Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2022

Dutchརྩེད་འགྲན་པ་རྣམས་པེ་ཅིང་དུ་མ་བསྐྱོད་གོང་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་ནང་དུ་འཇོག་དགོས་པ་བརྗོད་འདུག

Netherlands གྱི་གསར་ཤོག་  De Volkskrant ཐོག་ཁ་ཉིན་ཐོན་པའི་གནས་ཚུལ་ཞིག་གི་ནང་གསལ་ལྟར་ན། ཡུལ་དེའི་རྩེད་འགྲན་པ་རྣམས་རིང་མིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུའི་ཨོ་ལམ་སྤིག་རྩེད་འགྲན་ཆེད་མ་བསྐྱོད་གོང་དུ། རང་ཉིད་ཀྱི་ཁ་པར་དང་གློག་ཀླད་རྣམས་རང་ཁྱིམ་དུ་འཇོག་དགོས་པའི་ལམ་སྟོན་ཕེབས་ཡོད་པ་རེད་འདུགདེའང་ད་སྐབས་ཕྱོགས་གཅིག་ནས་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། ལྷག་པར་ཤིན་ཅང་ནང་གི་ད་ལྟའི་ཛ་དྲག་གི་དཀའ་ངལ་ལ་གཞིགས་ཏེ། རང་ཉིད་ཀྱི་ཕྱི་འབྲེལ་མི་སྣ་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་ལམ་སྤིག་རྩེད་འགྲན་ལ་ཆེད་གཏོང་གནང་རྒྱུ་མིན་པའི་ཐག་གཅོད་ཕྱིར་བསྒྲགས་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཁག་ཅིག་དང་། ལྷག་པར་ཨོ་ལམ་སྤིག་རྩེད་འགྲན་ལྷན་ཚོགས་ངོས་ནས་རྩེད་འགྲན་དང་ཆབ་སྲིད་གཉིས་བསྲེ་རྒྱུ་མེད་པའི་ལངས་ཕྱོགས་འཛིན་བཞིན་པའི་ཁྲོད།  Netherlands གྱི་ཨོ་རྩལ་ཚོགས་ཆུང་ནས་ཡུལ་དེའི་རྩེད་འགྲན་པ་རྣམས་ལ་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་པེ་ཅིང་དུ་འཁྱེར་རྒྱུ་མེད་པའི་ལམ་སྟོན་གནང་བའི་སྒོ་ནས་རྒྱ་ནག་གི་གསང་མྱུལ་ལས་དོན་ལས་གཡོལ་ཐབས་གནང་བཞིན་འདུག Dutch རྩེད་འགྲན་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ Geert Slot ལགས་ཀྱིས་ De Volkskrant གསར་ཤོག་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ཡུལ་དེའི་རྩེད་འགྲན་པ་རྣམས་པེ་ཅིང་དུ་མ་ཕེབས་གོང་ཁོ་ཚོར་ཡུལ་དེའི་ནང་འཕྲད་སྲིད་པའི་ཉེན་ཁ་ཆེ་བའི་གནད་དོན་ཁག་ཅིག་ལ་ཞིབ་དཔྱོད་གནང་བ་བཞིན། ཐེངས་འདིའི་ཛ་དྲག་གི་ལམ་སྟོན་དེ་ནི་རྩེད་འགྲན་པ་རྣམས་ཀྱི་དྲ་ལམ་དང་བརྡ་འཕྲིན་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་གྱི་ཆ་ཤས་གལ་ཆེན་ཞིག་ཡིན་པར་གསུངས་བ་མ་གཏོགས། གནད་དོན་གཞན་ཁག་སྐོར་ལ་འགྲེལ་བརྗོད་གང་ཡང་གནང་མི་འདུགཁོང་གིས་ད་དུང་སྤྱིར་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ཞེས་པ་ནི་ད་སྐབས་ཧ་ཅང་གལ་གནད་ཆེན་པོར་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་ངོས་ནས་ཡུལ་དེའི་ནང་གི་དྲ་ལམ་ཕྱི་ཕྱོགས་ལ་ཡོངས་སུ་བཀག་སྡོམ་བྱས་ཡོད་སྟབས། དེའི་ཐོག་དམིགས་བསལ་ཡིད་གཟབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་པ་དང་། གནས་ཚུལ་ཡོང་ཁུངས་ཁག་གིས་གསར་ཤོག་ལ་གསུངས་པར་གཞིགས་ན།  Dutch གྱི་རྩེད་འགྲན་པ་རྣམས་ཀྱིས་ཐེངས་འདིར་པེ་ཅིང་གི་དགུན་དུས་འགྲན་ཚོགས་དེར་མ་བསྐྱོད་གོང་དུ་རང་ཉིད་ཀྱི་ཁ་པར་དང་གློག་ཀླད་ཁྱིམ་དུ་འཇོག་དགོས་པ་མ་ཟད། སྒེར་གྱི་གསང་བ་རྣམས་རྒྱ་གཞུང་གི་སོ་མྱུལ་ལས་སྐྱོབ་ཆེད་ཁོང་རྣམ་པར་རྒྱ་ནག་ཏུ་བསྐྱོད་པའི་རིང་ལ་ཁ་པར་གསར་པ་མཁོ་སྤྲོད་བྱ་རྒྱུ་རེད་འདུག རྩ་བའི་ཉེ་བའི་ཟླ་ཤས་ཁྲོད་རྒྱལ་སྤྱིའི་ས་གནས་གང་སར་བཞུགས་པའི་བོད་མི་དང་། ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་ཐེ་ཝན། ལྷོ་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་རྣམས་ནས་རྒྱ་ནག་ནང་འཚོགས་རྒྱུའི་ཨོ་ལོམ་སྤིག་རྩེད་འགྲན་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ཁྲོད། ཨ་རི་དང་དབྱིན་ཡུལ།  ཨོ་གླིང་། ཁེ་ན་ཊ། དེ་བཞིན་ནེའུ་ཛི་ལནཊི་སོགས་ཀྱིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་གྱི་མི་སྣ་གཏོང་རྒྱུ་མིན་པར་ཡོང་གྲགས་གནང་བ་མ་ཟད། རྩེད་འགྲན་པ་རྣམས་ལའང་འགྲན་ཚོགས་དེའི་ཐོག་བསྐྱོད་རྒྱུ་མེད་པའི་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཁྲོད། རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་གསལ་སྟོན་གནང་མཁན་རྩེད་འགྲན་པ་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། Netherlands ལ་མཚོན་ན་ཐེངས་འདིའི་པེ་ཅིང་གི་ཨོ་རྩལ་འགྲན་ཚོགས་ཐོག་ཡུལ་དེའི་རྩེད་འགྲན་པ་ཁྱོན་ ༣༠ ལྷག་ཙམ་ནས་མཉམ་བཞུག་གནང་རྒྱུ་རེད་འདུག

རེས་གཟའ་ལྷག་པ། ༢༠༢༢།༠༡།༡༢

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་བོད་མི་ཁག་ཅིག་ལ་གཅར་རྡུང་གིས་སློབ་གསོ་ཁང་དུ་བཀག་སྐྱིལ། བཞུགས་སྒར་དུ་ཏོག་ནད་ཅན་མང་ཡང་གནས་སྟངས་ཛ་དྲག་གང་ཡང་མེད་པར་གསུངས་སོང་། ནུས་སྤར་སྨན་ཁབ་སྐྱོན་པར་ཏོག་དབྱིབས་ཀྱི་སྨན་ཁབ་གཉིས་པའི་རྗེས་སུ་ཟླ་བ་དགུའི་དུས་ཡུན་འཇོག་དགོས། Wednesday 12/01/2022 Atleast 10 Tibetans detained for opposing government project in Drago Exile Tibetans get booster shots, gap of nine months after second dose recommended Covid cases continue to surge in Dharamsala Tibetan community but situation not critical, says CTA’s health Secretary

རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་བོད་མི་ཁག་ཅིག་ལ་གཅར་རྡུང་གིས་སློབ་གསོ་ཁང་དུ་བཀག་སྐྱིལ།

ཕྱི་ལོ་༢༠༢༡ ཟླ་༡༡ པའི་ནང་རྒྱ་ནག་ས་གནས་སྲིད་གཞུང་གིས། ཁམས་བྲག་མགོ་རྫོང་གི་ཉེ་འཁྲིས་ཀྱི་གཡི་ཉ་གྲོང་ཚོའི་ནང་དུ་ཕག་གསོ་ཁང་དང་བྱ་གསོ་ཁང་འཛུགས་སྐྲུན་བྱ་བའི་ལས་འཆར་ལག་བསྟར་བྱེད་སྐབས། ས་གནས་ཡུལ་མི་ཁག་ཅིག་གིས་མོས་མཐུན་མ་བྱས་པའི་རྐྱེན་གྱིས། ས་གནས་སྲིད་གཞུང་དང་བྲག་མགོ་རྫོང་ཉེན་རྟོག་པ་མཉམ་འབྲེལ་ཐོག་ལས་འཆར་དེ་ལ་མོས་མཐུན་མེད་མཁན་དང་། དེར་མི་འདོད་པའི་རྣམ་འགྱུར་སྟོན་མཁན། གནས་ཚུལ་དེ་བོད་ཕྱི་ཕྱོགས་ལ་གཏོང་མཁན་བཅས་དོགས་ཡོད་ཡུལ་མི་༡༠ ལྷག་འཛིན་བཟུང་གིས་གཅར་རྡུང་གཏོང་བཞིན་པའི་གནས་ཚུལ་བྱུང་འདུགའདི་གའི་གསར་འགོད་པས་བཞུགས་སྒར་ཁུལ་གྱི་བོད་བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེར་འབྲེལ་གྱི་གནས་ཚུལ་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཙོ་བོ་རྒྱ་ནག་གི་བཀོད་བྱུས་འོག་བོད་ཁུལ་དུ་ཕག་གསོ་དང་བྱ་གསོ་ཁང་གི་བཟོ་གྲྭ་རྩ་འཛུགས་བྱེད་བཞིན་པ་ལྟར། སྔར་ལོ་ཁམས་བྲག་མགོ་དགོན་པར་སྤྱི་ལེ་གཉིས་ཙམ་ལས་མེད་པའི་གཡི་ཉ་གྲོང་ཚོའི་ནང་དུ་ཡང་བཙན་དབང་གིས་ཕག་གསོ་ཁང་གསར་རྒྱག་བྱེད་བཞིན་པ་དང་འབྲེལ་ནས། རྒྱ་ནག་གི་ལས་གཞི་དེར་མོས་མཐུན་མེད་པའི་བོད་མི་ཁག་ཅིག་ལ་གཅར་རྡུང་དྲག་པོ་བཏང་ནས་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་གནད་དོན་བྱུང་ཡོད་པ་མ་ཟད།  བོད་མི་དེ་དག་ད་ལྟ་ཡང་ཁུལ་དེ་དང་ཐག་ཉེ་བའི་ཐང་ནག་མ་ཞེས་པའི་ས་ཚིགས་སུ་སློབ་གསོ་ཁང་ཞེས་པ་ཞིག་ཏུ་བཀག་སྐྱིལ་བྱས་ཡོད་པར་བརྗོད་སོང་། གཞན་ཡང་ཁོང་གིས། ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༢༡ ཉིན་རྒྱ་ནག་ས་གནས་སྲིད་གཞུང་གིས། ཁམས་བྲག་མགོ་དགོན་པའི་ར་སྐོར་ནང་ལོགས་ཀྱི་ཕི་ཁྲུ་གསུམ་ཅན་གྱི་བྱམས་ཁང་གཏོར་སྐབས། ད་དུང་ཝ་ལོ་རིན་པོ་ཆེའི་བླ་བྲང་དང་གྲྭ་ཤག་ཁ་ཤས་ཀྱང་གཏོར་འདུག་པའི་ཁྲོད། གྲྭ་བ་ཁག་ཅིག་གྲྭ་ཤག་མེད་པའི་གནས་སྟངས་ཁྲོད་རང་ཁྱིམ་དུ་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པ་ཡང་ངོ་སྤྲོད་གནང་སོང་། བྲག་མགོ་རྫོང་ས་གནས་སྲིད་གཞུང་དང་ཉེན་རྟོག་པས། ཁམས་བྲག་མགོར་བྱུང་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་ཚེ། ལས་བྱེད་པ་ཡིན་ན་ལས་གནས་ནས་ཕྱིར་འཕུད་གཏོང་རྒྱུ་དང་། གྲྭ་པ་ཡིན་ན་དགོན་པ་ནས་འཕུད་རྒྱུ། སློབ་མ་ཡིན་ན་སློབ་གྲྭ་ཕྱིར་འཕུད་རྒྱུ་མ་ཟད། སྲིད་གཞུང་གི་རོགས་སྐྱོར་ཐོབ་ཐང་ཚང་མ་མེད་པ་བཟོ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བཏང་ཡོད་པའི་ཁྲོད། ཁམས་བྲག་མགོ་རྫོང་གི་གྲོང་ཚོ་གཞན་པ་ཞིག་གི་ནང་དུ་ཡང་། དྲགས་རྡུང་གི་གནས་ཚུལ་བྱུང་ཡོད་ནའང་། གྲོང་ཚོའི་མིང་དང་དྲགས་རྡུང་གི་རྒྱུ་རྐྱེན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུགགཞི་རྩའི་བོད་ཁུལ་ས་གནས་སོ་སོའི་དགོན་པར་ཆེ་མཐོང་ཆེན་པོ་ཡོད་པ་མ་ཟད། དུས་ཆེན་ནམ་ཡིན་ལ་བོད་མི་རྣམས་རང་དགོན་དུ་ཕྱིན་ནས་ཁ་འདོན་དགེ་སྦྱོང་དང་ཕྱག་སྐོར་སོགས་བྱེད་བཞིན་ཡོད་སྟབས། དགོན་པའི་ཉེ་འཁྲིས་སུ་ཕག་གསོ་ཁང་དང་བྱ་གསོ་ཁང་གསར་རྒྱག་བྱས་ནས་བཤས་ར་འཛུགས་སྐྲུན་བྱེད་པ་དེ་ནི་བོད་མིའི་ཆོས་སྤྱོད་དང་དད་འདུན་ལ་རྒོལ་བའི་བྱ་སྤྱོད་ཅིག་ཡིན་སྟབས།  རྒྱ་ནག་གི་བཙན་དབང་གི་བྱེད་བབ་དེ་ལས་ས་གནས་ཡུལ་མི་རྣམས་ཀྱི་སེམས་ཁོངས་སུ་སྡུག་བསྔལ་ཆེན་པོ་སྐྲུན་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།རྩ་བའི་བོད་ཁུལ་དུ་ཉེ་བའི་ལོ་འགའི་རིང་ལ་ཆོས་ལུགས་རྒྱ་ནག་ཅན་ལ་བསྒྱུར་དགོས་རྒྱུའི་དྲིལ་བསྒྲགས་ཤུགས་ཆེར་གནང་བཞིན་པ་དང་བསྟུན་ནས།  ཁམས་བྲག་མགོ་ཙམ་མ་ཡིན་པར། གསེར་རྟ་བླ་རུང་སྒར་དུ་ཡང་གྲྭ་ཤག་གཏོར་བཅོམ་དང་གྲྭ་བཙུན་ཕྱིར་ཕུད་ཀྱི་གནས་སྟངས་ཀྱང་བྱུང་ཡོད་པ་དང་། སྐབས་དེའི་ལས་གཞི་ལག་བསྟར་བྱེད་མཁན་ཡང་ད་ཆ་བྲག་མགོ་ཁུལ་གྱི་དམར་ཤོག་གི་དྲུང་ཆེར་བསྐོ་བཞག་བྱས་ཡོད་པའི་ Wang Dongsheng ཟེར་བ་དེ་ཆགས་ཡོད་པ་དང་།  སྔོན་ཆད་ཁོང་གིས་ཁམས་རྟའུ་དང་ལི་ཐང་ཁུལ་དུ་ལས་འགན་སྒྲུབ་བཞིན་པའི་སྐབས་སུ་ཡང་ས་གནས་བོད་རིགས་མང་ཚོགས་ལ་ཚད་བརྒལ་གྱི་དྲག་གནོན་བྱས་བའི་གནད་དོན་རིམ་པ་བྱུང་ཡོད་པ་ལྟར། འདས་བའི་ཟླ་གཉིས་ལྷག་གི་རིང་ཁམས་བྲག་མགོ་དགོན་དུ་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་དང་རྗེ་བཙུན་བྱམས་དགོན་གྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་རྩ་གཏོར་གྱིས་མང་ཚོགས་ལ་དྲག་གནོན་ཤུགས་ཆེར་བྱེད་མུས་རེད་འདུག

ནུས་སྤར་སྨན་ཁབ་སྐྱོན་པར་ཏོག་དབྱིབས་ཀྱི་སྨན་ཁབ་གཉིས་པའི་རྗེས་སུ་ཟླ་བ་དགུའི་དུས་ཡུན་འཇོག་དགོས།

རྒྱ་གར་དབུས་གཞུང་གི་ལམ་སྟོན་ལྟར་ཟླ་བ་འདིའི་ཚེས་༡༠ ནས་བཟུང་ལོ་ན་༦༠ ཡན་གྱི་རྒན་གྲས་རྣམས་པ་དང་། སྨན་པ་དང་སྨན་ཞབས་སོགས་ནད་ཡམས་སྐབས་མདུན་སྐྱོད་ཀྱིས་ཞབས་ཞུ་སྒྲུབ་མཁན་རྣམས་ལ་ཏོག་དབྱིབས་སྔོན་འགོག་རིམ་པ་གསུམ་པ་སྟེ་ནུས་སྤར་སྨན་ཁབ་སྐྱོན་དགོས་པའི་གསལ་བསྒྲགས་གནང་བ་ལྟར།   རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞི་ཆགས་ཁག་སོ་སོའི་ནང་འདས་པའི་ཉིན་ཤས་ནས་ནུས་སྤར་སྨན་ཁབ་སྐྱོན་རྒྱུའི་ལས་གཞི་སྤེལ་དང་སྤེལ་མུས་མ་ཟད། དེ་རིང་བཞུགས་སྒར་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་དུའང་བོད་མི་རྒན་གྲས་རྣམས་དང་མདུན་སྐྱོད་སྨན་ཞབས་རྣམས་ལ་ནུས་སྤར་སྨན་ཁབ་སྐྱོན་རྒྱུའི་ལས་གཞི་དབུ་འཛུགས་གནང་སོང་།དེའང་ཁ་སང་བཞུགས་སྒར་རྡ་སའི་མེག་གྷན་ཁྲོམ་གཞུང་དུ་ས་གནས་རྒྱ་གར་གཞུང་གི་སྨན་ཁང་ནས་ནུས་སྤར་སྨན་ཁབ་སྐྱོན་རྒྱུའི་ལས་གཞི་དབུ་འཛུགས་གནང་བའི་ཐོག་བོད་མི་རྒན་གྲས་ཁག་ཅིག་ཆེད་ཕེབས་ཀྱིས་སྨན་ཁབ་བཞེས་པ་མ་ཟད། བདེ་ལེགས་སྨན་ཁང་ངོས་ནས་དེ་རིང་ནས་བཟུང་ལས་གཞི་དེ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་། བདེ་ལེགས་སྨན་ཁང་གི་སྨན་ཞབས་པ་བསྟན་འཛིན་ཆོས་སྐྱིོད་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུང་དོན་ལྟར་ན། རྒྱ་གར་གཞུང་གིས་ལམ་སྟོན་ལྟར་ད་ལྟའི་ཆར་ཏོག་དབྱིབས་ཀྱི་སྔོན་ཁབ་རིམ་པ་གསུམ་པ་སྟེ། ནུས་སྤར་སྨན་ཁབ་དེ་ད་ལྟའི་ཆར་ལོ་ན་ ༦༠ ཡན་གྱི་རྒན་གྲས་དང་མདུན་སྐྱོད་ཞབས་ཞུ་བ་མ་གཏོགས་སྐྱོན་གྱི་མེད་པ་དང་། ནུས་སྤར་སྨན་ཁབ་དེ་སྐྱོན་པར་ཏོག་དབྱིབས་སྔོན་ཁབ་རིམ་པ་གཉིས་པའི་རྗེས་ཉུང་མཐར་ཟླ་བ་དགུའི་དུས་བཀག་འཇོག་དགོས་ཀྱི་ཡོད་པ་རེད་འདུགདེའི་བར་ན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིགས་ཆགས་ཁག་ལ་མཚོན་ན། ཧུན་སུར་རབ་རྒྱས་གླིང་ནང་ལ་མཚོན་ན་ད་བར་ཁྱོན་བོད་མི་གྲངས་  ༢༥༠ ལ་ཏོག་དབྱིབས་ཀྱི་ནུས་སྤར་སྨན་ཁབ་དེ་རྒྱབ་ཟིན་པ་དང་། མོན་གྷོ་འདོད་རྒུ་གླིང་བོད་མི་གྲངས་ ༦༠༦  དང་མདུན་ཐོན་ཞབས་ཞུ་བ་མི་གྲངས་ ༡༢༥ ལ་སྨན་ཁབ་དེ་སྐྱོན་ཟིན་པ་མ་ཟད། སྦེལ་ཀོབ་གཞིས་ཆགས་གྲོང་སྡེ་དང་པོའི་ནང་གི་ས་གནས་རྒྱ་གར་སྨན་ཁང་ནང་ལ་དེ་སྔ་ཐོ་གཞུང་སྤྲད་པ་དེ་བཞིན་གྱི་ལས་གཞི་སྤེལ་བཞིན་པ་དེ་ལྟར་ཡང་། ཀོ་ལེ་གྷལ་བོད་མིའི་གཞི་ཆགས་ནང་ད་ལྟའི་ཆར་ཏོག་དབྱིབས་ནད་གཞི་ཕོག་མཁན་གྱི་གྲངས་འབོར་ཤུགས་ཆེར་འཕར་བཞིན་ཡོད་སྟབས། ནུས་སྤར་གྱི་སྨན་ཁབ་མ་རྒྱབ་གོང་དུ་ཐོག་མར་ས་གནས་མང་ཚོགས་ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་མེད་བརྟག་དཔྱད་གནང་ནས། ནད་རྟགས་གྱི་གྲུབ་འབྲས་གསལ་པོར་ཤེས་རྗེས་གཞི་ནས་ཐོ་གཞུང་ཕུལ་བ་རྣམས་ལ་ནུས་སྤར་སྨན་ཁབ་སྐྱོན་རྒྱུ་རེད་འདུགགཞི་རྩའི་བཞུགས་སྒར་རྡ་སར་ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་བོད་མི་གྲངས་ ༢༠༠ ལྷག་ཙམ་དང་། དེ་བཞིན་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ནང་གཞིགས་ཚེ། ཧུན་སུར་རབ་རྒྱས་གླིང་ནང་ད་ལྟའི་ཆར་ཏོག་དབྱིབ་ནད་དུག་གསར་དུ་འགོས་པའི་ནད་པ་༨དང་། སྦེལ་ཀོབ་ནང་༥དེ་བཞིན་ཀོ་ལོ་གྷལ་ནང་ནད་གཞི་ཕོག་མཁན་༥༠ ལྷག་ཙམ་ཆགས་འདུག

རེས་གཟའ་མིག་དམར། ༢༠༢༢།༠༡།༡༡

ཉན་པ།: Listen ཕབ་ལེན། Download རྡ་སར་ཏོག་ནད་ཕོག་མཁན་༢༠༠ལྷག་ཙམ་བྱུང་བ་དང་༸གོང་ས་མཆོག་གི་དྲྭ་ལམ་གྱི་མཛད་འཆར་ཕྱིར་འགྱངས། ཁམས་བྲག་མགོ་ཁུལ་གྱི་ཛ་དྲག་གི་གནས་སྟངས་ལ་སེམས་འཚབ། སྐུ་ཞབས་ Sandesh Meshram ལགས་ཀྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ་མཇུག་སྒྲིལ། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་མཇུག་སྒྲིལ། སྔར་ལོ་ཧོང་ཀོང་གི་ནང་དུ་སྒོ་རྒྱབ་པའི་རྒྱ་ནག་གི་དྲུག་བཞི་དོན་རྐྱེན་གྱི་འགྲེམས་སྟོན་ཁང་ཨ་རིར་བསྐྱར་གསོ། རྒྱ་ནག་གི་སྲིད་དོན་ཉེས་ཆད་རིགས་ཀྱིས་ང་ཚོའི་སེམས་ཤུགས་གཅོག་ཐུབ་ཀྱི་མ་རེད། Tuesday 11/01/2022 Over 200 Tibetans test positive for covid in Dharamsala, HHDL’s online program postponed Concern grows amid waves of demolitions and arrests in Drago Sandesh Meshram concludes South India cycle rally for Tibet: Bangalore Australian Tibetan Community Association convenes 6th board meeting U.S. undeterred by China sanctions on religious freedom officials -Blinken Tiananmen museum planned for U.S. after Hong Kong shutdown

རྡ་སར་ཏོག་ནད་ཕོག་མཁན་༢༠༠ལྷག་ཙམ་བྱུང་བ་དང་༸གོང་ས་མཆོག་གི་དྲྭ་ལམ་གྱི་མཛད་འཆར་ཕྱིར་འགྱངས།

བཞུགས་སྒར་རྡ་ས་གཙོས་པའི་རྒྱ་གར་གྱི་ས་གནས་ཁག་ཅིག་ཏུ་ཉེ་བའི་ཆར་ཏོག་དབྱིབས་གཉན་རིམ་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་ཡོད་པའི་ཁྲོད། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོནམ་ཆེན་པོ་མཆོག་གི་ཕྱི་ཟླ་དང་པོའི་ནང་གི་དྲྭ་ལམ་གྱི་མཛད་འཆར་ཁག་ཆ་ཚང་གནས་སྐབས་རིང་ཕར་འགྱངས་གནང་འདུགགཞི་རྩའི་དེ་སྔའི་མཛད་འཆར་ཁག་ལ་གཞིགས་ཚེ། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ནང་མ་ལཱི་ཞི་ཡའི་ཁ་ཆེའི་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ Islam & Buddhism Eco Dialogue ཞེས་པའི་ཁ་ཆེ་དང་ནང་པའི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་འདུ་ཞིག་གི་ཚོགས་མགོན་དུ་དྲ་ཐོག་བརྒྱུད་དབུ་བཞུགས་མཛད་རྒྱུ་དང་། གཞན་ཡང་ཁ་རག་པུར་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་འཕྲུལ་རིག་མཐོ་སློབ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་དཀའ་ངལ་ཅན་གྱི་དུས་སྐབས་སུ་བདེ་སྐྱིད་འཚོལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩོལ་གནང་འཆར་ཡོད་པ་རེད། འོན་ཀྱང་ཁ་སང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དེ་གའི་དྲ་གནས་ཐོག་དམིགས་བསལ་གསལ་བསྒྲགས་ཤིག་སྤེལ་བར་གཞིགས་ན། ད་ཆ་རྡ་ས་གཙོས་པའི་རྒྱ་གར་གྱི་ས་གནས་གཞན་གང་སར་ཏོགས་དབྱིབས་ཀྱི་གཉན་རིམས་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་པར་བརྟེན། ༸གོང་ས་མཆོག་གིས་ཕྱི་ཟླ་དང་པོའི་དྲ་ལམ་གྱི་མཛད་འཆར་ཡོངས་རྫོགས་ཕར་འགྱངས་གནང་རྒྱུ་ཐུགས་གཏན་འཁེལ་འདུག དེའི་བར་དུ་བོད་མིའི་སྒྲིག་འཛུགས་ངོས་ནས་ཁ་སང་ནས་དབུ་འཛུགས་ཀྱིས་ཉིན་གཉིས་རིང་ལས་ཁུངས་ཡོངས་རྫོགས་སྒོ་རྒྱབ་ནས་ལས་བྱེད་རྣམས་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་འགོ་བཙུགས་ཡོད་པ་དང་། དེ་རིང་བར་རྡ་སར་ཁྱོན་ཏོག་དབྱིབས་ནད་དུག་ཕོག་པའི་གྲངས་འབོར་དེ་མི་ ༢༠༠ ལྷག་ཙམ་ལ་ཕར་འདུགཧི་མ་ཅལ་མངའ་སྡེའི་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་འདིར་མངའ་སྡེའི་ནང་དུ་མཚན་མོའི་ཆུ་ཚོད ༡༠ པ་ནས་ཞོགས་པའི་ཆུ་ཚོད ༥ པའི་བར་དུ་མི་རྣམས་རང་ཁྱིམ་ནས་ཕྱི་ལ་ཐོན་མི་ཆོག་པ་དང་། ཆབ་སྲིད་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་འདུ་འཛོམས་ཀྱང་བརྒྱ་ཆ་ལྔ་བཅུ་མ་གཏོགས་སྤེལ་མི་ཆོག་པའི་དམ་དྲག་གི་བཀོད་ཁྱབ་བཏང་ཡོད་པ་རེད།

སྐུ་ཞབས་ Sandesh Meshram ལགས་ཀྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ལས་འགུལ་མཇུག་སྒྲིལ།

ཉེ་ལམ་ཕྱི་ཟླ ༡༢ པའི་ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་ནང་ཆགས་པའི་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་ནས་འགོ་བཙུགས་ཏེ་ལྷོ་ཕྱོགས་ཀྱི་མངའ་སྡེ་ཆེ་ཁག་བཞི་ནང་རྐང་འཁོར་སྐོར་སྐྱོད་བརྒྱུད་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་མཁན་རྒྱ་གར་བ་སྐུ་ཞབས་  Sandesh Meshram འམ་བོད་མིང་བསམ་གཏན་ཡེ་ཤེས་ལགས་དེ་རིང་གྲོང་ཁྱེར་བྷང་ལོར་ནང་འབྱོར་བ་དང་སྦྲགས། ཐེངས་འདིའི་བོད་དོན་ལས་འགུལ་མཇུག་སྒྲིལ་གནང་འདུགཁོང་དེ་རིང་བྷང་ལོར་གྲོང་ཁྱེར་གྱི་བོད་ཁྱིམ་སྡོད་ཁང་དུ་འབྱོར་སྐབས་མཐོ་སློབ་ཀྱི་སློབ་མ་དང་ལས་བྱེད་རྣམས་ནས་ལག་ཏུ་མཇལ་དར་བསྣམས་ནས་ཁོང་ལ་སྣེ་ལེན་ཞུས་པ་དེ་ལྟར་ཡང་། ཁུལ་དེར་ཏོག་དབྱིབས་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་ཤུགས་ཆེར་འཕར་བཞིན་ཡོད་སྟབས། ཐེམས་སྤང་བཀའ་རྒྱའི་རྐྱེན་གྱིས་ལས་འགུལ་མཇུག་སྒྲིལ་གནང་སྐབས་དམིགས་བསལ་མང་ཚོགས་འདུ་འཛོམས་ཀྱིས་མཛད་སྒོ་སོགས་འཚོགས་ཐུབ་མེད་པ་རེད།འདི་གའི་གསར་འགོད་པས་ཁོང་ལ་བཀའ་འདྲི་ཁག་ཅིག་ཞུ་སྐབས་ཁོང་དེ་རིང་བོད་ཁྱིམ་སྟོད་ཁང་ནང་བདེ་ཐང་ངང་འབྱོར་ནས་ལས་འགུལ་དེ་ལེགས་གྲུབ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་ཡོད་སྐོར་གསུངས་བ་དང་འབྲེལ།  སྤྱིར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་གཉིས་དབར་བླ་སློབ་ཀྱི་འབྲེལ་བ་ཡོད་པའི་བཀའ་ལན་མང་མཛད་ཀྱང་། ངའི་ངོས་ནས་༸གོང་ས་མཆོག་ང་ཚོའི་བླ་མར་ངོས་འཛིན་ཞུ་གི་ཡོད་པ་དང་། བླ་མ་བཙན་བྱོལ་དུ་གྱར་ནས་དཀའ་ངལ་འཕྲད་པའི་སྐབས་སུ། ང་ཚོ་རྒྱ་གར་སློབ་མའི་ངོས་ནས་བླ་མར་རྒྱབ་སྐྱོར་དང་འབྲེལ་བོད་མིའི་རང་དབང་འཐབ་རྩོད་ལ་ཕྱག་རོགས་ངེས་པར་དུ་ཞུ་དགོས་ཀྱི་རེད་ལ། དེས་རྒྱ་གར་གྱི་བདེ་འཇགས་ལའང་ཁེ་ཕན་སྒྲུབ་ཐུབ་ཀྱི་ཡོད་པར་འགྲེལ་བརྗོད་གནང་སོང་། ཡང་ཁོང་ལ་དེ་རིང་ལས་འགུལ་མཇུག་སྒྲིལ་དང་བསྟུན་མང་ཚོགས་ལ་བརྡ་ལན་ཅི་ཡོད་བཀའ་འདྲི་ཞུ་སྐབས། ཁོང་རྒྱ་གར་གྱི་ས་གནས་འདྲ་མིན་དུ་བསྐྱོད་སྐབས་བོད་མིའི་ངོས་ནས་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་གལ་ཆེན་ཡིན་པའི་འགྲེལ་བརྗོད་གནང་མཁན་བྱུང་ཡོད་པ་བཞིན། ད་ཆ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྦག་སྦག་སྐོར་སྐྱོད་སོགས་ཀྱི་ལས་འགུལ་སྤེལ་བཞིན་པ་ལྟར། བོད་མི་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོའི་ངོས་ནས་བོད་ཀྱི་གནད་དོན་ཐོག་ལས་འགུལ་མུ་མཐུད་སྤེལ་ཐུབ་ན་རྒྱ་གར་མང་ཚོགས་ཁྲོད་ངེས་པར་དུ་བོད་ཀྱི་གནད་དོན་ཐད་གོ་རྟོགས་ཟབ་རྒྱས་སྤེལ་ཐུབ་རྒྱུ་ཡིན་པ་གསུངས་སོང་།གཞི་རྩའི་སྐུ་ཞབས་ Meshram འམ་བསམ་གཏན་ཡེ་ཤེས་ལགས་ཀྱིས་ད་ལན་གྱི་ལས་འགུལ་ཁྲོད། རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཀཱེ་ར་ལ་དང་། ཊྲ་མེལ་ནཌོ་དང་ཀར་ནཊཀ   དེ་བཞིན་ Pondicherry བཅས་ལ་ཁྱོན་སྤྱི་ལེ་༢༤༠༠ ལྷག་སྐོར་སྐྱོད་གནང་ནས་བོད་ཀྱི་གནད་དོན་སེལ་ན་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ཐུབ་རྒྱུ་སོགས་ཀྱི་གོ་རྟོགས་སྤེལ་ཡོད་པ་དང་། ཁོང་དེ་རིང་དགོང་མོ་རང་ ནཱཀ་པུར་དུ་ཡོད་པའི་རང་ཁྱིམ་ལ་ཕྱིར་ལོག་གནང་རྒྱུ་རེད་འདུག ཁོང་གིས་ཐེངས་འདིར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་ནས་བྷང་ལོར་གྲོང་ཁྱེར་བར་གྱི་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ནི་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་ལ། ཁོང་གིས་འདི་གའི་གསར་འགོད་པར་གལ་ཏེ་ཏོག་དབྱིབས་ཀྱི་གནས་སྟངས་བཟང་ཏུ་ཕྱིན་ཚེ་མ་འོངས་པར་རྒྱ་གར་བྱང་ཤར་ཕྱོགས་ལ་གློག་ཤུགས་གླ་འཁོར་བརྒྱུད་སྐོར་སྐྱོད་གནང་འདོད་ཡོད་པར་གསུངས་སོང་།

ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་མཇུག་སྒྲིལ།  

ཨོ་གླིང་གི  Nowra གྲོང་ཁྱེར་ནང་དུ་ཁུལ་དེའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་སྐོང་ཚོགས་བརྒྱུད། གནས་ཡུལ་རྒྱལ་ཁབ་ཁག་ཏུ་ཆབ་སྲིད་ལས་འགུལ་ཤུགས་ཆེར་སྤེལ་རྒྱུ་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ་སོགས་ཀྱི་གྲོས་ཆོད་དོན་ཚན་ ༡༤ གཏན་འབེབས་གནང་འདུགདེ་ཡང་གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་དུས་ཡུན་ཉིན་གྲངས་གཉིས་ཀྱི་རིང་ཚོགས་པའི་ཨོ་གླིང་གི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པ་དེའི་ཐོག་སྐུ་མགྲོན་གཙོ་བོར་ཨོ་གླིང་གི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་ཨོ་གླིང་གི་སྤྱི་འཐུས་ལས་ཐོག་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་གཙོས། རྒྱལ་ས་ Canberra དང་སེཌ་ཎེ།  Queensland Victoria དེ་བཞིན་ Newcastle དང་ Nowra བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་སོགས་ལྷན་བཅར་ཞུས་འདུག ལྷན་ཚོགས་དེའི་ཐོག་དེ་སྔའི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཏུ་བཞག་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་སྦྲགས་ལྷན་ཚོགས་དྲུག་པའི་གྲོས་གཞི་ཁག་གི་ཐོག་བགྲོ་གླེང་ལྷུག་པོ་གནང་གནང་སྟེ་ཁུལ་དེའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་གསར་འདེམས་གནང་འདུགཉིན་གཉིས་ཀྱི་ཚོགས་ཆེན་དེ་སྤྱི་ཡོངས་ནས་གང་འདྲ་བྱུང་མིན་ཐད་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་གཙོར་གསར་འདེམས་བྱུང་བ་སྐལ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་ཡོད། པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།

ཁམས་བྲག་མགོ་ཁུལ་གྱི་ཛ་དྲག་གི་གནས་སྟངས་ལ་སེམས་འཚབ།

རྒྱ་ནག་གིས་ཟླ་བ་སྔོན་མའི་ནང་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་དུ་སྨིད་༩༩་ཅན་གྱི་སྟོན་པའི་སྐུ་འདྲ་དང་མ་ཎི་འཁོར་ལོ་གྲངས་ ༤༥ ཙམ་རྩ་གཏོར་དང་། དེ་བཞིན་ཉེ་ཆར་ཡང་དགོན་ཁུལ་དེའི་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་རྩ་གཏོར་གྱིས་འབྲེལ་ཡོད་ཀྱི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་བློ་འཚབ་དང་སྦྲགས། རྒྱ་ནག་གི་བྱེད་བབ་དེ་ནི་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་ལྡོག་ཟླ་དངོས་དེ་ཆགས་ཡོད་པར་གསུངས་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་གནང་རྒྱུ་དེ་བོད་མིའི་མངོན་འདོད་ཡིན་པ་དེ་རྒྱ་ནག་ལ་ར་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པའི་གཞེན་སྐུལ་གནང་བཞིན་འདུགདེའང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གིས་ཁམས་བྲག་མགོ་ཁུལ་གྱི་གཙོ་བྱས་པའི་བོད་ཁམས་ཡོང་ཀྱི་བོད་མིའི་ཆོས་རིགས་ཀྱི་རང་དབང་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་ལྷན་དུ། རྒྱ་ནག་གིས་ཁུལ་དེའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བསྙད་ནས་བཀག་སྐྱིལ་བྱས་ཡོད་པའི་བོད་མི་རྣམས་གང་མགྱོགས་གློད་གྲོལ་གཏོང་དགོས་བའི་དགོས་འདུན་བཏོན་འདུགལས་འགུལ་ཁང་གི་བར་བརྒལ་ཚོགས་གཙོ་བུ་ཆུང་ཚེ་རིང་ལགས་ཀྱིས། ཆོས་མེད་སྨྲ་བའི་རྒྱ་ནག་གིས་བོད་མིའི་གཅེས་ནོར་ལྟ་བུའི་དད་རྟེན་ལ་གཏོར་བཅོམ་བཏང་བ་དེ་ཡིས་ས་གནས་ཀྱི་བོད་མི་ཚོའི་རྒྱུད་ལ་བཟོད་ཐབས་བྲལ་བའི་སེམས་སྡུག་ཆེན་པོ་བཟོ་ཡོད་པར་འགྲེལ་བརྗོད་ཀྱིས། རྒྱ་ནག་གི་ཐེངས་འདིའི་བྲག་མགོའི་ནང་རྩ་གཏོར་གྱི་བྱེད་ལས་དེ་ནི་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱི་ཆོས་ལུགས་ཀྱི་རང་དབང་ལ་ཐད་གར་བརྙས་བཅོས་བཏང་བ་ཞིག་ཡིན་པ་མ་ཟད། དེ་དག་གི་ལོ་རྒྱུས་ནག་གསུབ་བཏང་བ་ཞིག་ཡིན་པ་དང་། དེའང་རྒྱ་ནག་གིས་དུས་རྒྱུན་ནས་བོད་མིའི་ཆོས་རིག་སྲུང་སྐྱོབ་བྱེད་བཞིན་པར་བརྗོད་བཞིན་པ་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་པར་བསྒྲགས་འདུག མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཀྱང་འདི་ག་རླུང་འཕྲིན་ཁང་གི་བཅར་དྲིར་ལན་འདེབས་ཁྲོད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་འོག་་ཁམས་བྲག་མགོ་ཁུལ་དུ་དྲག་གནོན་དང་གཏོར་བཤིག་གཏོང་བཞིན་པ་ཞིག་ཡིན་པར་བློ་འཚབ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནད་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིགརྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གིས་བྲག་མགོ་ཁུལ་གྱི་མཚོན་པའི་བོད་ཁམས་ཡོངས་སུ་ཆོས་རིག་རྩ་གཏོར་གཏོང་བཞིན་པའི་གནད་དོན་ངོ་སྤྲོད་དང་། བོད་ཀྱི་ཆོས་རིག་སྲུང་སྐྱོབ་གནང་རྒྱུ་དེ་བོད་མིའི་མངོན་འདོད་ཡིན་པ་དེ་རྒྱ་ནག་ལ་ར་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པར་གསུངས་སོང་།ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་དེ་གའི་འཕྲུལ་སྒྲའི་སྟེང་དུ་རྒྱ་ནག་གིས་བོད་ཁམས་བྲག་མགོ་ཁུལ་གྱི་སྟོན་པའི་སྐུ་བརྙན་རྩ་གཏོར་གྱི་གནས་ཚུལ་བཀོད་པ་དང་འབྲེལ།  རྒྱ་ནག་ལ་དྲན་གསོའི་ཚུལ་དུ་ཡུལ་དེའི་ནང་འཚོགས་འཆར་གྱི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེར་ཉིན་ཉེར་ལྔ་ལས་མེད་པའི་དུས་སྐབས་འདིར། རྒྱ་ནག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་རྩ་འཛིན་དུ་གྱུར་བའི་གུས་བརྩི་དང་འཛམ་གླིང་སྔར་ལྷག་ཞི་བདེར་འཁོད་རྒྱུའི་རིན་ཐང་དེ་དག་བརྗེད་ཟིན་པའི་ཟུར་ཟའི་གནད་དོན་སྤེལ་བ་མ་ཟད། ཨོ་ལམ་པཀི་རྩེད་འགྲན་ལྷན་ཚོགས་ཀྱི་རྩ་འཛིན་རིན་ཐང་ཁག་འཁོད་པའི་དྲ་རྒྱའི་འབྲེལ་ཐག་ཅིག་ཀྱང་ལྷན་སྦྱར་གནང་འདུགགཞི་རྩའི་རྒྱ་ནག་གཞུང་གིས་ཐེངས་འདིར་ཁམས་བྲག་མགོ་ཁུལ་གྱི་ས་གནས་བོད་མི་རྣམས་ཀྱི་དད་རྟེན་དུ་གྱུར་བའི་སྟོན་པའི་སྐུ་བརྙན་དང་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་རྩ་གཏོར་གྱི་ལས་དོན་དེ་ནི་ལོ་སྔོན་མའི་ཟླ་བ་བཅུ་བའི་ནང་དུ་བྲག་མགོའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་Wang Dongsheng ཟེར་བའི་བཀོད་ཁྱབ་ལམ་སྟོན་འོག་བྱས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། Wang Dongshengཟེར་བ་དེ་ཕྱི་ལོ་ ༢༠༡༦ ལོར་བོད་གསེར་རྟ་ཁུལ་དུ་དམར་ཤོག་དྲུང་ཆེ་ལས་འགན་ཁུར་བཞིན་པའི་སྐབས་སུ་ཡང་ཁོང་གིས་གསེར་བླ་རུང་དགོན་དུ་གྲྭ་ཤག་སྟོང་ཕྲག་ལྷག་རྩ་གཏོར་གྱིས་གྲྭ་བཙུན་མང་པོ་དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། སྔོན་ཆད་ཁོང་གིས་ཁམས་རྟའུ་དང་ལི་ཐང་ཁུལ་དུ་ལས་འགན་སྒྲུབ་བཞིན་པའི་སྐབས་སུ་ཡང་ས་གནས་བོད་རིགས་མང་ཚོགས་ལ་ཚད་བརྒལ་གྱི་དྲག་གནོན་བྱས་ཡོད་པ་ཡོངས་གྲགས་གནང་འདུག

Latest news