Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2022

བོད་ནང་གཉན་རིམས་ཁྱབ་གདལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་ཚོགས་པ།

དེང་སྐབས་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་ཡོད་པ་དང་བསྟུན། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་ཚོགས་སོང་། དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༢ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སེར་སྐྱ་མང་ཚོགས་འདུ་འཛོམས་ཀྱིས་གཞིས་བཞུགས་བོད་མི་རྣམས་ཀྱི་རྐྱེན་ངན་བར་ཆད་ཐམས་ཅད་དང་། ལྷག་དོན་ད་ལྟའི་ཆར་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་གཙོས་འབྱུང་བཞིའི་འཇིག་པ་ཐམས་ཅད་མྱུར་དུ་ཞི་བ་དང་། དེ་བཞིན་གཞིས་བཞུགས་བོད་མི་རྒྱ་ཆེ་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་བསྔོ་སྨོན་མཆོད་འབུལ་རྒྱས་པ་ཞིག་ཚོགས་ཡོད། རྩ་བའི་ཉེ་ལམ་བོད་ཀྱི་ས་ཁུལ་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་ཁྲོད་བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ས་གནས་གང་སར་སྒོ་རྒྱ་བསྡམས་པའི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་པ་དང་། གནས་ཚུལ་དེ་དང་འབྲེལ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འཕྲོད་བསྟེན་དང་བདེ་ཐང་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བར་ཕྱི་ཚེས་ ༢༣ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་གཉན་རིམས་གསར་དུ་ཕོག་མཁན་གྱི་གྲངས་ཐོར་ཁྱོན་མི་ ༥༦༦ བྱུང་ཡོད་པ་དང་། དེ་བཞིན་ཁ་སང་ཕྱི་ཚེས་ ༢༤ ཉིན་མི་ ༥༥༨ དང་དེ་དག་ལས་ཁྱོན་མི་གྲངས་ ༥༢༡ ལ་ནད་རྟགས་མེད་གང་ཡང་མེད་སྐོར་བཀོད་འདུག རྒྱ་ནག་དབུས་གཞུང་གི་བརྙན་འཕྲིན་གྱི་དྲ་ལམ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན་ད་ལྟའི་ཆར་ཁྱོན་མི་གྲངས་ ༤༧༠༠༠ ལྷག་ཟུར་བཀག་འོག་བཞག་ཡོད་པ་རེད་འདུག དེ་བཞིན་བོད་ནང་གི་བརྒྱུད་ལམ་ཁག་ལ་གཞིགས་ཚེ་ཁ་སྔོན་རྒྱ་ནག་དམར་ཤོག་ཚོགས་པས་གཞིས་ཀ་རྩེ་ཁུལ་དུ་ཏོག་དབྱིབས་གཉན་རིམས་དེ་དང་འབྲེལ་བའི་ལས་བྱེད་ཁྱོན་ ༧༧ ལ་ལས་ཀ་འཐུས་ཚང་མེད་པར་སྐྱོན་བརྗོད་བྱས་ཏེ་དེ་དག་ལས་ལས་བྱེད་ ༡༠ གནས་དབྱུང་བཏང་འདུག་པ་དང་། བདུན་ཕྲག་སྔོན་མར་ལས་བྱེད་ ༥ གནས་དབྱུང་བཏང་ཡོད་པ་རེད། གཞི་རྩའི་བོད་ནང་ཉེ་ལམ་གཉན་རིམས་འགོག་ཐབས་དང་འབྲེལ་བའི་སྒྲིག་ཁྲིམས་ལས་འགལ་ཡོད་ཚུལ་འོག་རྒྱ་གཞུང་གི་ཉེན་རྟོག་པས་བོད་མི་ཁག་གཅིག་འཛིན་བཟུང་བྱས་པ་དང་སྐབས་འགར་བོད་མི་རྣམས་ལ་གཉན་རིམས་ནད་དུག་ལ་ཁག་དཀྲིས་ཏེ་དོན་མེད་སུན་གཙེར་བཟོ་བཞིན་ཡོད་པ་རེད།  

རེས་གཟའ་ལྷག་པ། ༢༠༢༢།༠༨།༢༤

ཉན་པ།: Listen ཕབ་ལེན། Download ༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་དབུ་འཛུགས། བོད་ནང་གཉན་རིམས་སྒྲིག་ཁྲིམས་ལས་འགལ་ཚུལ་འོག་བོད་མི་བཅུ་དགུར་ཉེས་ཆད་བཏང་འདུག རྒྱ་ནག་གིས་མི་ནཱིནི་འགུལ་རིས་གློག་བརྙན་གྱི་མཐའ་སྡོམ་ལ་བཟོ་བཅོས། ཝེ་ལྡན་སི་ཝེལ་དབྱར་དུས་ཁྲོམ་རའི་ཐོག་བོད་ཟས་ཚོང་གཉེར་བརྒྱུད་བོད་དོན་ཆེད་མ་དངུལ་གསོག་སྒྲུབ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་གསར་པར་བཅར་འདྲི། Wednesday 24/08/2022 Conference on significance of the Dalai Lama institution begins in Dharamshala China censors change ending of latest Minion’s movie China arrest 19 Tibetans for allegedly violating covid rule in Tibet Tibetan food stall in Wadenswild, Swiss draws popular crowd Interview with new President of NDPT

༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༨ ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་  Imperial Heights གསོལ་མགྲོན་ཁང་གི་ཚོགས་ཁང་དུ་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཉིན་གཉིས་རིང་གི་ཚོགས་འདུ་དབུ་འཛུགས་གནང་སོང་།དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་གཞོན་ནུ་ལྷན་ཚོགས་ཁག་ ༤༢ ཀྱི་རྒྱུན་ལས་དང་ཚོགས་མི། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པ་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུགསྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱིས་ད་བར་བོད་བསྟན་སྲིད་སྤྱིའི་བདེ་དོན་སླད་དུ་བསྐྱངས་པའི་མཛད་འཕྲིན་ཁག་གཅིག་ངོ་སྤྲོད་ཞུས་པ་དང་སྦྲགས་ཏེ། ཚོགས་འདུ་འདི་ནི་མང་ཚོགས་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་རྣམས་ཤེས་རྟོགས་ཐུབ་ཐབས་དང་། ལྷག་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དོན་ཚན་དང་པོ་དང་། ད་བར་ཚོགས་པའི་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་གི་དགོངས་དོན་ལྟར་དྲིན་གསབ་ཏུ་མེད་པའི་བླ་ན་མེད་པའི་དབུ་ཁྲིད་རྣམ་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་སོགས་ལ་དམིགས་ཏེ་གོ་སྒྲིག་ཞུས་པ་ཞིག་ཡིན་པར་གསུངས་སོང་།  སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸རྒྱལ་བ་༸སྐུ་ཕྲེང་ན་རིམ་གྱི་བཀའ་དྲིན་བསམ་ཤེས་ཐུབ་པར་༸རྒྱལ་དབང་༸སྐུ་ཕྲེང་ན་རིམ་གྱི་མཛད་རྣམ་དང་དེ་འབྲེལ་བོད་ཀྱི་ལོ་རྒྱུས་གནས་བབས་ཤེས་པ་གནང་གལ་ཡིན་པ་དང་། ལྷག་པར་དེ་རིང་གོ་སྒྲིག་ཞུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་འདི་ལྟ་བུ་ཐོག་ནས་བོད་པའི་བསམ་ཚུལ་ཙམ་མིན་པར་རྒྱ་ཆེ་ས་ནས་རྒྱལ་སྤྱིའི་རྒྱལ་ཁབ་གཞན་རྣམས་ཀྱི་བསམ་ཚུལ་གང་འདྲ་ཡོད་མེད་བསྡུ་རུབ་ཞུས་ཏེ་རྒྱལ་ཁབ་སོ་སོའི་ནང་ཐག་གཅོད་ཀྱི་ངོ་བོའི་ཐོག་ནས་གཏན་འབེབས་རིགས་ཐུབ་ཚེ་མ་འོངས་པར་ཕན་ཐོགས་ཡོང་ངེས་ཡིན་པར་གསུངས་ཡོད།  སྲིད་སྐྱོང་མཆོག་གིས་ད་དུང་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་བསྟན་སྲིད་སྤྱིའི་སླད་དུ་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་དང་སྐྱོང་བཞིན་པའི་ཁྲོད་དབུ་མའི་ལམ་ནི་མཛད་འཕྲིན་གནད་ཆེ་བའི་གྲས་ཤིག་ཡིན་པར་འགྲེལ་བརྗོད་དང་ཆབས་ཅིག བོད་མི་མང་ཚོགས་ཡོངས་ནས་དབུ་མའི་ལམ་དང་འབྲེལ་བའི་༸རྒྱལ་བའི་བཞེད་དགོངས་གང་ཡིན་པ་དེ་ཤེས་ཐབས་གནང་གལ་ཆགས་ཡོད་པ་དང་། སྤྱིར་སྤྱི་ཚོགས་ནང་བསམ་བློ་མི་འདྲ་བ་ཡོད་པ་དེ་ནི་ཆོས་ཉིད་ཅིག་ཡིན་ཀྱང་མཐར་བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་ང་ཚོས་བོད་ཀྱི་རྩ་དོན་ལ་ཕན་པ་ཞིག་གནང་དགོས་ཞེས་གསུངས་ཡོད།དེ་བཞིན་སྲིད་སྐྱོང་མཆོག་གིས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་དང་འབྲེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཀའ་བསྡུར་གནང་འཆར་ཡོད་པ་དང་འབྲེལ། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་མགོན་པོ་༸གང་ཉིད་མཆོག་གིས་བསྟན་བདག་བླ་ཆེན་རྣམ་པའི་ཚོགས་ཆེན་དང་། བཀའ་ཆོས་ཁག་གི་སྐབས་བཀའ་སློབ་སྩལ་ཁག་གཞི་རྩར་བཟུང་སྟེ་ང་ཚོའི་ངོས་ནས་གནད་དོན་འདིའི་ཐོག་བཀའ་བསྡུར་གནང་རན་མིན་ལ་དགོངས་པ་བཞེས་གལ་ཡིན་པ་དང་། སླད་མར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཀའ་བསྡུར་མང་པོ་ཡོང་ངེས་ལ་གཟིགས་ཏེ་འཛིན་སྐྱོང་བཀའ་ཤག་གི་བཞེངས་ཕྱོགས་གང་ཡིན་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་པ་གསུངས་སོང་།གཞན་ཡང་སྲིད་སྐྱོང་མཆོག་ནས་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་དང་རྒྱ་ནག་ནང་གི་འགོ་ཁྲིད་ཕན་ཚུན་དབར་ལ་བློ་མ་མཐུན་པའི་རྣམ་པ་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་སོགས་འགྲེལ་བརྗོད་གནང་བ་དང་འབྲེལ་ནས་ཚོགས་མི་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ལས་དོན་ཐོག་ནུས་པ་ཆེས་ཆེར་བཏོན་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་ཡོད།  གཞི་རྩའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་གོ་སྒྲིག་ཞུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུའི་འགྲོ་གྲོན་རྣམས་ཨ་རིར་རྟེན་གཞི་བྱས་པའི་བོད་ཀྱི་ཐེབ་རྩ་ཁང་ནས་གནང་གི་ཡོད་པ་དང་། ཚོགས་དུས་རིང་ལ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་དང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་བྱམས་པ་བསམ་གཏན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་ཆེན་མོ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། ༸སྐུའི་དབྱིན་སྐད་གསུང་སྒྱུར་བ་འབུམ་རམས་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་བཅས་ཀྱིས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་བྱུང་རིམ་དང་། ས་བབ་སྲིད་བྱུས་ཐོག་༸གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད། བོད་མིའི་རང་དབང་འཐབ་རྩོད་ཐོག་༸གོང་ས་མཆོག་གི་གལ་གནད། དེ་བཞིན་༸གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་གྱི་གནད་དོན་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་གི་ཡོད་པ་རེད།ཉིན་གཉིས་རིང་གི་ཚོགས་འདུ་ཚོགས་ཟིན་རྗེས་རེས་གཟའ་སྤེན་པ་ནས་ཉིན་གྲངས་དྲུང་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ ཚོགས་ཀྱི་ཡོད་པ་དང་རྒྱུན་ལས་གསར་པ་འོས་འདེམས་གནང་གི་ཡོད་པ་རེད། སྐབས་དེར་ཚོགས་ཆེན་ཐོག་ས་གནས་ཁག་ ༤༢ ཀྱི་རྒྱུན་ལས་སྐུ་ཚབ་རྣམས་མཉམ་ཞུགས་གནང་གི་འདུག

བོད་ནང་གཉན་རིམས་སྒྲིག་ཁྲིམས་ལས་འགལ་ཚུལ་འོག་བོད་མི་བཅུ་དགུར་ཉེས་ཆད་བཏང་བ།

དེང་སྐབས་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པ་དང་བསྟུན། རྒྱ་གཞུང་གིས་བོད་ཀྱི་ས་གནས་གང་སར་སྒོ་རྒྱ་བསྡམས་པའི་ཁྲིམས་གཞི་ལག་བསྟར་ཁྲོད་ཉེ་ལམ་གཉན་རིམས་འགོག་ཐབས་དང་འབྲེལ་བའི་སྒྲིག་ཁྲིམས་ལས་འགལ་ཡོད་ཚུལ་འོག་རྒྱ་གཞུང་ཉེན་རྟོག་པས་བོད་མི་ ༡༩ འཛིན་བཟུང་བྱས་འདུགཁ་སང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་བརྙན་པར་གསར་འགྱུར་སྤེལ་བར་ཟླ་ ༨ ཚེས་ ༡༥ ནས་ ༢༡ བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་མི་ ༡༩ ལ་གཉན་རིམས་འགོག་ཐབས་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་བཀོད་དོན་ལྟར། དེའི་ཁོངས་སུ་སྙེ་མོ་རྫོང་ནས་བོད་མི་ ༤ དང་ནག་ཆུ་ཁུལ་ནས་བོད་མི་ ༡ ལྷོ་ཁ་ཁུལ་ནས་བོད་མི་ ༡ ཚེས་  ༡༧ ཉིན་མངའ་རིས་སྒར་རྫོང་ནས་བོད་མི་ ༩ དང་སླར་ཚེས་ ༡༨ ཉིན་བོད་མི་ ༤ འཛིན་བཟུང་བྱས་འདུགརྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་ནང་བོད་མི་དེ་དག་གིས་སྒོ་རྒྱ་བསྡམས་པའི་སྐབས་སུའང་ཕྱིར་སོང་ནས་སྤང་ཐང་ཐོག་ཏུ་ཞལ་ལག་དང་དེ་བཞིན་མཆོད་ཆང་མཆོད་པ་སོགས་ལ་བརྟེན་ནས་འཛིན་བཟུང་བྱས་ཡོད་པར་བཀོད་འདུགགཞི་རྩའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་ཟླ་ ༨ ཚེས་ ༢༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་མཁན་མི་གྲངས་ ༥༥ མང་དུ་ཕྱིན་ཡོད་པ་དང་ནད་རྟགས་མེད་པའི་ནད་པ་ ༤༩༤ མང་དུ་ཕྱིན་ཡོད་པ་དང་། དེ་བཞིན་ཚེས་ ༢༢ རང་སྐྱོང་ལྗོངས་ཡོངས་སུ་གཉན་རིམས་ཕོག་པའི་མི་གྲངས་ ༩ མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་ ༡༢༤ མང་དུ་ཕྱིན་ཡོད། དེའི་ཁྲོད་ཚེས་ ༢༡ བར་བོད་རང་སྐྱོང་ལྗོངས་ཁུལ་དུ་ཉེན་ཁ་ཆེ་བའི་ས་ཁུལ་ ༥༢༤ དང་། ཉེན་ཁ་འབྲིང་བའི་ས་ཁུལ་ ༢༨༩ ཆགས་འདུག ད་ལྟའི་ཆར་མི་གྲངས་ཁྱོན་ ༤༣༢༩༤ ཟུར་བཀག་འོག་བཞག་ཡོད་པ་རེད་འདུག རྩ་བའི་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་དྲ་ཚིགས་མང་དག་ཅིག་སྒོ་རྒྱག་བཞིན་པའི་དམ་དྲག་ཁྲོད་འདིར་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་དང་འབྲེལ་བའི་ས་གནས་དངོས་ཀྱི་གནས་སྟངས་ཇི་ཆགས་རྒྱུས་ལོན་དཀའ་བའི་གནས་སུ་གྱུར་ཡོད་པ་རེད།

རེས་གཟའ་མིག་དམར། ༢༠༢༢།༠༨།༢༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་པ། བཀྲིས་དོན་གྲུབ་ལགས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོར་བསྐོ་གཞག རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་བྱ་དགོས། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་དབུ་འཛུགས། མང་རྫོང་གི་འབྲོག་སྡེ་ཁག་གཅིག་ལ་སེར་བ་དང་དྲག་ཆར་ཤུགས་ཆེ་བབས་རྐྱེན་མི་ཟོག་གཉིས་ལ་གནོད་འཚེ་ཕོག་འདུག Tuesday 23/08/2022 HHDL inaugurates redeveloped Thupstanling monastery in Leh 27 years old Tashi Dhondup elected as new president of NDPT Tibet rights group ask China to respect religious freedom in Tibet 8th Tibetan young research scholar’s conference commences in Dharamshala Tibet flash floods: 5 reported dead in Mangra while death toll in Serkhog rises to 26

ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༣ ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆགས་པའི་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་ཞུགས་མཛད་པ་དང་སྦྲགས་ཉེ་འཁོར་གྱི་ས་གནས་ཁག་ཏུ་མཛད་འཕྲིན་ཁག་གཅིག་བསྐྱངས་དང་སྐྱོང་གནང་མཛད་པ་ལྟར། དེ་རིང་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་རྒྱལ་ས་གླེ་ཁུལ་དུ་ཆགས་པའི་བདེ་སྐྱིད་ཚལ་དུ་གསར་བཞེངས་ལེགས་གྲུབ་ཟིན་པའི་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་པ་དང་ཆབས་ཅིགཆོས་ལ་སློབ་གཉེར་གནང་གལ་ཡིན་པ་སོགས་ཀྱི་ལམ་སྟོན་བཀའ་དྲིན་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་ནང་བཞུགས་ཞག་མཛད་པའི་རིང་རྒྱལ་ས་གླེ་གཙོ་གྱུར་ཟངས་དཀར་དང་ལིང་ཤེད་བཅས་སུ་བཀའ་ཆོས་ཀྱི་མཛད་འཕྲིན་བསྐྱངས་ཐུབ་ཡོད་པ་མ་ཟད། ས་གནས་ཀྱི་མང་ཚོགས་ཚོས་ཀྱང་དད་དམ་གཡོ་བ་མེད་པའི་དགའ་སྤྲོའི་རྣམ་པ་ཆེས་བསྟན་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་སྦྲགས། གཙོ་བོ་ས་གནས་དད་ལྡན་མང་ཚོགས་རྣམས་ནས་རྒྱུན་དུ་ཆོས་ལ་སློབ་སྦྱོང་བྱས་ནས་གཞན་དོན་བསྒྲུབ་རྒྱུ་དང་། སེམས་པ་བཟང་པོ་བྱེད་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག    མགོན་པོ་༸གང་ཉིད་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་འདི་ཉིད་ཐོག་མར་བོད་ནང་ཇི་ལྟར་དར་ཚུལ་དང་འབྲེལ། ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་ནང་ཆོས་རྣམས་བོད་ཡིག་ཐོག་སྒྱུར་བ་མ་ཚད་པར་སློབ་གཉེར་སྡེ་ཁག་ཆེད་འཛུགས་གནང་སྟེ་ད་ཆ་བོད་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་དུ་ནང་པ་སངས་རྒྱས་པའི་བསྟན་པ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་པ་སོགས་བཀའ་སྩལ་བ་དང་ཆབས་ཅིག བོད་ཀྱི་ཆོས་རིག་དང་འབྲེལ་བའི་གོམས་གཤིས་ཡོད་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་ཀྱིས་ཀྱང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཆོས་ལ་ཉམས་ལེན་གནང་ཐུབ་ཚེ་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐུབ་པར་དགེ་མཚན་ཆེན་པོ་ལྡན་ཡོད་པར་བཀའ་སྩལ་མཛད་ཡོད།དེ་བཞིན་ས་གནས་ཀྱི་མི་མང་ཚོས་བོད་ཡིག་ལ་ཐུགས་སྣང་ཏོག་ཙམ་གནང་ཐུབ་ན་དགེ་མཚན་དམིགས་བསལ་ཡོད་སྐོར་དང་ས་གནས་ཀྱི་ཁོར་ཡུག་གནས་སྟངས་ལ་གཞིགས་ཏེ་ཤིང་སྣ་གང་མང་འདེབས་འཛུགས་གནང་གལ་ ཡིན་པ་སོགས་ཀྱི་ལམ་སྟོན་མཛད་འདུག་ལ། བོད་ཀྱི་ཆབ་སྲིད་གནས་སྟངས་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་དང་ཁ་བྲལ་མིན་པར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཞིག་ཐོབ་པར་ཐུགས་བརྩོན་མཛད་བཞིན་ཡོད་པ་དང་། གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་བདག་གཉེས་ལེགས་པོ་ཞིག་ཐུབ་རྒྱུ་དེ་གནད་ཆེ་ཆགས་ཡོད་པ་སོགས་བཀའ་སྩལ་ཡོད།  དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདེ་སྐྱིད་ཚལ་དུ་གསར་བཞེངས་ལེགས་གྲུབ་ཟིན་པའི་ཐུབ་བསྟན་གླིང་དགོན་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་ཀྱི་མཛད་འཕྲིན་ཁག་གྲུབ་མཚམས་སུ་ལ་དྭགས་རང་སྐྱོང་དང་ལ་དྭགས་རང་སྐྱོང་རི་ལྔོངས་ཡར་རྒྱས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་མཛད་རིམ་ཞིག་གི་ཐོག་ལ་དབུས་བཞུགས་མཛད་དེ་ཆོས་ལུགས་མཐུན་སྒྲིལ་དང་བྱམས་སྙིང་རྗེ། ཤེས་སློབ་སྦྱོང་གི་གལ་གནད་སོགས་ཀྱི་ཐོག་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཟླ་བ་གཉིས་མན་ཙམ་གྱི་རིང་ལ་དྭགས་དུ་༸སྐུ་བཞུགས་མཛད་པའི་ཁྲོད་དུ་རྒྱལ་ས་གླེ་དང་ཟངས་དཀར་དུ་ཆགས་པའི་ནང་པའི་ཆོས་སྡེ་ཁག་དང་ཁ་ཆེ། ཡེ་ཤུ་བཅས་ཀྱི་ལྷ་ཁང་སོ་སོར་གནས་གཟིགས་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ་ སྤྱི་ཚོགས་མཐུན་སྒྲིལ་དང་། གོ་ལ་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཐབས་སོགས་ཀྱི་ཐོག་དགོངས་པ་བཞེས་གལ་ཡིན་པའི་ལམ་སྟོན་བཀའ་སློབ་དང་། ས་གནས་ཀྱི་དད་ལྡན་མང་ཚོགས་རྣམས་ལ་བཀའ་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་བ་མ་ཟད། ས་གནས་ཀྱི་བོད་མི་རྣམས་ལ་ལོགས་སུ་བཀའ་སློབ་ལམ་སྟོན་སོགས་སྩལ་ཡོད། ཁ་སང་མགོན་པོ་༸གང་ཉིད་མཆོག་གིས་ས་གནས་ཀྱི་མི་མང་དང་ཚོགས་པ་ཁག་གཅིག་གི་འཐུས་མིར་དམིགས་བསལ་མཇལ་ཁ་སྩལ་སྐབས་ལ་དྭགས་ལམ་སྒྲོན་སློབ་གྲྭའི་འབྲེལ་ཡོད་ཁག་གཅིག་ནས་མགོན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ལོ་རྗེས་མར་ལམ་སྒྲོལ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་ལྔ་བཅུའི་དུས་སྟོན་དང་བསྟུན་ས་གནས་སུ་ཚན་རིག་དང་བྱམས་བརྩེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་ཀྱི་བརྗོད་གཞི་གཙོ་བཟུང་ཐོག་འཚོགས་གཏན་ཁེལ་བའི་ལམ་སྒྲོལ་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་རེད།

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་དབུ་འཛུགས།  

དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བརྒྱད་པ་ཚོགས་སོང་བ་དང་ཚོགས་འདུ་འདི་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༥ བར་འཚོགས་རྒྱུ་ཡིན་པ་རེད།དེ་རིང་སྔ་དྲོ་ཚོུད་ ༩༌༣༠ ཐོག་ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་གཙོས་པའི་ཉམས་ཞིབ་ཀྱིས་དཔྱད་རྩོམ་འབུལ་ལམ་ཞུ་མཁན་ན་གཞོན་ཉེར་བཞི་དང་ཟུར་ཉན་པ་ཁག་གཅིག་མཉམ་ཞུགས་གནང་ཡོད། གཞི་རྩའི་བོད་ཀྱི་ན་གཞོན་ཚོགས་འདུར་མི་གྲངས་ ༥༤ ནས་སྙན་ཞུ་ཕུལ་འདུག་པ་དང་དཔྱད་རྩོམ་གྱི་སྙིང་དོན་གཞིར་བཞག་གིས་མི་གྲངས་ ༣༠  ལ་གོ་སྐབས་གནང་ཡོད་ཀྱང་དེའི་ཁྲོད་ནས་མི་གྲངས་ ༦ ཕྱིར་འཐེན་གནང་རྐྱེན་མི་གྲངས་ ༢༤ ནས་ཚོགས་བཅར་ཞུས་འདུག ཉིན་གྲངས་གསུམ་གྱི་ཚོགས་འདུ་ཐོག་ཕྱི་ལོ་ ༡༩༤༥ ལོར་བོད་ཀྱི་འཐུས་མི་རྒྱ་ནག་ཏུ་ཕེབས་དོན་སྐོར་ལ་དཔྱད་པ་དང་རྒྱ་གཞུང་གི་བོད་ནང་ཚད་མཐོའི་འཕྲུལ་རིགས་ཀྱི་ཚོད་འཛིན། བོད་བཙན་པོའི་སྐབས་ཀྱི་ཡིག་ཐོག་རྒྱུ་ཆའི་དུས་ཚིགས་ལ་དཔྱད་པ། ཞང་ཞུང་ཤེས་རིག་ལས་ཇུ་ཐིག་ཅེས་པའི་ཐ་སྙད་ལ་དཔྱད་པ། རྫས་གྲུབ་འདོད་ཚུལ་ལ་དཔྱད་པ། བོད་ནང་གི་གཏེར་ཁ་སྔོག་འདོན་དང་འབྲེལ་བའི་དཔྱད་ཞིབ། གསོ་རིག་གི་ལྟ་ཚུལ་ཐོག་ནས་ཁོར་ཡུག་ཉམས་རྒུད་སོགས་ཀྱི་བརྗོད་གཞིར་བགྲོ་གླེང་གནང་རྒྱུ་རེད་འདུགགསར་འགོད་པས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཀུན་དགའ་རྒྱལ་མཚན་ལགས་སུ་ཚོགས་འདུ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཐོག་མར་དབུ་བརྙེས་པ་ནས་བཟུང་སྟེ་བསམ་བློའི་བང་མཛོད་དང་ཤེས་ལྡན་པའི་བསྟི་གནས་བསྐྲུན་རྒྱུའི་དམིགས་ཡུལ་ངེས་ཅན་གཉིས་ཡོད་པ་དང་། ལྷག་པར་ད་རེས་ཚོགས་འདུའི་ཐོག་ཉམས་ཞིབ་པ་ཚོའི་དཔྱད་རྩོམ་རྣམས་སྲིད་བྱུས་ཉམས་ཞིབ་ཁང་གི་དུས་དེབ་ཐོག་འདོན་སྤེལ་གྱིས་རྒྱལ་སྤྱིའི་སྡིངས་ཆར་སྙོབས་ཐབས་གནང་གི་ཡོད་སྐོར་སོགས་གསུངས་སོང་།  དབུ་འབྱེད་མཛད་སྒོའི་དམིགས་བསལ་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཉམས་ཞིབ་པ་ཚོས་བོད་ཀྱི་ལོ་རྒྱུས་དང་ཆོས་རིག ཁོར་ཡུག་སོགས་བརྗོད་གཞི་སྣ་མིན་ཐོག་ཉམས་ཞིབ་གནང་རྒྱུ་ཡོད་ཀྱང་ཉམས་ཞིབ་གནང་སྐབས་གཙོ་བོ་བོད་ཀྱི་རྩ་དོན་འདི་གཙིགས་ཆེར་དགོངས་བཞེས་གནང་དགོས་པ་དང་དེ་ལྟར་གནང་བའི་ཐོག་ནས་ཉམས་ཞིབ་གནང་ཚེ་དེས་སྤྱི་སྒེར་གཉིས་ཀར་ཐུགས་ཕན་གསོས་ངེས་ཡིན་སྐོར་གསུངས་སོང་།སྐུ་མགྲོན་གཙོ་བོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཞིབ་འཇུག་གི་ཐབས་ལམ་དང་རིག་པའི་རྣམ་གཞག་དང་འབྲེལ་ཏེ། ཉམས་ཞིབ་གནང་སྐབས་ནུབ་ཕྱོགས་པའི་དཔྱད་ཐབས་ཀྱི་རིག་པ་ཁོ་ན་མིན་པར་དེའི་ཞོར་དུ་རང་རེའི་བོད་ཀྱི་གནའ་རབས་ཀྱི་ཞིབ་འཇུག་གནང་སྐབས་སུ་རིག་པ་དང་ཐབས་ལམ་གང་ཡོད་པར་ཕྱི་མིག་ལྟ་དགོས་པ་དང་། ལྷག་དོན་བོད་རང་གི་རིག་གཞུང་དག་ལ་ཐུགས་སྣང་གནང་གལ་ཡིན་པ་སོགས་གསུངས་པ་དང་ཆབས་ཅིག་བགྲོ་གླེང་གནང་སྐབས་ཕན་ཚུན་དབར་གུ་ཡངས་དང་གུས་ཞབས། ཆེ་མཐོང་ལྡན་པའི་ཐོག་ནས་གནང་དགོས་སྐོར་གསུངས་ཡོད།

རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་སྲུང་བྱ་དགོས་པ་གསུངས་སོང་།

ཁ་སང་ཕྱི་ཚེས་ ༢༢ ཉིན་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་རྒྱལ་སྤྱིའི་ཉིན་མོ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་འདི་ཉིད་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་ཞུ་མཁན་ཡིན་ཟེར་བའི་རྒྱལ་ཁབ་ཅིག་ཡིན་པ་དང་འབྲེལ། རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱེད་པའི་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་དུ་ཆོས་དད་རང་དབང་ལ་ངེས་པར་དུ་བརྩི་བྱ་བཀུར་དགོས་པའི་འབོད་སྐུལ་དང་སྦྲགས་བརྡ་ལན་ནན་པོ་གནང་སོང་།བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་རྒྱ་ནག་གིས་བོད་ནང་དུ་ཆོས་དད་རང་དབང་རྡོག་རོལ་དང་འབྲེལ། ལྷག་པར་དུ་སྲིད་འཛིན་ཞི་ཅིང་ཕིང་གི་སྲིད་དབང་བཟུང་བ་ནས་ཁམས་དང་ཨ་མདོའི་ཁུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དམ་བསྒྲགས་ཀྱི་ལས་འགུལ་ཧ་ཅང་སྤེལ་བཞིན་ཡོད་པའི་ཁྲོད་སྔ་ལོ་ ༢༠༢༡ ལོའི་ནང་ཁམས་ཕྱོགས་ཀྱི་ས་ཁུལ་རྫ་དབོན་པོ་ལྟ་བུ་མཚོན་ན་༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་ཀྱི་གནད་དོན་དང་འབྲེལ་ནས་བོད་མིའི་གྲངས་ ༡༢༠ ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་སྐོར་དང་། གདན་ས་གསུམ་གྱི་གཙོས་པའི་གཞིས་དགོན་ཁག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་འདི་ཉིད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་གཞི་སོགས་འགྲེལ་བརྗོད་གནང་བྱུང་།དེ་བཞིན་ལྟེ་གནས་ཁང་གི་ཡིག་ཚགས་གཞིར་བཟུང་བྱས་ན། འདས་པའི་ལོ་ངོ་ ༣༠ རིང་གི་ནང་ཤེས་རྟོགས་བྱུང་བར་རྒྱ་གཞུང་གིས་བོད་མི་རྣམས་ཆོས་དད་རང་དབང་དང་། སྐད་ཡིག དེ་བཞིན་ཁོར་ཡུག་དང་ཆབ་སྲིད་སོགས་ཀྱི་ཉེས་མིང་འོག་ད་བར་བོད་མིའི་གྲངས་ ༥༠༠༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། དེ་དག་ལས་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་བ་དང་། བཙོན་ཁང་ནང་འདས་གྲོངས་སུ་གྱུར་བ། དེ་བཞིན་བཙོན་ཁང་དུ་གནས་བཞིན་པ་སོགས་ཀྱི་སྐོར་གསུངས་སོང་།རྩ་བའི་ཁ་སང་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་རྒྱལ་སྤྱིའི་ཉིན་མོ་དེའི་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་ Twitter དྭ་ལམ་ཐོག སུ་གང་ཞིག་གི་དད་པ་ལ་གནོད་འཚེ་དང་རྡོག་རོལ་བྱུང་བ་དེར་ང་ཚོ་མཉམ་དུ་ཡོད་ཅེས་དང་། དེ་འབྲེལ་དཀའ་སྡུག་མྱོང་བཞིན་ཡོད་པ་རྣམས་ལ་ང་ཚོས་དྲན་པ་བརྗེད་མེད་པ་མ་ཟད། ང་ཚོས་ཁྱེད་ཚོའི་ཆེད་དུ་མུ་མཐུད་རོགས་སྐྱོར་བྱ་རྒྱུ་ཡིན་པ་གསུངས་འདུགགཞི་རྩའི་ཉིན་མོ་འདི་ཉིད་ཐོག་མ་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༨ ཉིན་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༧༣ སྐབས་ Poland གིས་གྲོས་འཆར་བཏོན་ཏེ་མོས་མཐུན་གྱི་ཁྲིམས་འཆར་དེ་ཉིད་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། ཉིན་མོ་དེའི་སྲུང་བརྩི་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ནང་ཆོས་དད་རང་མོས་སོགས་ཀྱི་ཐོག་ལ་རྡོག་རོལ་དང་གནོད་འཚེ་བྱེད་མཁན་རྣམས་ལ་ཁྲིམས་མཐུན་གྱི་ཐོག་ནས་ཉེས་ཆད་བཀལ་རྒྱུ་དང་། དེ་བཞིན་ཆོས་དད་དང་འབྲེལ་བའི་དྲག་རྩུབ་མྱོང་མཁན་གྱི་མི་རྣམས་ལ་ཚུལ་མཐུན་གྱི་རོགས་སྐྱོར་སྦྱོར་སྤྲོད་གནང་རྒྱུ་དེ་ཡིན་པ་རེད་འདུག

བཀྲིས་དོན་གྲུབ་ལགས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོར་བསྐོ་གཞག་གནང་འདུག

ཁ་སང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་གྲོས་ཆོད་དོན་ཚན་བཅོ་ལྔ་གཏན་འབེབ་གནང་སྟེ་ཚོགས་ཆེན་ཐེངས་དགུ་པ་ནས་མཇུག་སྒྲིལ་དང་སྦྲགས། སྐབས་དགུ་པའི་ཚོགས་གཙོ་བཀྲིས་དོན་གྲུབ་ལགས་ཀྱིས་དབུས་པའི་རྒྱུན་ལས་གསར་པ་བདུན་གསར་དུ་འོས་འདེམས་གནང་སོང་།ཚོགས་ཆེན་ཐེངས་དགུ་པའི་མཇུག་སྡོམ་མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དབུས་པའི་རྒྱུན་ལས་གསར་པ་རྣམས་བཞུགས་གྲལ་དུ་འཁོད་མཚམས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱི་མདུན་ནས་ལས་འཁུར་དམ་འབུལ་ཞུས་ཡོད།ཉིན་གྲངས་གསུམ་རིང་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་ཐོག་༸གོང་ས་མཆོག་གི་༸སྐུ་ཕྱྭའི་སྐོར་ལ་རྒྱ་གར་དབུས་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནས་མུ་མཐུད་༸སྐུ་ཕྱྭའི་ཉེན་སྲུང་གི་ཞུ་སྒོ་ཁག་སྔར་ལྷག་གནང་སྐྱོང་དང་། ༸སྐུའི་འཕྲོད་བཞེས་ཆེད་དུ་འཐུས་ཤོར་མེད་པའི་འབོད་སྐུལ་ཡིག་ངག་གཉིས་ནས་ཞུ་རྒྱུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དམིགས་ཡུལ་གཞིར་བཟུང་སྲིད་དོན་ཚོགས་པའི་ངོ་བོར་རྒྱུན་གནས་ཐུབ་རྒྱུ་དང་འབྲེལ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་དང་འབྲེལ་བའི་ཆབ་སྲིད་ཀྱི་གོ་རྟོགས་ལས་འགུལ་གང་མང་སྤེལ་རྒྱུ་མ་ཟད། གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་ཟབ་སྦྱོང་གང་མང་སྤྲད་རྒྱུ་སོགས་ཁྱོན་གྲོས་ཆོད་བཅོ་ལྔ་གཏན་འབེབ་གནང་འདུགམཇུག་སྡོམ་མཛད་སྒོ་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་གསར་པ་བཀྲིས་དོན་གྲུབ་ལགས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལོ་ངོ་ ༢༨ ཀྱི་ལོ་རྒྱུས་ཁྲོད་དུ་གཞོན་སྐྱེས་རང་ལོ་ ༢༧ ལ་སོན་པ་ཞིག་ཚོགས་གཙོར་བསྐོ་གཞག་བྱུང་བ་ནི་གཟི་བརྗིད་ཅིག་ཡིན་པར་གསུངས་པ་དང་འབྲེལ། ད་ནས་བཟུང་ཚོགས་པའི་སྒྲིག་འཛུགས་དང་ངོ་བོ་གཞིར་བཟུང་མང་གཙོའི་འཕེལ་རིམ་དང་ལྷག་པར་དུ་གཞིས་བཞུགས་སྤུན་ཟླ་ཚོའི་སྐྱིད་སྡུག་སེམས་ཁོངས་སུ་བཅངས་ནས་བོད་མིའི་འཐབ་རྩོད་སླད་མུ་མཐུད་ཆོད་སེམས་བརྟན་པོའི་ཞབས་ཞུ་ཞུ་ངེས་ཡིན་པར་གསུངས་སོང་།བཀྲིས་དོན་གྲུབ་ལགས་ནི་ཆུང་དུས་དྷ་སྟེང་བོད་ཁྱིམ་དུ་སློབ་གཉེར་གནང་བ་དང་།  ཕྱིས་སུ་ལྡི་ལིར་རྟེན་གཞི་བྱས་པའི་ Hansraj གཙུག་ལག་སློབ་གཉེར་ཁང་ནས་གཙུག་ལག་རབས་འབྱམས་པ་དང་། JNU གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབས་འབྱམས་པ་གནང་རྗེས་ད་བར་བོད་མིའི་ཚོགས་སྡེ་ཁག་འདྲ་མིན་ནང་ཞབས་ཞུ་བསྒྲུབ་དང་སྒྲུབ་མུས་ཡིན་པ་རེད།

Latest news