Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2022

འཕགས་བོད་མཛའ་འབྲེལ་ཚོགས་པས་བོད་ཀྱི་བདེན་མཐའ་མ་སེལ་བར་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་དམ་འཇོག

Bharat Tibet SahyogManch འམ་འཕགས་བོད་མཛའ་འབྲེལ་ཚོགས་པ་ནི་རྒྱ་གར་གྱི་ཧིཾདུའི་ཆོས་ལུགས་ཉམས་ལེན་བྱེད་མཁན་གྱི་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པ་དང་། ཁ་སང་ཚོགས་པ་དེ་དབུ་བརྙེས་ཏེ་ལོ་ངོ་ ༢༣ ཧྲིལ་པོ་འཁོར་པའི་ཉིན་མོ་ཞིག་ཡིན་པ་རེད།རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་པ་དེ་གསར་འཛུགས་གནང་བའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་པའི་སྟེང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡོངས་ཀྱི་ངོས་ནས་ཧིཾདུའི་གནས་ཆེན་གངས་རིན་པོ་ཆེ་དང་། མ་ཕམ་གཡུ་མཚོ་གཉིས་ལ་རང་དབང་གི་སྒོ་ནས་གནས་མཇལ་ཞུ་ཐབས་སུ་བོད་དོན་བདེན་མཐའ་སེལ་དགོས་པ་དང་། ཚོགས་པའི་ངོས་ནས་འདས་པའི་དུས་ཡུན་རིང་ལ་ལས་འགུལ་སྣ་ཚོགས་ཤིག་གི་ཐོག་ནས་བོད་དོན་ལས་འགུལ་སྤེལ་ཡོད་པ་ལྟར་འཛམ་གླིང་ནང་གཞི་རྩའི་འགྲོ་བ་མིའི་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་ལ་མུ་མཐུད་ནས་ངོ་རྒོལ་གནང་རྒྱུ་ཡིན་པ་སོགས་ཀྱི་དམ་འཇོག་གནང་ཡོད།ཁ་སང་ཉིན་རྒྱབ་ཏུ་རྒྱལ་ས་ལྡི་ལིའི་ Kashmiri Gate ཉེ་འགྲམ་གྱི་ཨག་རེ་སན་གླིང་གའི་ཚོགས་ཁང་དུ་འཕགས་བོད་མཛའ་འབྲེལ་ཚོགས་པ་དབུ་བརྙེས་པའི་རྟེན་འབྲེལ་གི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མི་གྲངས་ ༣༠༠ ལྷག་འདུ་འཛོམས་བྱུང་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ RSS ཚོགས་པའི་གནད་ཡོད་མི་སྣ་སྐུ་ཞབས་ Indresh Kumar མཆོག་དང་ VHP ཧིཾདུ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ Vijay Shankar Tiwari མཆོག་གིས་དབུས་པའི་ BTSM བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ Punkaj Goyal མཆོག དེ་བཞིན་རྒྱ་གར་གྱི་གནད་ཡོད་དཔོན་རིགས་ཁག་གཅིག་ཕེབས་འདུགསྐབས་དེར་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་ RSS ཚོགས་པའི་དབུ་ཁྲིད་སྐུ་ཞབས་ Indresh Kumar མཆོག་གིས་རྒྱ་ནག་དེ་བཙན་རྒྱལ་རིང་ལུགས་པ་ཞིག་ཡིན་སྐོར་གསུངས་པ་དང་སྦྲགས་ཏེ། བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་མ་ཚད་པར་རྒྱ་ནག་དེ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ནམ་ཡང་མིན་པ་སོགས་འགྲེལ་བརྗོད་གནང་ཡོད།རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་རྒྱ་གར་གྱི་ས་མཚམས་ཁག་ཏུ་མི་རྒྱུ་གཉིས་ཀྱི་འགྲོ་སོང་ཧ་ཅང་མང་པོ་ཆེད་གཏོང་གནང་དགོས་པ་སོགས་ཀྱི་ངལ་བ་མང་དག་ཅིག་འཕྲད་བཞིན་ཡོད་པའི་གནད་དོན་ལུང་འདྲེན་གནང་སྟེ། Bharat Tibet SahyogManch ཚོགས་པའི་ངོས་ནས་རྒྱ་ནག་གི་བཅའ་དངོས་ཉོ་ཚོང་མཚམས་འཇོག་གནང་རྒྱུ་སོགས་ཀྱི་རྒྱལ་ཡོངས་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་དེ་དག་མུ་མཐུད་ནས་སྤེལ་རྒྱུ་དང་། རྒྱ་དམག་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་ནས་ཕྱིར་འབུད་གཏང་རྒྱུ་དེ་ང་ཚོའི་ལས་འགན་རེད་ཅེས་སོགས་གསུངས་ཡོད།    སྐབས་དེར་ VHP ཧིཾདུ་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ Vijay Shankar Tiwari མཆོས་གིས་ཀྱང་དེ་སྔོན་ཡིན་ན་རྒྱ་གར་མི་མང་ཕལ་ཆེ་བས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཤག་བྱེད་ཀྱི་ཡོད་པ་དེ་ལྟར་ནའང་། ད་ཆ་ BTSM ལྟ་བུའི་རྒྱལ་ཡོངས་སུ་ཡོད་པའི་ཚོགས་པའི་ངོས་ནས་ལས་འགུལ་མང་དག་ཅིག་སྤེལ་རྐྱེན་མང་ཚོགས་ཁྲོད་གོ་རྟོགས་གསལ་པོ་ཆགས་ཡོད་པ་མ་ཟད་རྒྱ་གར་གཞུང་ཕྱོགས་ནས་ཀྱང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་དགོངས་པ་ངེས་ཅན་ཞིག་བཞེས་ཀྱི་ཡོད་རེད་གསུངས་སོང་།BTSM དབུ་བརྙེས་ཏེ་ལོ་ངོ་ ༢༣ འཁོར་བའི་མཛད་སྒོའི་ཐོག་ལྡི་ལི་ས་གནས་འགོ་འཛིན་གྱིས་དབུས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་སྐུ་ཚབ་དང་། བོད་མིའི་གཞུང་འབྲེལ་མ་ཡིན་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བརྒྱ་འཐུས་ཡིག་ཚང་། ས་གནས་བུད་མེད་ལྷན་ཚོགས་སོགས་ཀྱི་སྐུ་ཚབ་ཁག་གཅིག་ཕེབས་ཡོད་པ་ལྟར་ས་གནས་འགོ་འཛིན་དང་ས་གནས་བེུད་ལྷན་ཚོགས། དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བཅས་ཀྱིས་ཚོགས་པའི་འགོ་ལས་ཡོངས་ནས་ད་བར་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག སླད་མར་མུ་མཐུད་རྒྱབ་སྐྱོར་གནང་བའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།གཞི་རྩའི་འཕགས་བོད་མཛའ་འབྲེལ་ཚོགས་པ་དེ་ནི་ད་ལྟའི་རྒྱ་གར་གཞུང་འཛིན་ཚོགས་པ་ Bharatiya Janata Party དང་འབྲེལ་བ་ཧ་ཅང་ལེགས་པོ་ཡོད་པའི་ཚོགས་པ་ཞིག་ཡིན་པའི་ཆ་ནས་རྒྱ་གར་རྒྱལ་ཡོངས་སུ་ལས་འགུལ་བ་འབུམ་ཕྲག་མང་པོ་ཡོད་པ་དང་། ཚོགས་པ་དེ་ཐོག་མར་སྐུ་ཞབས་ Indresh མཆོག་གིས་དབུས་པའི་ཧི་མའ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་གཅིག་དང་། བོད་མི་བཅས་མཉམ་ཞུགས་ཀྱིས་ཕྱི་ལོ་ ༡༩༩༩ ཕྱི་ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་གྱི་ཧི་མཱ་ཅལ་མངའ་སྡེའི་དྷརྨ་སཱ་ལཱར་གསར་འཛུགས་གནང་ཡོད།

མ་ཎི་པཱལ་མཐོ་སློབ་ནང་བོད་པའི་བེུད་གཅིག་ལ་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཐོབ་པ།

རྒྱ་གར་གྱི་ Manipal མཐོ་སློབ་ཏུ་སྨན་གྱི་སློབ་གཉེར་གནང་བཞིན་པའི་བོད་པའི་བེུད་གཅིག་ལ་མཐོ་སློབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཞིག་ཐོབ་འདུག མ་ཎི་པཱལ་མཐོ་སློབ་ཀྱི་ངོས་ནས་སློབ་མ་ཚོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་ཁྲོད་ནས་སྦྱངས་འབྲས་ལེགས་ཐོན་སོན་པའི་སློབ་གཉེར་བ་རྣམས་ལ་ Param Pujya Guru ཞེས་པའི་ཆེ་བསྟོད་ཀྱི་བྱ་དགའ་ཞིག་གནང་སྲོལ་ཡོད་པ་ལྟར། འདིའི་ལོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་ལས་སྨན་རིགས་སྡེ་ཚན་ནས་རྩེ་ཕུད་སོན་པའི་སློབ་མའི་ཁོངས་ནས་བོད་པའི་བེུད་ཨུ་རྒྱན་དཔའ་མོ་ལགས་ལ་བྱ་དགའ་དེ་ཐོབ་འདུག གསར་འགོད་པས་ཁོང་ལ་བྱ་དགའ་དེ་འབུལ་བཞེས་སྐབས་ཐུགས་ཚོར་གང་བྱུང་ཡོད་དམ་ཞེས་བཅར་འདྲི་ཞུས་པར་ཁོང་གིས་བྱ་དགའ་འདི་ཐོབ་པར་བརྟེན་སེམས་ལ་དགའ་སྤོབས་ཚད་མེད་བྱུང་བ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཁོང་གི་ཕ་མ་རྣམ་གཉིས་ཀྱི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་སྦྱངས་འབྲས་ལེགས་ཐོན་གྱིས་བྱ་དགའ་འདི་ཐོབ་སོང་ཞེས་དང་། མ་འོངས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་ཡོད། གཞི་རྩའི་ཨུ་རྒྱན་དཔའ་མོ་ལགས་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་བོད་མིའི་གཞིས་སྒར་ནས་ཡིན་པ་དང་ད་ལྟ་ Manipal College of Pharmaceutical ནང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་མུས་རེད་འདུག

བསྟན་འཛིན་རིག་གྲོལ་ལགས་སུ་ཨ་རི་ཁོ་ལ་ར་ཌོ་གཙུག་ལག་ཁང་གི་རི་མོའི་སྒྱུ་རྩལ་གྱི་ཆེ་བསྟོད་ཕྱག་འཁྱེར་ཐོབ་པ།

དེང་དུས་བོད་ཀྱི་རི་མོ་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་ལགས་སུ་ཨ་རི་ Colorado གཙུག་ལག་སློབ་གཉེར་ཁང་གི་ Honorary Doctorate degree ཞེས་རི་མོ་སྒྱུ་རྩལ་གྱི་ཆེ་བསྟོད་ཕྱག་འཁྱེར་ཞིག་ཐོབ་འདུགཨ་རི་ Colorado གཙུག་ལག་སློབ་ཁང་གི་སྒྱུ་རྩལ་དང་བརྒྱུད་ལམ་ཚན་པས་སློབ་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༣ ཉིན་གཙུག་ལག་སློབ་ཁང་གི་འགན་འཛིན་ལྷན་ཚོགས་ནས་སློབ་ཁང་དེའི་སློབ་ཟུར་དེང་རབས་བོད་ཀྱི་རི་མོ་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་སུ་ཁོང་གི་གཟེངས་སུ་ཐོན་པའི་རི་མོའི་ཆེད་ལས་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་གནང་འདུག་པ་དང་། ཕྱི་ཚེས་ ༤ ཉིན་ཁུལ་དེར་ཡོད་པའི་ Emmanuel སྒྱུ་རྩལ་འགྲེམས་སྟོན་ཁང་གི་དམིགས་བསལ་སྐུ་མགྲོན་ Metropolitan འགྲེམས་སྟོན་ཁང་གི་དོ་དམ་པ་སྐུ་ཞབས་ Kurt Behrendt ལགས་དང་། དེ་བཞིན་རིག་གྲོལ་ལགས་ཀྱི་ཕྱི་ལོ་ ༢༠༡༩ ལོའི་འགྲེམས་སྟོན་དོ་དམ་པ་ Denver མཐོ་སློབ་ཀྱི་སྒྱུ་རྩལ་ལོ་རྒྱུས་སློབ་དཔོན་ལྕམ་སྐུ་  Sarah Magnatta ལགས་དང་སྐུ་ཞབས་ Yang Wang ལགས་བཅས་གདན་ཞུས་ཀྱིས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་དང་ལྷན་དུ་བགྲོ་གླེང་ལས་རིམ་ཞིག་ཀྱང་གོ་སྒྲིག་གནང་འདུགསྐབས་དེར་ཨ་རི་ཁོ་ལ་ར་ཌོ་གཙུག་ལག་སློབ་ཁང་གི་སྒྱུ་རྩལ་དང་བརྒྱུད་ལམ་ཚན་པས་རིག་གྲོལ་ལགས་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་བཞེས་མཛད་སྒོར་མཉམ་ཞུགས་གནང་སྟེ་ཚན་པའི་ངེས་སྟོན་པ་དང་སྒྱུུ་རྩལ་བ་ Laurence Kaptain ལགས་ཀྱིས་རིག་གྲོལ་ལགས་ནས་རང་ཉིད་ཀྱི་མི་ཚེའི་ལམ་བུ་འདི་སྒྱུ་རྩལ་གྱི་ལམ་ནས་མཐོ་སློབ་ཀྱི་སྒྱུ་རྩལ་ཚན་པའི་རིན་ཐང་ཁག་ལེགས་པར་མཚོན་བྱེད་དུ་ཁོང་དང་ཁོང་གི་ནང་མིར་དགའ་བསུའི་ཐུགས་རྗེ་ཆེ་ཞུས་འདུགརིག་གྲོལ་ལགས་ནི་ཕྱི་ལོ་ ༡༩༨༢ ལོར་བལ་ཡུལ་དུ་སྐྱེས་ཤིང་བཞུགས་སྒར་དྷརྨ་སཱ་ལཱར་ཡོད་པའི་བོད་ཕྲུག་ཁྱིམ་སྡེར་སློབ་སྦྱོང་བྱས་ནས་ཕྱིས་སུ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ལྷ་བྲིས་སློབ་གཉེར་གནང་བ་དང་རྗེས་སུ་ཨ་རིའི་ Colorado གཙུག་ལག་སློབ་ཁང་དུ་རི་མོའི་སྒྱུ་རྩལ་ཐོག་ལོ་བཞིའི་རིང་སློབ་གཉེར་གནང་ཡོད།ཁོང་ནི་དེང་དུས་རི་མོའི་སྒྱུ་རྩལ་བ་ཙམ་མ་ཡིན་པར་སྙན་ངག་པ་དང་སྒྱུ་རྩལ་ཞིབ་འཇུག་པ་ཞིག་ཀྱང་ཡིན་པ་མ་ཟད། ཁོང་གིས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་རི་མོ་དང་སྙན་ངག དེ་བཞིན་གློག་བརྙན་སོགས་ཀྱི་ལམ་ནས་མངོན་གསལ་གནང་བཞིན་ཡོད་པ་རེད། ལྷག་དོན་ཕྱི་ལོ་ ༢༠༡༡ ལོར་ཁོང་སྒེར་གྱིས་བོད་ནས་ས་སྤྱི་རྒྱ་ཁྲི་གཉིས་ཙམ་བཞུགས་སྒར་དུ་བསྣམས་པའི་ལས་འགུལ་ཞིག་སྤེལ་མྱོང་ཡོད་པ་དང་། དེ་བཞིན་ ༢༠༡༧ ལོར་བཞུགས་སྒར་དུ་ང་དགུ་སྒྱུ་རྩལ་ཁང་ཞེས་པ་ཞིག་གཉེར་ཡོད་པ་རེད། ད་ཆ་ཁོང་གིས་བྲིས་པའི་རི་མོ་ཁག་འཛམ་གླིང་གི་འགྲེམས་སྟོན་ཁང་ཆེ་ཁག་མང་པོའི་ནང་བཤམ་སྟོན་གནང་ཡོད་པ་དང་དེའི་ནང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་གྲགས་ཆེ་བའི་ Metropolitan རི་མོའི་འགྲེམས་སྟོན་ཁང་ནང་བོད་མི་རང་གིས་བྲིས་པའི་དེང་དུས་ཀྱི་རི་མོ་འགྲེམས་སྟོན་གནང་ཁོང་ཆགས་ཡོད་པ་མ་ཟད། དུས་ནས་དུས་སུ་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་དང་མཐོ་རིམ་སློབ་གྲྭ་ཁག དེ་བཞིན་རྒྱལ་སྤྱིའི་དུས་དེབ་ཁག་མང་པོའི་ནང་རི་མོའི་འགྲེམས་སྟོན་དམིགས་བསལ་ཅན་ཁག་གཅིག་གོ་སྒྲིག་དང་བོད་ཀྱི་དེང་དུས་རི་མོའི་སྒྱུ་རྩལ་སྐོར་གཏམ་བཤད་དང་རྩོམ་སྒྲིག་ཀྱང་གནང་གི་ཡོད་པ་རེད།  

རེས་གཟའ་ཕུར་བུ། ༢༠༢༢།༠༥།༠༥

ཉན་པ།: Listen ཕབ་ལེན། Download ཏོག་དབྱིབས་སྒྲིག་གཞིར་ཁག་དཀྲིས་ཏེ་ཀུན་སྒྲོལ་བཟང་མོ་ལགས་ཨ་མའི་འཁྲིས་ནས་བཙན་ཁྲིད། ཕྱི་རྒྱལ་བ་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་རྐང་འཁོར་སྐོར་སྐྱོད་དབུ་འཛུགས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་བསྐྱར་ཞིབ་གནང་དགོས་པའི་གཞེན་སྐུལ། ཨ་རི་ནང་གི་རྒྱ་ནག་ཚོང་ལས་ཁང་ཆེ་གྲས་ཁག་ཅིག་ཨ་རིའི་ཚོང་ར་ནས་ཕྱིར་འབུད་སྲིད་པ། རྒྱ་གར་ནང་སྒེར་སློབ་འགྲིམ་བཞིན་པའི་བོད་སློབ་ཚོར་ཆེས་ཐོག་མའི་དབྱར་དུས་ལས་གཞི་སྤེལ་རྒྱུ། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚོན་ལྡན་ཟས་རིགས་དང་ཤིང་ཏོག་གི་ཕན་ཡོན། Thursday 05/05/2022 5 year old child seized from mother citing COVID19 regulations in Ngari, Tibet Belgian women begins 4 weeks cycle rally to preserve Tibetan language Scrutiny of China ‘Overdue,’ Lawmakers Tell U.N. Torture Committee Over 80 firms including China's JD.com added to US SEC list facing delisting risk First ever summer camp for Tibetan students going to public schools at Sarah HEALTH AND WELLNESS: Benefits of eating rainbow foods

ཏོག་དབྱིབས་སྒྲིག་གཞིར་ཁག་དཀྲིས་ཏེ་ཀུན་སྒྲོལ་བཟང་མོ་ལགས་ཨ་མའི་འཁྲིས་ནས་བཙན་ཁྲིད་བྱས་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་བོད་མིའི་ལས་འགུལ་བ་གཙོས་མི་སེར་མི་ཉུང་བ་ཞིག་གཞི་མེད་ཀྱི་རྒྱུ་མཚན་སྣ་ཚོགས་ཐོག་ནས་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་འབྱུང་བཞིན་པ་ལྟར་ཉེ་ཆར་སླར་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྒྲིག་གཞིར་ཁག་དཀྲིས་ཏེ་ལོ་ན་ལྔ་ལ་སོན་པའི་བོད་པའི་བུ་མོ་ཀུན་སྒྲོལ་བཟང་མོ་ལགས་ཨ་མའི་འཁྲིས་ནས་བཙན་ཁྲིད་བྱས་འདུགཁ་སང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Free Tibet ཚོགས་པའི་དྲ་གནས་ཐོག་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་མཁོ་སྤྲོད་གནང་བ་ལུང་འདྲེན་གནང་གསལ། ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ས་གནས་རྒྱ་གཞུང་ཉེན་རྟོག་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་སུ་གཏོགས་པ་མངའ་རིས་སྤུ་ཧྲེང་རྫོང་སྟག་ལ་མཁར་ཡུལ་ཚོ་ནས་ཨ་མ་བདེ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་བུ་མོ་ཀུན་སྒྲོལ་བཟང་མོ་ལགས་ཁྲིད་དེ་རྒྱ་ལམ་གཙང་བཟོ་བྱེད་བཞིན་པའི་སྐབས་སུ་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྒྲིག་གཞི་དང་འགལ་བའི་ཉེས་མིང་འོག་བུ་མོ་ཀུན་སྒྲོལ་བཟང་མོ་བཙན་ཁྲིད་བྱས་ཡོད་སྐོར་བཀོད་འདུག སྐབས་དེར་ཨ་མ་བདེ་སྐྱིད་ལགས་ནས་ས་གནས་ཉེན་རྟོག་པ་དང་ཉེན་རྟོག་ལས་ཁུངས་སུ་ཞུ་སྐུལ་གསལ་བཤད་སོགས་གནང་ཡོད་ཀྱང་ལན་འདེབས་གང་ཡང་མེད་པ་དང་ད་ལྟའི་ཆར་ཀུན་སྒྲོལ་བཟང་མོ་ལགས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཨ་མ་དང་བུ་མོ་གཉིས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག རྩ་བའི་ཨ་མ་བདེ་སྐྱིད་ལགས་དང་ཀུན་སྒྲོལ་བཟང་མོ་ལགས་གཉིས་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁྱབ་ཁོངས་ས་དགའ་རྫོང་ཁུལ་གྱི་འབྲོག་པའི་ཁྱིམ་ཚང་ཞིག་ཡིན་ཡང་། དེ་སྔ་རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༡༨ ནས་ ༢༠༣༥ བར་ལ་ས་གནས་ཀྱི་འབྲོག་པ་དང་ཞིང་པའི་ཁྱིམ་ཚང་སྟོང་ཕྲག་བརྒྱ་དང་གསུམ་བཅུ་ཙམ་གྲོང་ཁྱེར་ཁག་ཏུ་གནས་སྤོ་བྱེད་རྒྱུའི་དམིགས་ཚད་འོག་དབུལ་ཕོངས་གྲོལ་བའི་སྲིད་བྱུས་ཟེར་བ་སོགས་ལག་བསྟར་སྐབས་རང་ལོ་ ༥༠ ཡས་ཙམ་སོན་པའི་ཨ་མ་བདེ་སྐྱིད་ལགས་དང་རང་ལོ་ལྔ་ཡིན་པའི་བུ་མོ་ཀུན་སྒྲོལ་བཟང་མོ་ལགས་གཉིས་འབྲོག་ས་ནས་མངའ་རིས་སྤུ་ཧྲེང་རྫོང་དུ་གཞིས་སྤོས་ཏེ་རྒྱ་ལམ་གཙང་བཟོའི་ལས་ཀ་བྱེད་བཞིན་ཡོད་པ་རེད། དེ་བཞིན་ Free Tibet ཚོགས་པས་སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༤ ཉིན་རྒྱ་གཞུང་ཉེན་རྟོག་པས་བོད་ཁམས་སྐྱེ་རྒུ་མདོ་ནས་འཛིན་བཟུང་བཙན་བྱས་པ་རིན་ཆེན་རྡོ་རྗེ་ལགས་ཟླ་བ་དགུ་ཙམ་བཀག་ཉར་བྱས་རྗེས་ཉེ་ཆར་ཚེས་ ༢༧ ཉིན་གློད་བཀྲོལ་བཏང་ཡོད་ཀྱང་ས་གནས་རྒྱ་གཞུང་ཉེན་རྟོག་པའི་ལྟ་སྲུང་འོག་གནས་དགོས་ཀྱི་འདུག རྒྱ་ནག་གཞུང་གི་དམ་དྲག་དང་ལྟ་སྲུང་རྐྱེན་པས་རིན་ཆེན་རྡོ་རྗེ་ལགས་ཀྱི་གཟུངས་གཞིའི་གནས་སྟངས་དང་། བཙོན་ཁང་དུ་བཀག་ཉར་རིང་གི་གནས་སྟངས་སོགས་ཞིབ་ཕྲ་མཁོ་སྒྲུབ་ཞུ་དཀའ་སྐོར་གསུངས་འདུག གཞི་རྩའི་སྔར་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ ༧༠ འཁོར་བའི་མཛད་སྒོ་ཞེས་པ་ཞིག་ཚོགས་སྐབས་སུ་ས་གནས་རྒྱ་གཞུང་ཉེན་རྟོག་པས་དགག་སྒོ་ཆེད་བཙུགས་ཀྱིས་མང་ཚོགས་ཀྱི་འགྲོ་འོང་དང་ཁ་པར་སོགས་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་པའི་ཁྲོད་བོད་མི་རིན་ཆེན་རྡོ་རྗེ་ལགས་དང་ཁོང་གི་གྲོགས་པོ་སྐལ་བཟང་ཉི་མ་ལགས། ལྷུན་གྲུབ་ལགས་བཅས་གསུམ་གྱི་ཁ་པར་ཞིབ་བཤེར་བྱས་ནས་ཁོང་གསུམ་གྱིས་ཚོགས་མི་ ༢༠༠ ལྷག་ཡོད་པའི་བཙན་བྱོལ་ནང་གི་སྐད་འཕྲིན་ཚོགས་པ་ཞིག་ལ་ས་གནས་ལ་དམ་དྲག་དང་འབྲེལ་བའི་པར་རིས་དང་གནས་ཚུལ་བཏང་བའི་ཉེས་མིང་འོག་འཕྲལ་མར་ལག་ལྕགས་བརྒྱབ་ནས་འཛིན་བཟུང་བྱས་ཡོད་པར་བརྟེན་ད་བར་གནས་སྟངས་གང་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ད་ལྟའི་ཆར་རང་ལོ་ ༥༤ ཙམ་ཡིན་པ་གླ་འཁོར་བ་རིན་ཆེན་རྡོ་རྗེ་ལགས་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་ཡོད་ཀྱང་། ཁོང་དང་ལྷན་དུ་འཛིན་བྱས་པའི་སྐལ་བཟང་ཉི་མ་ལགས་དང་ལྷུན་འགྲུབ་ལགས་གཉིས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། གཟུགས་གཞིའི་གནས་སྟངས་ཇི་ཡིན་སོགས་ཤེས་རྟོགས་མེད་པ་རེད།

ཕྱི་རྒྱལ་བ་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་བ།

སྦེལ་ཇམ་གྱི་སྤྱི་ཚོགས་ལས་འགུལ་བ་རྒན་གྲས་དགུང་ལོ་ ༦༤ ལ་ཕེབས་པའི་ལྕམ་སྐུ་ Eva van Tulden ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་རྩ་མེད་གཏོང་བཞིན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལེགས་བྱང་བཅས་པ་རྒྱ་གར་དང་བལ་ཡུལ་ཁུལ་དུ་ཡོད་པའི་བོད་ཕྲུག་ཚོའི་ཁྲོད་ལ་མི་ཉམས་རྒྱུན་འཛིན་ཡོང་བའི་ལས་འཆར་སླད་དུ་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་མངའ་ཁུལ་དུ་ཟླ་བ་གཅིག་རིང་གི་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད་པ་རེད། ལྕམ་སྐུ་ Eva van Tulden ལགས་ཀྱིས་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་ནང་དུ་སྤེལ་རྒྱུའི་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་དེའི་ཆེད་དུ་ཁོང་ནས་ཟླ་ ༥ ཚེས་༡ ཉིན་ཁོང་གི་བཞུགས་གནས་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་གྲོང་ཁྱེར་ Antwerpen ནས་རྐང་འཁོར་གྱི་གཡས་གཡོན་དུ་བོད་ཀྱི་རྒྱལ་དར་དང་ལས་འགུལ་གྱི་དགོས་དམིགས་གང་ཡིན་སོགས་ཞིབ་རྒྱས་འཁོད་པའི་ཤོག་བྱང་དཔྱངས་པའི་ཐོག་ནས་ནི་ཐར་ལན་ཌི་བར་ཕེབས་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༤ ཉིན་ཁོང་གིས་ནི་ཐར་ལན་ཌི་གྲོང་ཁྱེར་ Uthere ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལེགས་བྱང་བཅས་པ་སྲུང་སྐྱོབ་ཆེད་ཡོ་རོབ་རྒྱལ་ཁབ་ནི་ཐར་ལན་ཌི་མངའ་ཁུལ་དུ་ཟླ་བ་གཅིག་རིང་གི་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་ཡོད།བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་སར་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་བསྟན་འཛིན་དབང་པོ་བཀྲས་མཐོང་ལགས་དང་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཐེངས་འདིའི་ལས་འགུལ་ལ་རྒྱབ་སྐྱོར་དང་དེ་ལྟར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད། སྤྱིར་ཐེངས་འདིའི་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་གནང་མཁན་ལྕམ་སྐུ་ Eva van Tulden ལགས་ནི་ཕྲུ་གུའི་ཤེས་ཡོན་ཐོག་ཕྱགས་ལས་གནང་མཁན་སྤྱི་ཚོགས་ལས་འགུལ་བ་ཞིག་ཡིན་ཅིང། ལོ་ཤས་སྔོན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཕེབས་སྐབས་ས་གནས་ཀྱི་སྐྱབས་བཅོལ་བོད་མི་ཚོ་དང་དངོས་སུ་ཐུག་འཕྲད་ཀྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག ལེགས་བྱང་སོགས་ཀྱི་སྐོར་ཆེས་ཐོག་མ་ངོ་སྤྲོད་བྱུང་འདུག ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་སྐད་ཡིག་དང་རིག་གཞུང་རྩ་བརླག་གཏོང་བཞིན་པའི་ཉེན་ཚབས་རང་བཞིན་ལ་གཟིགས་ཏེ་ཐུན་མིན་གྱི་རིག་གཞུང་དེ་དག་སྲུང་སྐྱོབ་གནང་ཕྱིར་ད་ལན་གྱི་ལས་འགུལ་འདི་དབུ་འཛུགས་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད།  ཤེས་རྟོགས་བྱུང་བར་གཞིགས་ཚེ་ལྕམ་སྐུ་ Eva van Tulden ལགས་ནས་ཐེངས་འདིའི་བོད་དོན་ཆེད་ཟླ་བ་གཅིག་རིང་གི་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་བསྒྲུབས་རྗེས། རིང་མིན་ཕྱི་ཟླ་ ༨ པ་ནང་དུ་སླར་སྦེལ་ཇམ་ནས་སི་པན་བར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་དཔལ་འབྱོར་འདུ་འགོད་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་གནང་རྒྱུ་རེད་འདུག

རེས་གཟའ་ལྷག་པ། ༢༠༢༢།༠༥།༠༤

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ། ཕ་རན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ལ་རྒྱབ་སྐྱོར། ༸གོང་ས་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་ ༢༢༣ ཅན་དབུ་འབྱེད་མཛད་གཏན་ཁེལ་བ། རྒྱ་ནག་སླར་ཡང་གསར་འགོད་རང་དབང་ཆེས་སྡུག་ཤོས་གྲས་སུ་མིང་མངོན་གསལ། བཀའ་སློབ་ལེ་ཚན། བོད་སྨན་གྱི་དགེ་མཚན་སྐོར་བཀའ་སྩལ་བ། Wednesday 04/05/2022 Sikyong Penpa Tsering meets members of Canadian Parliamentary Friends of Tibet French senate delegation visit OOT Paris, reiterate support for Tibet Dalai Lama to inaugurate 223 Volume Monlam Dictionary China named amongst least free countries with over 110 journalists in jail FEATURE: Dalai Lama on Tibetan medicine

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཟླ་མཇུག་ཙམ་ནས་བྱང་ཨ་རི་ནང་ལ་གཞུང་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར་ཁ་ཉིན་ཕྱི་ཚེས་ ༢ ཉིན་ཨ་རི་ནང་གི་མཛད་རིམ་ཁག་ལེགས་པར་གྲུབ་དོན་བཞིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཕེབས་འབྱོར་བྱུང་ཡོད་པ་དང་། ཁུལ་དེའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གནད་ཡོད་མི་སྣ་ཁང་ཅིག་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་ཁེ་ན་ཌ་ནང་དུ་འཕེབས་འབྱོར་བྱུང་བ་དང་བསྟུན། ཁ་སང་ཁེ་ན་ཌ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་རྟེན་གཞི་བྱས་པའི་གྲོས་ཚོགས་ཀྱི་ལྟེ་གནས་ Parliament Hill ཞེས་པའི་ནང་དུ་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་མཛད་རིམ་ཞིག་ཚོགས་ཡོད་པ་དང་། མཛད་རིམ་ཐོག་ཁེ་ན་ཌའི་ Housing, Diversity and Inclusion ལྷན་ཁང་གི་བློན་ཆེན་སྐུ་ཞབས་ Ahmed Hussen ལགས་དང་ཁེ་ན་ཌ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Arif Virani ལགས་གཙོས་པའི་ཚོགས་མི་གྲོས་ཚོགས་ཚོགས་འཐུས་མི་སྐུ་ཞབས་ Randall Garrison ལགས། ལྕམ་སྐུ་  Elizabeth May ལགས། སྐུ་ཞབས་ Garnett Genius ལགས།  སྐུ་ཞབས་ James Maloney ལགས། དེ་བཞིན་ས་གནས་སུ་ཡོད་པའི་ཡུ་གུར་རང་དབང་འཐབ་རྩོད་ཀྱི་ལས་གཞི་ཚོགས་པའི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Mehmet Tohti ལགས་སོགས་གཞུང་འབྲེལ་གནད་ཡོད་མི་སྣ་མི་ཉུང་བ་ཞིག་ལྷན་ཞུགས་གནང་འདུག སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་སྦྲགས་ད་ལྟའི་བོད་ནང་གི་གནས་སྟངས་གཙོས་བོད་དོན་སྐོར་སྤྱི་ཡོངས་ཀྱི་གསུང་བཤད་གནང་བ་མ་ཟད། ཁེ་ན་ཌ་གཞུང་དང་གྲོས་ཚོགས་འཐུས་མི་ནང་བོད་དོན་དང་བོད་མིའི་བདེ་དོན་ཐོག་རོགས་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག སྲིད་སྐྱོང་མཆོག་དང་ལྷན་བཅར་ཡོད་པ་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཁག་སྙན་སེང་ཞུས་ཡོད། ཤེས་རྟོགས་བྱུང་བར་སྲིད་སྐྱོང་མཆོག་ནས་རྒྱལ་ས་ཨོ་ཊ་ཝའི་མཛད་རིམ་ཁྲོད་ཁེ་ན་ཌའི་གྲོས་ཚོགས་གོང་འོག་གཉིས་སུ་བོད་དོན་སྐོར་ཉན་ཞིབ་དང་བགྲོ་གླེང་གནང་རྒྱུ་དང་། དེ་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་ Macdonald Laurier Institute ཞེས་པར་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་རིམ་ཁག་ཅིག་འདུག་པ་མ་ཟད་ཨོ་ཊ་ཝའི་ནང་གི་མཛད་རིམ་ཁག་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་ནས་ཕྱི་ཚེས་ ༧ དང་ ༨ བཅས་སུ་གྲོང་ཁྱེར་ཊོ་རོན་ཊོ་ནང་དུ་ས་གནས་བོད་མི་ལ་གསུང་བཤད་དང་། བོད་པའི་གཞོན་སྐྱེས་ཚོ་དང་ཟུར་དུ་མཇལ་འཕྲད།  དེ་བཞིན་ས་གནས་ཀྱི་ཆོས་ཚོགས་དང་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་རྣམས་དང་ལྷན་དུ་ཚོགས་འདུ་ཁག་ཅིག་འཚོགས་འཆར་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་ཁེ་ན་ཌ་ནང་གི་འཚམས་གཟིགས་འདི་ནི་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་འཚམས་གཟིགས་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཁེ་ན་ཌར་མ་ཕེབས་པའི་གོང་ལ་ཨ་རི་ནང་དུ་ཉིན་གྲངས་བདུན་ཙམ་གྱི་རིང་འཚམས་གཟིགས་གནང་བའི་ཁྲོད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་གིས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་།  ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་གནད་དོན་ཐོག་གི་འབྲེལ་མཐུད་པ་དང་པོ་སྐུ་ཞབས་ Kurt Campbell མཆོག་སོགས་གཞུང་འབྲེལ་གནད་ཡོད་མི་སྣ་མི་ཉུང་བ་ཁག་ཅིག་དང་མཇལ་འཕྲད་གནང་བ་མ་ཟད་པར་ས་གནས་བོད་མི་ཚོར་གསུང་བཤད་སོགས་གནང་ཡོད།

ཕ་རན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ལ་རྒྱབ་སྐྱོར་གནང་བ།

ཕ་རན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕ་རན་སི་འབྲེལ་མཐུད་ལས་ཁུངས་སུ་ཆེད་ཕེབས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་འདུག ཁ་ཉིན་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Jacqueline Eustache-Brinio ལགས་ཀྱིས་སྣེ་ཁྲིད་པའི་འོག་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Joelle Garriaud Maylam ལགས་དང་སྐུ་ཞབས་ Andre Gattolin ལགས། དེ་བཞིན་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་གི་དྲུང་ཆེ་སྐུ་ཞབས་ Thierry Munier ལགས་བཅས་ཕ་རན་སིའི་འབྲེལ་མཐུད་ལས་ཁུངས་སུ་ཆེད་ཕེབས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གནང་བ་མ་ཟད། སྐབས་དེར་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཁོང་རྣམ་པར་ཕེབས་བསུའི་སྣེ་ལེན་ཞུས་ཐོག་བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དང་མཛད་འཆར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་ནང་ཡུལ་དེའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བའི་སྐོར་སྙན་སེང་ཞུས་འདུག བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་ལྕམ་སྐུ་  Michelle Bachelet མཆོག་རིང་མིན་ཟླ་བ་འདིའི་ནང་ཤིན་ཅང་གཙོས་རྒྱ་ནག་ཏུ་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་དེར་དགའ་བསུ་ཞུ་བཞིན་ཡོད་ཀྱང་། བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཆེས་ཛ་དྲག་ཅན་གནས་བབ་དེའི་ཁྲོད་ལྕམ་སྐུ་ Michelle མཆོག་ནས་ཐེངས་འདིའི་འཚམས་གཟིགས་སྐབས་བོད་སྣང་མེད་དུ་བཞག་པ་དེར་ཆེས་བློ་ཕམ་བྱུང་ཞེས་གསུངས་ཏེ་ཕ་རན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམ་པས་ངེས་པར་དུ་གཙོ་འཛིན་མཆོག་ལ་བོད་དོན་གླེང་སློང་གིས་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་སྐབས་བོད་ནང་ལ་ངེས་ ཕེབས་ཡོང་བའི་རེ་སྐུལ་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག ཁ་ཉིན་ལས་རིམ་དེའི་ཐོག་ཕ་རན་སིའི་འབྲེལ་མཐུད་ལས་ཁུངས་ཀྱིས་ཕ་རན་སི་གཙོ་བོར་གྱུར་པའི་ཡུ་རོབ་རྒྱལ་ཁབ་ཀྱི་གྲོང་སྡེ་དང་གྲོང་གསེབ་བཅས་ནས་བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་བོད་ནང་གི་གྲོང་སྡེ་དང་གྲོང་གསེབ་ཁག་ཅིག་བདག་སྐྱོང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཀྱང་ཚོགས་ཡོད་པ་དང་ལས་གཞི་དེའི་འོག་ཕྱི་ལོ་ ༢༠༡༠ ནས་བཟུང་ད་བར་བོད་ནང་གི་ལྷ་རྩེ་གཙོས་གཞིས་རྩེ་དང་ལི་ཐང་སོགས་ཀྱི་གྲོང་སྡེ་དང་གྲོང་གསེབ་ཁྱོན་ ༧༦ ལ་བདག་སྐྱོང་གནང་ཡོད་པ་རེད།

Latest news