Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2022

རེས་གཟའ་ཟླ་བ། ༢༠༢༢།༠༥།༠༩

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དགེ་འདུན་པ་ ༦༠༠ ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་བ། སྲིད་སྐྱོང་མཆོག་གིས་ཊོ་རོན་ཊོའི་བོད་མི་མང་ཚོགས་ལ་གསུང་བཤད་གནང་བ། ༸གོང་ས་མཆོག་གིས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། རྒྱ་གར་དང་བལ་ཡུལ་ནས་བོད་ལ་ལོག་མཁན་ཚོར་ངལ་བ་འཕྲད་བཞིན་པ། ཧོང་ཀོང་མང་ཚོགས་ཀྱི་ཞི་རྒོལ་ལ་དྲག་གནོན་བྱེད་མཁན་ John Lee སྤྱི་ཁྱབ་ལ་བདམས་ཐོན། ཉི་ཧོང་ནང་ཉིན་ལྔའི་རིང་བོད་ཀྱི་དུས་སྟོན་ཚོགས་གནང་བ། Monday 09/05/2022 HHDL attends Mahakala puja, begins Gelong ordination for over 600 monks Sikyong meets Tibetan community in Toronto Tibetans returning to Tibet from exile facing difficulties amid rising Covid cases HHDL to confer ‘Dechok Luipa’ initiation in July this year Ex-security chief John Lee selected Hong Kong's next leader Online Tibet Festival in Tokyo celebrates Tibetan religious and cultural heritage

རྒྱ་གར་དང་བལ་ཡུལ་ནས་བོད་ལ་ལོག་མཁན་ཚོར་དམིགས་བསལ་དཀའ་ངལ་འཕྲད་བཞིན་པ།

བོད་མདོ་དབུས་ཁམས་གསུམ་ནང་གི་བོད་མིའི་ཁྲོད་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཤུགས་ཆེ་འབྱུང་བཞིན་པའི་ཁོངས་སུ་དེ་སྔ་རྒྱ་གར་དང་བལ་ཡུལ་ནས་ཕྱིར་བོད་དུ་གཏན་ལོག་གནང་མཁན་རྣམས་ལ་དམིགས་བསལ་དཀའ་ངལ་འཕྲད་བཞིན་ཡོད་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། རྒྱ་གཞུང་གིས་རྒྱ་གར་དང་བལ་ཡུལ་གཉིས་ནས་ཕྱིར་ལོག་གནང་བའི་བོད་མི་རྣམས་ཀྱི་དེ་སྔའི་ཐོབ་ཐང་ལག་འཁྱེར་ ༼ ཧྲིན་ཕེང་ཀྲན་འམ་ཡུལ་མིའི་ཐོབ་ཐང་ལག་འཁྱེར་དང་། ཧུའུ་ཀུའོ་ཞེས་པའི་ཁྱིམ་ཐོ་ལག་འཁྱེར་བཅས་ཕྱིར་བསྡུས་བྱས་པ་ཁག་ད་ལྟའང་བསྐྱར་གསོ་བྱ་རྒྱུའི་ཆོག་མཆན་སྤྲད་མེད་པར་བརྟེན་ཁོང་རྣམ་པའི་འཚོ་བའི་ཁྲོད་དཀའ་ངལ་མང་དག་ཅིག་འཕྲད་མུས་ཡིན་པ་མ་ཚད་པར་བར་ལམ་ནད་ཡམས་ཁྱབ་བརྡལ་བྱུང་སྐབས་ཐོབ་ཐང་ལག་འཁྱེར་མེད་སྟབས། ཏོག་དབྱིབས་སྨན་བཅོས་ཀྱི་མཐུན་རྐྱེན་ཡོད་པའི་སྨན་ཁང་ཁག་ཏུ་སྨན་བཅོས་ཀྱི་མཐུན་འགྱུར་དང་གཞི་རིམ་འཕྲོད་བསྟེན། སྨན་བཅོས་ཀྱི་ཐོབ་ཐང་སོགས་གང་ཡང་སྤྲོད་ཀྱི་མེད་པའི་གནས་སྟངས་འོག་ཁག་ཅིག་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་བྱུང་ཡོད་སྐོར་བཀོད་འདུག ལྷག་དོན་རྒྱ་གཞུང་གིས་ཟླ་བ་གཅིག་ལྷག་ཙམ་གྱི་གོང་དུ་དཀར་མཛེས་རྫོང་ཁོངས་སུ་ཡོད་པའི་རྒྱ་གར་དང་བལ་ཡུལ་གཉིས་ནས་ཕྱིར་ལོག་གནང་མཁན་བོད་མི་ཚོར་ཁྱིམ་ཐོ་བཟོ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག་ཀྱང་ད་བར་ཕྱིར་ལོག་གནང་མཁན་བོད་མི་སུ་གཅིག་ལ་ཁྱིམ་ཐོ་དེ་བཟོས་པ་བྱུང་མི་འདུག གཞི་རྩའི་འདས་པའི་ཕྱི་ཟླ་བཞི་པའི་ཟླ་མགོ་ཙམ་ནས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནང་སླར་གཉན་རིམས་ཤུགས་ཆེར་ཁྱབ་ཏེ་སྔར་བཞིན་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པའི་ཁྲོད་འདིར་གྲོང་ཁྱེར་གྱི་ས་ཁུལ་ཁག་ཆེད་བགོས་ཀྱིས་གྲོང་མི་ཚོར་བདུན་ཕྲག་རེ་རེའི་ནང་རིམས་ནད་ཀྱི་བརྟག་དཔྱད་ཐེངས་ ༣ རེ་བྱེད་དགོས་ཀྱི་ཡོད་པ་དང་། དེ་བཞིན་ཕྱིར་མི་གཅིག་ཀྱང་ཐོན་མི་ཆོག་པ་བཟོས་ཡོད་པར་བརྟེན་ཟ་མ་མེད་པའི་དཀའ་ངལ་འོག་གྲོང་ཁྱེར་ནང་དུ་ཉེན་རྟོག་པ་དང་མི་མང་དབར་ཟིང་འཁྲུག་ལངས་པ་སོགས་ཀྱི་གནས་ཚུལ་རིམ་པར་འཐོན་བཞིན་ཡོད་པའི་སྐབས་བོད་མིར་མཚོན་ན། གྲོང་ཁྱེར་ཡོངས་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་བོད་མི་ཞོར་ལས་གནང་མཁན་ཚོ་ཕར་འགྲོ་ཚུར་འོང་གནང་མི་ཐུབ་པའི་གནས་སྟངས་འོག་དངུལ་གྱི་ཡོངས་ཁུངས་སོགས་མེད་ནས་ཕྱིར་ཕ་ཡུལ་དུ་གསང་སྟབས་ཀྱིས་ལོག་པར་ཉེན་རྟོག་པས་འཛིན་བཟུང་གིས་བཀག་ཉར་དང་ཉེས་ཆད་གཏོང་བཞིན་པ་མ་ཟད། ཉེ་ཆར་རྒྱ་གཞུང་གིས་སླར་ གཉན་རིམས་སྔོན་འགོག་གི་སྒྲིག་གཞིར་ཁག་དཀྲིས་ཏེ་ལོ་ན་ལྔ་ལ་སོན་པའི་བོད་པའི་བོུ་གཅིག་བཙན་ཁྲིད་བྱས་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༢༢།༠༥།༠༨

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བེུད་ལེ་ཚན། Dream Unlimited ས་ཁང་ཚོང་ལས་ཁང་གི་དཔལ་འབྱོར་དང་འཛུགས་སྐྲུན་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས། Sunday 08/05/2022 Women of Tibet: Tsering Yangki, Head of Real Estate Finance & Development, Dream Unlimited

༸གོང་ས་མཆོག་གིས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་གཏན་ཁེལ་འདུགདཔལ་ལྡན་རྒྱུད་གྲྭ་སྨད་སྟོད་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་མགོན་པོ་༸གང་ཉིད་མཆོག་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་འདི་ལོའི་ཟླ་ ༧ ཚེས་ ༨ ནས་ ༡༠ བཅས་ཉིན་གྲངས་གསུམ་རིང་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་པ་དང་། ཚེས་ ༨ ཉིན་གྱི་སྔ་དྲོར་སྔོན་འགྲོའི་སྟ་གོན་གྱི་རིམ་པ་དང་ཚེས་ ༩ དང་ ༡༠ བཅས་གཉིས་རིང་དངོས་གཞིའི་བཀའ་དབང་སྩལ་རྒྱུ་རེད་འདུག གཞི་རྩའི་འཛམ་གླིང་གི་ཡུལ་གྲུ་ཕལ་མོ་ཆེར་ད་ཆ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཕྲན་བུ་ཇེ་བཟང་དུ་ཕྱིན་པར་བརྟེན་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་རྣམས་ཀྱང་རིམ་བཞིན་སྔར་ལྟར་བསྐྱང་གནང་མཛད་རྒྱུ་དབུ་འཛུགས་གནང་ཡོད་པ་རེད། ༸གོང་ས་མཆོག་གི་མཛད་འཆར་ལ་གཞིགས་ན།  རིང་མིན་ཟླ་བ་འདིའི་ཕྱི་ཚེས་ ༢༥ ཉིན་༸དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་བ་དང་། དེ་བཞིན་ཟླ་ ༦ ཚེས་ ༡དང་ ༢ བཅས་ཉིན་གྲངས་གཉིས་རིང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་རེད་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་འཁོད་པའི་གནས་ཚུལ་ནང་གསལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ལག་སློབ་དཔོན་ Lia Diskin ལགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱིས་རྒྱ་གར་གྱི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲི་གཟེངས་རྟགས་ཐོབ་པར་འཚམས་འདྲི་མཛད་འདུག རྩ་བའི་གཙུག་ལག་སློབ་དཔོན་ Lia Diskin ལགས་སུ་ Padma Shri གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༢༠༢༠ འི་ཟླ་བ་ ༡ པོའི་ནང་འབུལ་འདུག་ཀྱང་ཁོ་མོའི་ཕྱག་ཏུ་གཟེངས་རྟགས་དེ་ཉིད་ཁས་ས་ཕྱི་ཚེས་ ༦ ཉིན་ São Paulo གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Swami Vivekananda Cultural Center ཞེས་རིག་གཞུང་བསྟི་གནས་ཁང་དུ་མཛད་སྒོ་ཞིག་ཚོགས་པའི་ཐོག་འབུལ་བཞེས་གནང་འདུག   སྐབས་དེའི་མཛད་སྒོར་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱང་མགྲོན་འབོད་གནང་འདུག གཙུག་ལག་སློབ་དཔོན་ Lia Diskin ལགས་ནི་རྩོམ་པ་པོ་ཞིག་དང་བྷ་ར་ཛིལ་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་མ་ཟད་བྷ་ར་ཛིལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་མཛད་སྐབས་འབྲེལ་མཐུད་གནང་མཁན་ཞིག་ཀྱང་ཆགས་ཀྱི་འདུག  ཁོང་གི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ལ་ཆེ་བསྟོད་ཀྱིས་འཛམ་གླིང་གི་ཚོགས་སྡེ་ཁག་ནས་གཟེངས་རྟགས་མང་པོ་ཕུལ་ཡོད་པ་རེད།

རེས་གཟའ་སྤེན་པ། ༢༠༢༢།༠༥།༠༧

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གི་བྱང་ཨ་རི་ནང་གི་ཆེས་ཐོག་མའི་འཚམས་གཟིགས་ཀྱི་གནད་འགག བློ་དོན་ཉམ་ཐག་རོགས་སྐྱོར་ཚོགས་པའི་སྐོར། Saturday 07/05/2022 Significance of Sikyong's first visit to North America Special Feature: Lodon Poor People Helping Group

རེས་གཟའ་པ་སངས། ༢༠༢༢།༠༥།༠༦

ཉན་པ།: Listen ཕབ་ལེན། Download སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་ཉན་ཞིབ་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ཞུ་གཏུགས་གནང་བ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་རྒྱ་ནག་ནང་འཚམས་གཟིགས་དེ་འཕྲལ་མར་ཕྱིར་བཤོལ་དགོས་ཞེས་སྤྱི་བསྒྲགས་སྤེལ་བ། ནོར་འཛིན་དབང་མོ་ལགས་གཅར་རྡུང་ཚད་མེད་བཏང་རྗེས་རང་ཁྱིམ་དུ་བཏང་བ། འཕགས་བོད་མཛའ་འབྲེལ་ཚོགས་པས་བོད་ཀྱི་བདེན་མཐའ་མ་སེལ་བར་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་དམ་འཇོག བསྟན་འཛིན་རིག་གྲོལ་ལགས་སུ་ཨ་རི་ Colorado གཙུག་ལག་སློབ་ཁང་གི་རི་མོའི་སྒྱུ་རྩལ་གྱི་ཆེ་བསྟོད་ཕྱག་འཁྱེར་ཕུལ་འདུག མ་ཎི་པཱལ་མཐོ་སློབ་ནང་བོད་པའི་བེུད་གཅིག་ལ་སྦྱངས་འབྲས་ལེགས་ཐོན་བྱ་དགའ་ཐོབ་པ། Friday 06/05/2022 Sikyong testifies before Canadian Parliamentary committee UN rights chief urged to postpone China trip or risk walking into propaganda minefield Mother of 3 serving prison term temporarily released after severe beating BTSM celebrates 23rd Anniversary, pledges continued support for Tibet Tibetan artist awarded Honorary Doctorate Degree by University of Colorado Tibetan girl awarded ‘Param Pujya Guru’ Award by Manipal College

སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་ཉན་ཞིབ་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ཞུ་གཏུག་གནང་བ།

ཁ་སང་ཕྱི་ཚེས་ ༥ ཉིན་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཡར་རྒྱས་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོ་ Marty Morantz ལགས་དབུ་བཞུགས་ཐོག་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་དང་ཉན་ཞིབ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག དེ་བཞིན་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་བཅས་མཉམ་ཞུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་ཞུ་གཏུག་གནང་ཡོད་པ་མ་ཟད། ཉན་ཞིབ་ལས་རིམ་ཁག་གྲུབ་མཚམས་སུ་ཁེ་ན་ཌའི་གྲོས་ཚོགས་ཚོགས་ཆུང་གི་ངོས་ནས་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་སླར་གསོ་གནང་དགོས་པ། ཉན་ཞིབ་ཐོག་གྲོས་བསྡུར་བྱུང་བའི་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སོགས་འཁོད་པའི་གྲོས་ཆོད་དང་གསར་འགོད་བསྒྲགས་གཏམ་ཞིག་གཏན་འབེབས་གནང་རྒྱུའི་ཐག་གཅོད་བྱུང་འདུགསྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེའི་ད་ལྟའི་གནས་སྟངས་དང་གནས་བབ་ཕྱིར་བསྒྲགས་མ་བྱས་པ་དེས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཉེན་ཁ་ཞིག་ཡོད་པར་གཟིགས་ཀྱི་ཡོད་མེད་དང་། ལྷག་པར་དུ་གཉིས་སྨན་དབུས་མའི་ལམ་བརྒྱུད་བོད་རྒྱ་གྲོས་མོལ་ཐོག་ནས་བོད་དོན་བདེན་མཐའ་ཇི་ལྟར་སེལ་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་༸རྒྱལ་བ་ཡབ་སྲས་གཉིས་ཀྱིས་༸སྐུའི་ཡང་སྲིད་ངོས་འཛིན་མཛད་རེས་གནང་བའི་ལམ་ལུགས་ཤིག་ཡོད་ཀྱང་ཡང་སྲིད་ལ་ཕེབས་མཁན་གྱི་ངོས་ནས་མ་འོངས་ཡང་སྲིད་རིན་པོ་ཆེ་ས་གནས་གང་དང་ཁྱིམ་ཚང་གང་དུ་༸སྐུ་འཁྲུངས་རྒྱུའི་རྟགས་མཚན་རིགས་ཆེད་འཇོག་གནང་སྲོལ་ཡོད་པ་ལྟར། མ་འོངས་པར་༸སྐུའི་ཡང་སྲིད་གང་དུ་༸སྐུ་འཁྲུངས་རྒྱུ་ཡིན་པ་དེའང་༸གོང་ས་མཆོག་ནས་ཐུགས་ཐག་གཅད་ཀྱི་རེད་བཅས་གསུངས་སོང་།དེ་བཞིན་བོད་རྒྱ་གྲོས་མོལ་གྱི་གནད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་སྐབས་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཟེར་ནས་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་སླུ་ཁྲིད་བྱེད་བཞིན་ཡོད་པའི་ཁྲོད་རྒྱལ་སྤྱིའི་གཞུང་མང་གི་ངོས་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་ཉམས་ཞིབ་གནང་གལ་ཆེ་བའི་འབོད་སྐུལ་དང་འབྲེལ། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་མཁན་གྱི་རྒྱལ་ཁབ་ཚོས་རྒྱ་ནག་གི་ལོག་ཁྲིད་འོག་ཕེབས་ཏེ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་བརྗོད་ན་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་མ་ཟད། རྒྱ་ནག་གི་ངོས་ནས་བོད་ནང་རང་སྣང་གང་ཤར་ཆོག་གི་རེད་ཟེར་བའི་བརྡ་ལན་ཞིག་ཆགས་ཀྱི་ཡོད་སྟབས། ཁེ་ཎ་ཌ་གཞུང་གཙོས་རྒྱལ་ཁབ་གཞན་ཚོས་རང་ཉིད་ཀྱི་བཞེངས་ཕྱོགས་ལ་འགྱུར་བ་གནང་དགོས་པ་དང་། དེ་ལྟར་མ་འབྱུང་ཚེ་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་ཡང་ནས་ཡང་དུ་མ་བཤད་རོགས་ཞེས་ཞུ་སྐུལ་གནང་འདུགདེ་བཞིན་ཉན་ཞིབ་ལས་རིམ་ཐོག་གྲོས་ཚོགས་འཐུས་མི་ Garnett Genuis ལགས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོད་ཡོང་ཐབས་སུ་གཞུང་སྒེར་གཉིས་ནས་ཕྱག་རོགས་གནང་དགོས་པ་དང་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པས་བོད་མིའི་ཆོས་དད་རང་དབང་དང་འབྲེལ་ནས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལས་ཁུངས་ཤིག་སླར་གཉེར་དགོས་པ་སོགས་ཀྱི་ཞུ་གཏུག་གནང་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མིིའི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་ལྟར་བོད་ནང་གཞོན་སྐྱེས་ཚོ་རང་སྐད་ཐོག་སློབ་གཉེར་བྱ་རྒྱུ་ལས་ལྡོག་སྟེ་རྒྱ་སྐད་དང་རྒྱ་ཡིག་ཐོག་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ་བཞིན་སྲིད་སྐྱོང་མཆོག་ནས་བོད་མིའི་སྐད་དང་ཡི་གེ་ཐོག་རྒྱ་གཞུང་གིས་བཙན་གནོན་བྱེད་སྟངས་སྐོར་འགྲེལ་བརྗོད་གནང་རོགས་ཞེས་གསུངས་པར་སྲིད་སྐྱོང་མཆོག་གིས་བོད་ཀྱི་ནང་ཆོས་དེ་རྒྱ་གར་ནས་ཡོང་བ་ཞིག་དང་དེ་བཞིན་བོད་ཀྱི་ཡིག་གཟུགས་དེ་རྒྱ་གར་གྱི་ཡི་གེར་དཔེ་བླངས་པ་ཞིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག ཞི་ཅིན་ཕིང་གིས་རྒྱལ་ཁབ་གཅིག་དང་སྐད་ཡིག་གཅིག དེ་བཞིན་རིག་གཞུང་གཅིག་ཅེས་པའི་མིང་བྱང་འོག་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་ཐེར་འདོན་གྱིས་ཞུ་གཏུག་གནང་ཡོད་པ་རེད།སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་དུང་ཉན་ཞིབ་ལས་རིམ་ཐོག་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཛ་དྲག་གི་གནས་སྟངས་དེ་བོད་ནང་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་མང་པོ་ཞིག་གི་གནས་སྟངས་མཚོན་གྱི་ཡོད་སྐོར་གསུངས་པ་མ་ཟད། ལྷ་ས་ཁུལ་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་བ་ལས་རྒྱ་ནག་གི་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུའི་པར་མཐོང་རྒྱུ་མེད་པ་ནི་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་ཡང་སྲིད་ལ་བོད་མིས་དུས་ནམ་ཡང་འཁྲུལ་བྲལ་ལ་ངོས་འཛིན་གནང་གི་མེད་པའི་མཚོན་དོན་ཞིག་ཡིན་པ་མ་ཟད། ཅི་སྟེ་རིན་པོ་ཆེ་མཆོག་རང་དབང་གི་སྒོ་ནས་༸སྐུ་འཚོ་བཞུགས་ཡོད་པའི་དབང་དུ་བཏང་ནའང་རྒྱ་ནག་གཞུང་གིས་ནང་པའི་ཆོས་དང་གཞུང་ལུགས་ཁག་ལ་སློབ་གཉེར་གནང་རྒྱུའི་གོ་སྐབས་བཙན་འཕྲོག་བྱས་པ་དེས་མ་འོངས་ཆོས་ཕྱོགས་དང་འབྲེལ་བའི་ཐུགས་འགན་བཞེས་དཀའ་བ་ཞིག་ཆགས་ངེས་ཡིན་པར་གསུངས་འདུགདེ་བཞིན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་ཉན་ཞིབ་དེའི་ཐོག་ཁེ་ཎ་ཌའི་གཞུང་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཤེས་རྟོགས་སླད་རྒྱ་ནག་ཏུ་ཡོད་པའི་ཁེ་ཎ་ཌའི་གཞུང་ཚབ་མི་སྣས་རིན་པོ་ཆེ་མཆོག་དང་དངོས་སུ་མཇལ་འཕྲད་ཐུབ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་དགོས་པ་དང་། རིན་པོ་ཆེ་མཆོག་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་བ་ནས་མེད་པར་ངོས་བཞེས་མཚོན་རྟགས་ཀྱི་གཟེངས་རྟགས་རིགས་ཕུལ་ཐབས་གནང་དགོས་པ། དེ་བཞིན་ཁེ་ཎ་ཌའི་གྲོས་ཚོགས་སུ་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་ལས་འགུལ་སྤེལ་གནང་ཡོང་བ་སོགས་དོན་ཚན་ལྔ་ཅན་ཞུ་གཏུགས་གནང་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་རྒྱ་ནག་ནང་འཚམས་གཟིགས་དེ་འཕྲལ་མར་ཕྱིར་བཤོལ་དགོས་ཞེས་སྤྱིར་བསྒྲགས་སྤེལ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Michelle Bachelet མཆོག་ཟླ་བ་འདིའི་ནང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་གཏན་ཁེལ་བའི་དུས་མཚམས་འདིར་ཁ་སང་ཕྱི་ཚེས་ ༥ ཉིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང། བོད་མི་དང་ཡུ་གུར་བ། དེ་བཞིན་ཧོ་ཀོང་བ་དང་ལྷོ་སོག་བཅས་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ ༢༢༠ མཉམ་འབྲེལ་གྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་རྒྱ་ནག་ནང་འཚམས་གཟིགས་དེ་འཕྲལ་མར་ཕྱིར་བཤོལ་དགོས་ཞེས་སྤྱིར་བསྒྲགས་ཤིག་སྤེལ་སོང་། རྩ་བའི་ལྕམ་སྐུ་ Michelle Bachelet མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་རྟོག་ཞིབ་ཆེད་ཕེབས་རྒྱུའི་འཆར་གཞི་སྐོར་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་ཐེངས་མང་གནང་བའི་མཐར། འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་ནས་གཙོ་འཛིན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུའི་ཁས་ལེན་གདན་ཞུས་བྱས་ཡོད་པ་མ་ཟད་ཁོང་གི་ལས་ཁུངས་ནས་ཟླ་ ༥ པ་ནང་གཙོ་འཛིན་མཆོག་ཤར་ཏུར་ཀི་སི་ཐན་གཙོ་བོར་གྱུར་པའི་རྒྱ་ནག་གི་མངའ་འོག་ས་ཁུལ་གཞན་ཁག་ཏུ་སྐོར་སྐྱོད་གནང་གཏན་ཁེལ་བ་ཡོངས་གྲགས་གནང་བ་ཙམ་ལས་གནས་ཚུལ་ཞིབ་ཕྲ་གང་ཡང་གསལ་བསྒྲགས་གནང་མེད། གཙོ་འཛིན་ Bachelet མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་དང་འབྲེལ་ནས་ཁ་སང་ཕྱི་ཚེས་ ༥ ཉིན་རྒྱལ་སྤྱིའི་ནང་གི་ཚོགས་སྐྱིད་ཁག་ ༢༢༠ མཉམ་འབྲེལ་གྱིས་སྤེལ་བའི་སྤྱིར་བསྒྲགས་ནང་ཁོང་རྣམས་ནས་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་ཐེངས་འདིའི་འཚམས་གཟིགས་འདིར་བློ་འཚབ་དང་སྦྲགས། གཙོ་འཛིན་མཆོག་གི་འཚམས་གཟིགས་དེ་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར། དེ་བཞིན་ཧོ་ཀོང་དང་ལྷ་སོག་སོགས་ད་བར་རྒྱ་ནག་གི་མངའ་འོག་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མང་ཚོགས་ཐོག་དྲག་གནོན་བྱས་པའི་རྒྱ་གཞུང་གི་བྱ་ངན་དེ་དག་དག་སེལ་བྱ་རྒྱུའི་ལག་ཆ་ལྟ་བུ་ཆགས་སྲིད་པའི་ཉེན་ཁག་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག   གཙོ་འཛིན་མཆོག་ནས་རྒྱ་ནག་ཏུ་ཕེབས་རྒྱུའི་འཚམས་གཟིགས་དེ་འཕྲལ་མར་ཕྱིར་བཤོལ་གནང་དགོས་ཞེས་དགོས་འདུན་བཏོན་འདུག ཇར་མི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནི་ད་རེས་ཀྱི་ལས་འགུལ་གཙོ་ཁྲིད་གནང་མཁན་ཞིག་ཡིན་པ་དང། ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kai Mueller ལགས་ཀྱིས་གོང་གསལ་གནད་དོན་དང་འབྲེལ་ནས་འདི་ག་རླུང་འཕྲིན་ཁང་ལ་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་དང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་རང་དབང་དང་ཐོབ་ཐང་ཐོག་ཞིབ་འཇུག་གནང་དགོས་གལ་ཡིན་པ་དང་། རྒྱལ་ཚོགས་ཀྱི་ངོས་ནས་ཐེངས་འདིའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གི་རྒྱ་ནག་ནང་གི་འཚམས་ཐོག་ཞིབ་འཇུག་གནང་དགོས་པ་ཞིག་རེད། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་གཙོ་འཛིན་མཆོག་གི་རྟོག་ཞིབ་འཚམས་གཟིགས་དེ་ལྟ་བུའི་ཐོག་ཐེ་བྱུས་ཀྱིས་རང་དབང་ངང་རྟོག་ཞིབ་ལ་ཕེབས་རྒྱུར་བཀག་འགོག་བྱས་ཏེ། འཚམས་གཟིགས་དེ་རྒྱ་ནག་རྒྱལ་ཁབ་རང་ཉིད་ཀྱི་དྲིལ་བསྒྲགས་ལག་ཆར་སྤྱོད་པར་དམིགས་ཡུལ་བཅངས་ཡོད་པ་ནི་ཆེས་ཉེན་འཚབ་ཀྱི་རང་བཞིན་ཞིག་ཆགས་ཡོད། དེ་ལྟ་བུའི་འཚམས་གཟིགས་དེ་རྒྱལ་ཚོགས་ཀྱི་ངོས་ནས་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་ལ་ལྟོས་མེད་ངེས་པར་དུ་བཀག་འགོག་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད། ལྷག་པར་དུ་གཙོ་འཛིན་མཆོག་གི་འཚམས་གཟིགས་དང་འབྲེལ། ཉིན་ཤས་སྔོན་དུ་ཡུ་གུར་དང་བོད་མིའི་ཆབ་སྲིད་བཙོན་ཟུར། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་རྒྱ་ནག་གི་བཙན་གནོན་འོག་ཏུ་དངོས་སུ་དཀའ་སྡུག་མྱངས་པའི་མི་སྣ་དང་འབྲེལ་ཚོགས་སྡེ་ཁག་གིས་ Michelle Bachelet མཆོག་གི་འཚམས་གཟིགས་ཀྱི་སྔ་རོལ་དུ་དངོས་སུ་མཇལ་མོལ་ཞུ་རྒྱུའི་དུས་ཚོད་ཞུས་ཡོད་ཀྱང་། ཁོང་ནས་དུས་ཚོད་མ་གནང་བར་ཁོང་རྣམ་པའི་ཞུ་འབོད་སྣང་མེད་དུ་བཏང་བའི་གནས་ཚུལ་ཡང་བྱུང་འདུག་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཐེངས་འདིའི་འཚམས་གཟིགས་ཁྲོད་གཙོ་འཛིན་མཆོག་ནས་བོད་དུ་ཕེབས་ཐུབ་པ་གནང་དགོས་པའི་ཞུ་འབོད་གནང་བར་ལན་འདེབས་གང་ཡང་གནང་མི་འདུག ཇར་མི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kai Mueller ལགས་ཀྱིས་འཚམས་གཟིགས་དེ་དང་འབྲེལ་ད་བར་གཙོ་འཛིན་མཆོག་གིས་གནང་སྟངས་དེ་དག་ལ་ང་ཚོར་ཞེད་སྣང་ཡོང་གི་འདུག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུའི་འཚམས་གཟིགས་དང་འབྲེལ་བའི་ཐོག་ལ་ཁོང་གི་ངོས་ནས་བཀའ་མོལ་གང་ཡང་མ་གནང་བར་ཁུ་སིམ་པོར་བཞུགས་པ་མ་ཟད།ད་ཆ་འཚམས་གཟིགས་ཀྱི་དུས་ཚོད་ཐག་ཉེ་པོར་བསླེབས་ཡོད་ཀྱང་། ད་བར་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཁག་དང་ལྷན་དུ་ཞིབ་ཚགས་པོའི་ཐོག་ནས་གོ་བསྡུར་གང་ཡང་གནང་མེད་པ་རེད། ལྷག་པར་དུ་ད་ལན་ཚོགས་སྐྱིད་ཁག་ ༢༢༠ ཡིས་ཐེངས་འདིའི་སྤྱིར་བསྒྲགས་བརྒྱུད་གཙོ་འཛིན་མཆོག་རྒྱ་ནག་ལ་འཚམས་གཟིགས་མ་ཕེབས་པའི་སྔོན་ཞལ་བཞེས་གནང་དགོས་པའི་དོན་ཚན་གསུམ་ཅན་གྱི་དགོས་འདུན་བཏོན་པར་ཤར་ཏུ་ཀི་སི་ཐན་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་རྟོག་ཞིབ་བྱས་པའི་སྙན་ཐོ་འདོན་སྤེལ་གནང་དགོས་པ་དང། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་འབྲེལ་ཡོད་མི་སྣ་ཁག་མཇལ་མོལ་གནང་རྒྱུའི་ཞལ་བཞེས་གནང་དགོས། ད་བར་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ངོས་ནས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་དང་ཤར་ཏུར་སི་ཐན། ལྷོ་སོག།དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་རང་དབང་ངང་རྟོག་ཞིབ་ཆེད་ཕེབས་ཐབས་སུ་ཐབས་ཤེས་གང་དང་གང་གནང་གི་ཡོད་མེད་ཕྱི་གསལ་ནང་གསལ་བཟོ་དགོས་པའི་རེ་སྐུལ་ཞུས་འདུག སྤྱིར་བསྒྲགས་ནང་ད་དུང། Bachelet མཆོག་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱི་ལས་གནས་བཞེས་པ་ནས་བཟུང་ད་བར་གྱི་དུས་ཡུན་ནང་འཛམ་གླིང་ནང་རང་དབང་ཆེས་ཞན་པའི་རྒྱ་ནག་རྒྱལ་ཁབ་ཀྱི་བཙན་འཛུལ་འོག་ཏུ་ཡོད་པའི་བོད་ཀྱི་གནད་དོན་སྐོར་རྒྱལ་ཚོགས་ཐོག་གླེང་སློང་གནང་ཐུབ་མེད་པ་མ་ཟད། ཐེངས་འདིའི་འཚམས་གཟིགས་ཁྲོད་ས་གནས་ཁག་གི་ཁོངས་སུ་བོད་མེད་སྐོར་དང། ལྷག་པར་དུ་དེ་སྔོན་རྒྱལ་ཚོགས་ཀྱི་དམིགས་བསལ་ཁྱད་ལས་རྟོག་ཞིབ་མི་སྣ་དང་སྡེ་ཁག་ལྔ་བཅུས་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་སླད་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་གང་མགྱོགས་ཆེད་བསྐོ་དགོས་པའི་ཞུ་འབོད་གནང་བར་གཙོ་འཛིན་མཆོག་གི་ངོས་ནས་ད་བར་སྣང་མེད་དུ་བཞག་ཡོད་པ་བཅས་མངོན་གསལ་གནང་སྟེ་སྐྱོན་བརྗོད་ཀྱང་གནང་འདུག

ནོར་འཛིན་དབང་མོ་ལགས་གཅར་རྡུང་ཚད་མེད་བཏང་རྗེས་རང་ཁྱིམ་དུ་བཏང་བ།

རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༠ ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཕྲུ་གུ་གསུམ་གྱི་ཨ་མ་ནོར་འཛིན་དབང་མོ་ལགས་སུ་གཅར་རྡུང་མནར་གཅོད་ཚད་མེད་བཏང་རྗེས་རང་ཁྱིམ་དུ་བཏང་འདུག  གནས་ཚུལ་མཁོ་སྤྲོད་པས་གསུངས་དོན་ཁམས་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྔོན་ལུང་སྡེ་བ་ནས་ཡིན་པའི་ནོར་འཛིན་དབང་མོ་ལགས་རྒྱ་གཞུང་གིས་བཙོན་དུ་གློག་རྒྱུག་གིས་གཅར་རྡུང་མནར་གཅོད་ཚད་མེད་བཏང་རྐྱེན་ཡར་ལངས་མི་ཐུབ་པའི་གནས་སྟངས་འོག་ལྷུང་ནས་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་སྐྱེ་རྒུ་མདོའི་བུད་མེད་བཙོན་ཁང་ཞིག་ནས་གནས་སྐབས་རིང་གློད་བཀྲོལ་བཏང་འདུག་ཀྱང་། ད་ཆ་ཁོ་མོར་རང་ཁྱིམ་དུ་སྨན་བཅོས་བྱེད་པ་ལས་ཕྱིའི་སྨན་ཁང་དུ་བསྟེན་གཏུག་མི་ཆོག་པར་རྟོག་ཞིབ་འོག་བཞག་ཡོད་པ་གསུངས་སོང་། གཞི་རྩའི་ནོར་འཛིན་དབང་མོ་ལགས་དེ་སྔ་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༥ པའི་ནང་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྡེ་ནས་བོད་མི་ན་གཞོན་བསྟན་འཛིན་ཤེས་རབ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་གནད་དོན་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ཆུ་དམར་ལེབ་རྫོང་མི་དམང་ཁྲིམས་ཁང་གིས་གསང་བའི་ཁྲིམས་ར་ཚོགས་ཏེ་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ནོར་འཛིན་དབང་མོ་ལགས་ནི་ཁྲི་འདུ་རྫོང་སྡོམ་མདའ་ཞང་སྐར་ཆེན་སྡེ་བའི་རུ་ཆེན་དང་པོ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ལོར་ཁོང་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་སྔོན་ལུང་ས་གནས་སུ་མནའ་མར་ཕྱིན་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་ཁོང་གི་བཟའ་ཟླའི་མིང་ལ་ཉི་མ་ཟེར་ཞིང་ཁོང་གཉིས་ལ་བྱིས་པ་གསུམ་འདུག

Latest news