྱུང་འགྱུར་གྱི་ཉེ་བའི་དུས་ཡུན་རིང་ལ་ཡོང་ས་རེད་བསམ་པའི་རེ་བ་ཆེན་པོ་དེ་འདྲ་མི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྱང་ཨ་མི་རི་ཀའི་ནང་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། ཁ་སང་སྲིད་སྐྱོང་མཆོག་ནས་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་འཐུན་ཚོགས་པའི་ཚོགས་ཁང་ནང་ས་གནས་བོད་མི་རྣམས་ལ་བཀའ་ཤག་སྐབས་ ༡༦ པའི་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་སོགས་ཀྱི་ལས་དོན་བྱེད་ཕྱོགས་ཁག་ངོ་སྤྲོད་དང་སྦྲགས། ས་གནས་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་སོགས་གནང་འདུགསྲིད་སྐྱོང་མཆོག་ནས་གསུང་བཤད་ཀྱི་ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་ཀྱི་འཐབ་རྩོད་དང་། བོད་མིའི་སྤྱི་ཚོགས་ཀྱི་འཕེལ་རིམ་ཁྲོད་བསྐྱངས་པའི་མཛད་རྗེས་ཁག་ཅིག་དྲན་གསོ་དང་སྦྲགས། ད་ཆ་ང་ཚོའི་སྤྱི་ཚོགས་ནང་ཁག་ཅིག་གིས་སོ་སོའི་འདོད་པ་དང་མ་མཐུན་པ་ཡིན་ན་༸གོང་ས་མཆོག་གི་བཀའ་སློབ་ལ་ཡ་མེད་པའི་རྣམ་པ་དང་། ལྷག་པར་དུ་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དང་། སྤྱི་ཚོགས་ནང་ལ་གང་བྱུང་བཤད་བསྡད་མཁན་རིགས་ཐོན་བཞིན་པ་རྣམས་ནས་ངེས་པར་དུ་བསམ་བློ་གཏང་རྒྱུ་གནད་འགག་ཆེན་པོ་ཡིན་པ་ལས། གལ་སྲིད་དེ་ལྟར་མུ་མཐུད་གནང་ཞུགས་པ་ཡིན་ན་མ་འོངས་པའི་ལོ་རྒྱུས་ནང་ལ་ནག་ཉེས་ཅན་ཞིག་ཆགས་ཀྱི་རེད་ཅེས་གསུངས་ཡོད།དེ་བཞིན་སྲིད་སྐྱོང་མཆོག་ནས་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་བར་དུ་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཞེས་པ་དེར་ངོས་ལེན་བྱེད་ཐུབ་ཐབས་མེད་པ་འགྲེལ་བརྗོད་དང་སྦྲགས། ད་ལྟའི་གནས་སྐབས་སུ་རྒྱ་ནག་གི་སྲིད་བྱུས་དང་བྱེད་བབ་ཁག་ལ་བལྟས་ན་བོད་རྒྱ་གྲོས་མོལ་ཞིག་ཡོང་གི་རེད་བསམ་པའི་རེ་བ་ཆེན་པོ་མི་འདུག་ཀྱང་། ད་ལྟའི་ཡུ་ཀེ་རེན་གྱི་གནད་དོན་ལས་འཕྲོས་ཏེ་འབྱུང་འགྱུར་ཟླ་བ་གསུམ་ཙམ་གྱི་ནང་ལ་འཛམ་གླིང་གི་གནས་སྟངས་འགྱུར་བ་དང་། ཨ་རུ་སུའི་གནས་བབ། ལྷག་པར་དུ་རྒྱ་ནག་གི་བྱེད་སྟངས་དང་། རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ལ་ལྟ་སྟངས་སོགས་ཀྱི་གནས་སྟངས་ཁྲོད་བོད་ལ་གོ་སྐབས་ཇི་ཡོད་དང་། གོ་སྐབས་བྱུང་བའི་སྐབས་སུ་དམ་འཛིན་བྱེད་ཐུབ་པ་ཞིག་བཟོ་རྒྱུ་ནི་བཀའ་ཤག་སྐབས་ ༡༦ པའི་བསམ་བློ་ཡིན་ཞེས་གསུངས་ཡོད། མ་ཟད་སྤྱི་ཚོགས་བདེ་དོན་དང་འབྲེལ་ད་ལྟའི་བཀའ་ཤག་ནས་བོད་མི་གནས་ཡུལ་གྱི་ས་གནས་ཁག་གི་གནས་སྟངས་དངོས་སུ་རྒྱུས་ལོན་ཞུས་ཏེ་ཡོང་རྒྱུའི་ཕྱི་ཟླ་བདུན་པ་ཙམ་གྱི་ནང་ལ་བོད་མིའི་དགོས་མཁོ་དང་འཚམས་པའི་མ་འོངས་ལོ་གསུམ་གྱི་འཆར་གཞི་ཞིག་སྒྲིག་ཐབས་གནང་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་ལས་བྱེད་རྣམས་ཀྱི་ནུས་པ་གོང་མཐོར་སླད་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པའི་འཚམས་གཟིགས་སྐབས་སུ་འབྲེལ་ཡོད་ལས་བྱེད་རེར་མཉམ་དུ་ཁྲིད་བཞིན་ཡོད་པ་དང་། སྒྲིག་འཛུགས་ཀྱི་ལས་དོན་ཁག་ཤོག་བུ་མེད་པའི་དྲ་ཐོག་འཛིན་སྐྱོང་ཐོག་སྐྱོད་བཞིན་པ་སོགས་ངོ་སྤྲོད་གནང་འདུགསྐབས་དེར་སྲིད་སྐྱོང་མཆོག་གི་གསུང་བཤད་གནང་གྲུབ་མཚམས་སུ་མི་མང་ཁག་ཅིག་ནས་སྲིད་སྐྱོང་མཆོག་ལ་བཀའ་འདྲི་ཁག་ཅིག་ཞུས་སོང་བ་དང་། དེའི་ཁྲོད་མི་ཉུང་བ་ཞིག་གིས་ཚོར་བ་རྣོ་པོའི་ཐོག་ཉེ་ཆར་སྲིད་སྐྱོང་མཆོག་ནས་ཨ་རིའི་རྒྱལ་ས་ Washington DC ནང་གི་འཚམས་གཟིགས་སྐབས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་ཐོག་བོད་རང་བཙན་ཡིན་པའི་གནས་བབ་དང་། ད་ལྟ་བོད་རྒྱ་ནག་གི་ཆ་ཤས་ཆགས་བསྡད་ཡོད་པ་ཞེས་གསུངས་པའི་གནད་དོན་ཐད་འདྲི་རྩད་གནང་བར་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད། གཞི་རྩའི་སྲིད་སྐྱོང་མཆོག་གྲོང་ཁྱེར་ནེའུ་ཡོག་ནང་མ་ཕེབས་གོང་ཨ་རིའི་གྲོང་ཁྱེར་ Philadelphia ནང་དུ་ཕེབས་ཏེ་ས་གནས་བོད་མི་མང་ཚོགས་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་འདུག་ལ། གྲོང་ཁྱེར་ནེའུ་ཡོག་ནང་མི་མང་ལ་གསུང་བཤད་ཙམ་མ་ཟད། ས་གནས་སུ་ཡོད་པའི་རྒྱ་རིགས་ཤེས་ལྡན་མི་སྣ་ཁག་ཅིག་དང་ལྷན་དུ་ཚོགས་འདུ་དང་། བོད་པའི་གཞོན་སྐྱེས་ཚོ་དང་ཟུར་དུ་ཚོགས་འདུ་ཚོགས་པ་དང་། བཀའ་ཤག་སྐབས་ ༡༦ གི་བོད་དོན་དང་བླངས་ཞུ་གཏུགས་ལས་འགུལ་སྐོར་ངོ་སྤྲོད་སོགས་གནང་འདུགསྲིད་སྐྱོང་མཆོག་དེ་རིང་ཨ་རི་ནང་གི་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དེ་གྲུབ་སྟེ་ Canada ནང་ལ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། ཐེངས་འདིའི་ཨ་རི་ནང་གི་བདུན་ཕྲག་གཅིག་ཙམ་གྱི་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གཙོས་པའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་གནད་དོན་ཐོག་གི་འབྲེལ་མཐུད་པ་དང་པོ་སྐུ་ཞབས་ Kurt Campbell མཆོག་སོགས་གཞུང་འབྲེལ་གནད་ཡོད་མི་སྣ་མི་ཉུང་བ་ཞིག་དང་མཇལ་འཕྲད་གནང་ཡོད།

རེས་གཟའ་ཉི་མ། ༢༠༢༢།༠༥།༠༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གི་ཡོངས་འཛིན་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གི་མཛད་པ། Sunday 01/05/2022 Tibet and the Himalayas: Remembering Khunu Lama Tenzin Gyaltsen Rinpoche

Latest news