Tibetan Royal Year of 2151 | Year of the Wood Dragon

ARCHIVE

Yearly Archives: 2022

རེས་གཟའ་ཟླ་བ། ༢༠༢༢།༠༡།༡༠

ཉན་པ།: Listen ཕབ་ལེན། Download ཁམས་བྲག་མགོ་རུ་སླར་ཡང་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་གཏོར་བཤིག་གིས་གྲྭ་མང་ལ་རྡུང་རྡེག་བཏང་བ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ནས་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་བྱེད་བཞིན་པ། བྷང་ལོར་ནས་ལྡི་ལི་བར་བོད་དོན་སྦག་སྦག་སྐོར་སྐྱོད་གནང་མཁན་རྣམས་དེ་རིང་རྡ་ས་ནས་ཕྱིར་ཐོན། རྩེད་འགྲན་པ་ཁག་ཅིག་གིས་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་ཞུ་སྙན་ཕུལ་བ། རྒྱ་གཞུང་གིས་ས་མཚམས་སུ་ཧམ་མཛུལ་བྱས་ཀྱང་བལ་ཡུལ་གཞུང་གིས་སྣང་མེད། Airbnb ཚོང་ལས་ཁང་གིས་ཨ་རིའི་སྲིད་དོན་ཉེས་ཆད་ཕོག་པའི་ཤིན་ཅང་ཚོང་ལས་ཁང་ལ་འབྲེལ་བ་བྱེད་བཞིན་པར་སེམས་འཚབ། Monday 10/01/2022 China demolishes another giant Buddha statue in Drago, Tibet CTA closes down for mass covid testing, Tibetan frontline workers and seniors get booster shots Bike rally against Beijing Winter Olympics leaves Dharamsala for Delhi activists approach US Speedskating athletes ahead of Beijing Olympics Nepal tight-lipped over Chinese encroachment of its territory in border areas US lawmakers raise concerns about Airbnb business in Xinjiang

ཁམས་བྲག་མགོ་རུ་སླར་ཡང་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་གཏོར་བཤིག་གིས་གྲྭ་མང་ལ་རྡུང་རྡེག་བཏང་འདུག

རྒྱ་ནག་གཞུང་གིས་སླར་ཡང་ཁམས་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཆོས་རའི་ཉེ་འཁྲིས་སུ་ཡོད་པའི་ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་དང་གཙུག་ལག་ཁང་བཅས་གཏོར་བཤིག་བཏང་སྟེ་དགོན་པའི་འབྲེལ་ཡོད་ཀྱི་གྲྭ་བ་ཁག་ཅིག་ལ་གཅར་རྡུང་ཚ་ནན་བཏང་ཡོད་འདུག རྒྱ་ནག་དམར་ཤོག་གཞུང་གིས་ཁམས་དཀར་མཛེས་ཁུལ་ཏྲེ་ཧོར་བྲག་མགོ་རྫོང་ཐོག་ཏུ་ཡོད་པའི་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླེང་དགོན་པའི་སློབ་གྲྭ་སྒོ་རྒྱག་བཅུག་པར་མ་ཟད། ཕྱི་ཟླ་༡༢ ཚེས་ ༡༢ ནས་བཟུང་དགོན་པའི་ཉེ་འཁྲིས་ཀྱི་སྐུ་བརྙན་ཆེན་པོ་གཉིས་དང་། མ་ཎི་དུང་འཁོར་ ༤༥ ཡས་མས་ཤིག་གཏོར་བཤིག་བཏང་པའི་ཁྲོད། འདི་གའི་རླུང་འཕྲིན་ཁང་ལ་ཕ་ཡུལ་ཁམས་བྲག་མགོ་ནས་ཡིན་པའི་འབྲེལ་ཡོད་བཙན་བྱོལ་བ་ཞིག་གིས་གསར་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གིས་དགོན་པའི་ནང་དུ་རླངས་འཁོར་གྱི་ལམ་ཁ་ཞིག་མེད་ཚེ་རྗེས་སུ་མེ་སྐྱོན་བྱུང་བ་ཡིན་ན་བྱ་ཐབས་བྲལ་བར་ཁ་གཡར་ནས་སླར་ཡང་བྲག་མགོ་དགོན་དུ་ཐོག་བརྩེགས་གསུམ་ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་རྩ་གཏོར་བཏང་ཡོད་པར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་དངོས་སུ་དགོན་པར་གཅེས་སྤྲོས་བྱེད་ཀྱི་ཡོད་ན། དགོན་པའི་ནང་དུ་མེ་སྐྱོན་ལ་དམིགས་པའི་ཆུ་མཛོད་གསར་རྒྱག་བྱེད་དགོས་བ་ལས་དགོན་པར་གཏོར་བཤིག་གཏོང་དགོས་བ་ཞིག་མིན་པར་འགྲེལ་བརྗོད་གནང་སོང་། གཞན་ཡང་ཁོང་གིས། རྒྱ་ནག་གཞུང་གིས་ད་ལྟའི་ཆར་དགོན་པའི་ནང་ལོག་ཏུ་མ་གཏོགས་མང་ཚོགས་ཀྱི་མཐོང་ལམ་དུ་སྐུ་གསུང་ཐུགས་རྟེན་རིགས་བཞག་མི་ཆོག་པར་ཐ་ན་མ་ཎི་སོགས་ས་འོག་ཏུ་འཇུག་བཞིན་པའི་གནས་ཚུལ་འགྲེལ་བརྗོད་གནང་སྟེ། དེ་ནི་བོད་ཀྱི་ཆོས་ལུགས་དེ་ཡར་རྒྱས་ཀྱི་བཀག་རྡོ་ལྟ་བུ་ཞིག་ཏུ་ངོས་འཛིན་གྱིས་སྤྱི་ཡོངས་ཀྱི་ཆ་ནས་རིག་གནས་གསར་བརྗེ་ལྟ་བུའི་ཆོས་ལུགས་ལ་གཏོར་བཤིག་དང་། ཕྱོགས་གཞན་ཞིག་ནས་བོད་པའི་མི་རབས་རྗེས་མ་དག་གི་མཐོང་ལམ་དུ་ཆོས་ལུགས་ཀྱི་སྣང་བརྙན་སོགས་མེད་པར་བཟོ་ཐབས་ལ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་སོང་། དེ་བཞིན་གནས་ཚུལ་མཁོ་སྤྲོད་པས། རྗེ་བཙུན་བྱམས་མགོན་གྱི་སྐུ་འདྲ་ཙམ་དུ་མ་ཟད། གྲྭ་ཤག་ཁག་ཅིག་གནས་སྤོར་བྱེད་དགོས་ལུགས་བརྗོད་དེ་གྲྭ་མང་གི་ཤག་ཏུ་འཛུལ་ནས་སྔོག་བཤེར་བྱས་ཏེ་༸གོང་ས་མཆོག་གི་སྐུ་པར་དང་ཐུབ་དབང་གི་སྐུ་འདྲ་སོགས་བཙན་འཕྲོག་བྱས་པ་མ་ཟད། སྐབས་དེར་གྲྭ་མང་གིས་རྒྱ་ནག་གི་བྱེད་བབ་དེར་རྣམ་འགྱུར་ཡག་པོ་མེད་རིགས་བཙན་ཁྲིད་ཀྱིས་གཅར་རྡུང་ནན་མོ་བཏང་ཡོད་པའི་ཁོངས་ནས་ཁ་ཤས་གཅར་རྡུང་གི་རྐྱེན་གྱིས་གྲོངས་ཡོད་ཚུལ་ཡང་འདུག་ཀྱང་གནས་ཚུལ་དེ་གསལ་བོ་ཤེས་ཐབས་མི་འདུག་ཀྱང་། གཅར་རྡུང་བཏང་བའི་ཁྲོད་ནས་དྲན་པ་བརྒྱལ་མཁན་བྱུང་བ་དངོས་སུ་ཤེས་རྟོགས་བྱུང་ཡོད་པ་མངོན་གསལ་གནང་སོང་། གཞི་རྩའི་སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༢་ནས་ཉིན་གྲངས་དགུའི་རིང་ལ་རྒྱ་ནག་གིས་བྲག་མགོ་དགོན་པའི་ཉེ་འདབས་ཀྱི་སྟོན་པའི་སྐུ་བརྙན་སྨིད་ ༩༩ ཅན་ཞིག་གཏོར་བཤིག་དང་། དེ་བཞིན་མ་ཎི་འཁོར་ལོ་གྲངས་ ༤༥ གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཕྱི་ལ་གྱར་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གནས་ཚུལ་དེའི་ཐོག་སེམས་འཚབ་དང་བཅས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེར་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར་ན།རྒྱ་གཞུང་གིས་སྐབས་དེར་དགོན་པའི་མཁན་པོ་དང་ཕྱག་མཛོད། གཞན་ཡང་དགོན་པའི་འབྲེལ་ཡོད་ཀྱི་གྲྭ་བ་ཁག་ཅིག་སློབ་གསོ་སྤྲོད་དགོས་བའི་མིང་ཐོག་ནས་བཙན་ཁྲིད་བྱས་ཏེ་གཅར་རྡུང་བཏང་བའི་ཁྲོད། གྲྭ་བ་ཞིག་གི་མིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཡོད་པ་རེད་འདུག མ་ཟད་གྲྭ་མང་དང་མང་ཚོགས་ཀྱི་ཁྲོད་ཕྱི་ཕྱོགས་སུ་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མཁན་བྱུང་ཡོད་ལུགས་དང་འབྲེལ་ནས་རྒྱ་ནག་གིས་རྩད་ཞིབ་བྱེད་བཞིན་པ་དང་། གྲྭ་བ་ཡིན་ཚེ་དགོན་པ་ནས་ཕྱིར་ཕུད་དང་མི་སྐྱ་ཡིན་ཚེ་གཞུང་གི་ལས་བྱེད་ཀྱི་ཁོངས་དང་སློབ་ཁོངས་ནས་ཕྲུ་གུ་སོགས་ཕྱིར་འཐེན་བྱེད་རྒྱུ་ཡིན་ལུགས་ཀྱིས་འཇིགས་སྐུལ་ཡང་བྱས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ནས་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་གནང་བཞིན་པ།

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་པའི་གྲངས་འབོར་ཤུགས་ཆེར་འཕར་བཞིན་པའི་མཚམས་སུ་ཧི་མཱ་ཅལ་མངའ་གཞུང་གིས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ཛ་དྲག་གི་བཀོད་ཁྱབ་ལམ་སྟོན་གསར་པ་ཞིག་ཕེབས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཉིན་གཉིས་རིང་ལས་མཚམས་བཞག་ནས་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་གནང་འགོ་བཙུགས་འདུགད་ཆ་རྒྱ་གར་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཤུགས་ཆེར་འཕར་བཞིན་པ་དང་ཁ་སང་འདས་པའི་ཚོུད་ ༢༤ ནང་དུ་རིམས་ནད་འགོས་པའི་ནད་པ་གསར་པ་གྲངས་ ༡༨༠༤༣༨ ལྷག་ཙམ་ཞིག་བྱུང་པ་མ་ཟད། ཧི་མཱ་ཅལ་མངའ་སྡེ་ནང་ཁ་སང་ཉིན་གཅིག་ནང་རིམས་ནད་འགོས་པའི་ནད་པ་གྲངས་ ༤༩༨ ཙམ་བྱུང་ཡོད་པ་ལྟར། ཁ་སང་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་དེ་སྔ་མངའ་སྡེ་དེའི་ནང་མཚན་གྱི་ཕྱག་ཚོད་ ༡༠ ནས་སྔ་དྲོ་ཕྱག་ཚོད་ ༥ བར་ཕྱིར་སྐྱོད་མི་ཆོག་པ་སོགས་ཀྱི་བཀའ་རྒྱ་ཁག་ཅིག་བཏང་ཡོད་པའི་ཐོག་ཏུ་ད་ལན་གཉན་རིམས་ལ་དམིགས་ནས་སྒྲིག་གཞི་ཁག་ཅིག་བསྐྱར་དུ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པའི་ནང་དུ། ད་ཆ་མངའ་སྡེ་དེའི་ནང་ཏོག་དབྱིབས་གཉན་རིམས་དང་སྒོས་སུ་ཨོ་མི་ཀི་རོན་ཞེས་པའི་ནད་དུག་གསར་པ་འདི་འགོས་ཁྱབ་ཤུགས་ཆེར་བྱུང་པར་བརྟེན་དེ་རིང་ནས་ཟླ་བ་འདིའི་ཚེས་ ༢༤ བར་ཧི་མཱ་ཅལ་མངའ་སྡེ་ནང་གི་རྒྱ་གར་དབུས་གཞུང་དང་ས་གནས་གཞུང་། དེ་བཞིན་རྫོང་ཁག་གི་ལས་ཁུངས་སུ་ལས་བྱེད་ལྔ་བཅུ་ལས་ཉུང་བ་ལས་བཅར་ཞུ་དགོས་པའི་ཐག་གཅོད་གནང་ཡོད་པ་དང་དེ་བཞིན་སྤྱི་ཚོགས་དང་ཆོས་ཕྱོགས་ཀྱི་འདུ་འཛོམས་རིགས་ཡོངས་རྫོགས་གནང་ཆོག་གི་མེད་པ་མ་ཟད། མངའ་སྡེ་སོ་སོའི་ནང་གི་ཚོང་ཁང་དང་ཁྲོམ་ར་སོགས་དེ་གའི་རྫོང་དཔོན་ལས་ཁུངས་ཀྱི་བཀོད་ཁྱབ་ལམ་སྟོན་འོག་སྒོ་འབྱེད་བྱ་རྒྱུ་ཡིན་པར་བསྒྲགས་འདུག ཡང་སྒོས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་སར་མཚོན་ན་འདས་པའི་གཟའ་འཁོར་གཅིག་ནང་རྒྱ་གར་ནང་བོད་མི་ནད་གཞི་ཕོག་མཁན་ ༨༠ ལྷག་ཙམ་བྱུང་ཡོད་པའི་ཁོངས་སུ་མང་ཆེ་བ་རྡ་རམ་ས་ལ་ཆགས་ཡོད་པ་དང་དེའི་ཁོངས་ནས་བོད་མི་གྲངས་ ༦༠ ཡས་མས་ཤིག་ད་ཆ་དབུས་སྣེ་ལེན་ཁང་གི་གཉན་རིམས་གསོ་བཅོས་ཁང་དུ་བཞུགས་ཡོད་སྟབས། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཉིན་གཉིས་རིང་ལས་མཚམས་བཞག་ནས་ལས་བྱེད་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་འགོ་བཙུགས་ཡོད་པ་དང་དེ་རིང་བར་དུ་ཁྱོན་ལས་བྱེད་གྲངས་ ༡༩༠ ལྷག་ལ་བརྟག་དཔྱད་གནང་ཟིན་པ་དང་སང་ཉིན་ལས་བྱེད་གྲངས་ ༢༠༠ ་ཙམ་ལ་བརྟག་དཔྱད་གནང་རྒྱུ་རེད་འདུགརྩ་བའི་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པར་གྲ་སྒྲིག་དང་གདོང་ལེན་ཆེད་ཉེ་ལམ་རྒྱ་གར་དབུས་གཞུང་གིས་རྒྱ་གར་རྒྱལ་ཡོངས་ནང་ལོ་ན་ ༦༠ ཡན་གྱི་རྒན་པོ་དང་འཕྲོད་བསྟེན་གྱི་མདུན་ཐོན་ཞབས་ཞུ་བ་རྣམས་ལ་སྔོན་འགོག་སྨན་ཁབ་རིམ་པ་གསུམ་པ་སྟེ་ནུས་སྤར་སྨན་ཁབ་བསྐྱོན་རྒྱུའི་གསལ་བསྒྲགས་གནང་བ་ལྟར། དེ་རིང་རྒྱ་གར་ནང་དངོས་སུ་ཏོག་དབྱིབས་སྔོན་ཁབ་རིམ་པ་གསུམ་པ་སྟེ་ནུས་སྤར་སྨན་ཁབ་དེ་སྐྱོན་འགོ་ཚུགས་ཡོད་པའི་ཁྲོད་འདིར། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་ལ་མཚོན་ན། འདས་པའི་གཟའ་འཁོར་གཉིས་ཙམ་ནས་ཁུལ་དེའི་ནང་གི་བོད་མི་ལོ་ན་ ༦༠ ཡན་གྱི་རྒན་པོ་བརྒྱ་ཆ་སུམ་ཅུ་ཙམ་ལ་སྔོན་ཁབ་དེ་སྐྱོན་ཟིན་པ་དང་ད་ཆ་ལྷག་འདས་རྣམ་པར་མུ་མཐུད་སྐྱོན་རྒྱུ་མ་ཟད། གཞིས་ཆགས་འདིའི་ནང་གི་བོད་མིའི་འཕྲོད་བསྟེན་གྱི་མདུན་ཐོན་ཞབས་ཞུ་བ་ཡོངས་ལ་ནུས་སྤར་སྨན་ཁབ་དེ་སྐྱོན་ཟིན་པ་ཆགས་ཀྱི་འདུག དེ་བཞིན་བོད་མིའི་ལྷོ་ཕྱོགས་གཞིས་ཆགས་གཞན་ཁག་གི་ནང་དུའང་རིམ་པའི་སྔོན་ཁབ་རིམ་པ་གསུམ་པ་སྟེ་ནུས་སྤར་སྨན་ཁབ་དེ་རྒྱག་རྒྱུ་རེད་འདུག

བྷང་ལོར་ནས་ལྡི་ལི་བར་བོད་དོན་སྦག་སྦག་སྐོར་སྐྱོད་གནང་མཁན་རྣམས་དེ་རིང་རྡ་ས་ནས་ཕྱིར་ཐོན་གནང་སོང་།

རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་ནས་འགོ་བཙུགས་ཏེ་རྒྱ་གར་གྱི་མངའ་སྡེ་བརྒྱད་གྱི་ནང་དུ་བོད་དོན་སྦག་སྦག་སྐོར་སྐྱོད་གནང་མཁན་གྱི་ལྡི་ལི་ས་གནས་གཞོན་ནུའི་ལས་འགུལ་བ་རྣམས་དེ་རིང་བཞུགས་སྒར་ནས་ཕེབས་ཐོན་གྱིས་རྒྱལ་ས་ལྡི་ལིའི་ཕྱོགས་སུ་སྐྱོད་གནང་སོང་། དེ་ཡང་ལྡི་ལི་ས་གནས་གཞོན་ནུའི་ངོས་ནས། རྒྱ་ནག་གི་དགུན་དུས་ཀྱི་ཨོ་རྩལ་རྩེད་འགྲན་ལ་ངོ་རྒོལ་དང་གོ་རྟོགས་སླད། ཟླ་བ་སྔོན་མའི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ལྷོ་ཕྱོགས་གྲོང་ཁྱེར་བྷང་ལོར་ནས་ལྡི་ལི་བར་གྱི་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་ལྟར། རྒྱ་གར་ལྷོ་བྱང་མངའ་སྡེ་ ༨ ནང་དུ་ཆེད་ཕེབས་ཀྱིས་རྒྱང་ཐག་སྤྱི་ལེ་ ༣༠༠༠ ལྷག་གི་སྐོར་སྐྱོད་གནང་གྲུབ་རྗེས། ལས་འགུལ་བ་རྣམས་ཉེ་ཆར་རེས་གཟའ་སྤེན་པའི་ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞིས་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མང་ཚོགས་བཅས་ཀྱི་ཕེབས་བསུ་གཟབ་རྒྱས་ཐོག་རྡ་རམ་ས་ལར་འབྱོར་བའི་རྗེས་སུ། དེ་རིང་བཞུགས་སྒར་ནས་རྒྱལ་ས་ལྡི་ལིའི་ཕྱོགས་སུ་ཕྱིར་ཐོན་གནང་སོང་།འདི་གའི་གསར་འགོད་པས་ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས་ཐེངས་འདིའི་ལས་འགུལ་ཁྲོད། ལམ་བར་དུ་ཆར་ཞོས་ཀྱི་དཀའ་ངལ་ཕྲན་བུ་བྱུང་བ་མ་གཏོགས་དམིགས་བསལ་དཀའ་ངལ་གང་ཡང་བྱུང་མེད་པ་དང་། ད་ལྟ་ལས་འགུལ་མཇུག་སྒྲིལ་གནང་ལ་རན་པའི་མཚམས་འདིར་ཁོང་རྣམས་ཀྱི་ཐོག་མའི་དམིགས་ཡུལ་ལས་ལྷག་པའི་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཐུབ་པའི་ཚོར་སྣང་དང་འབྲེལ་འདོད་བློ་ཁེངས་ཡོད་པར་གསུངས་སོང་། ལས་འགུལ་བ་རྣམས་དེ་རིང་བཞུགས་སྒར་རྡ་རམ་ས་ལ་ནས་ཕྱིར་ཐོན་གནང་སྟེ་གནང་ཚེས་ ༡༢ གཡས་གཡོན་དུ་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་རྗེས། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་གར་སྲིད་བློན་གྱི་ལས་ཁུངས་དང་ཨོ་རྩལ་ཚོགས་ཆུང་བཅས་ལ་ཞུ་ཡིག་ཕུལ་བའི་རྗེས་སུ་ལས་འགུལམཇུག་སྒྲིལ་གནང་རྒྱུ་རེད་འདུགརྩ་བའི་འདི་ལོའི་ཕྱི་ཟླ་ ༢ པའི་ནང་དུ་རྒྱ་ནག་གི་དགུན་དུས་ཨོ་རྩལ་རྩེད་འགྲན་འཚོགས་ལ་རན་པ་དང་བསྟུན། རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་ནང་དུ་ཨོ་རྩལ་འགྲན་ཚོགས་བཀག་འགོག་དང་། རང་དབང་དང་མང་གཙོར་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་རྣམས་ནས་འགྲན་ཚོགས་འདིའི་ནང་མཉམ་བཞུགས་བྱ་རྒྱུ་མེད་པའི་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཁྲོད། ད་བར་ཨ་རི་གཙོ་བོར་གྱུར་བའི་རྒྱལ་ཁབ་མང་དག་ཅིག་ནས་ Diplomatic Boycott ཞེས་འགྲན་ཚོགས་དེའི་ཐོག་གཞུང་འབྲེལ་མི་སྣ་གཏང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་རེད།  

རེས་གཟའ་ཉི་མ། ༢༠༢༢།༠༡།༠༩

ཉན་པ།: Listen ཕབ་ལེན། Download བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་དོ་ར། གློག་བརྙན་བཟོ་སྐྲུན་པ་གཞན་ཕན་ཁྱིམ་གསར་ལགས་དང་གླེང་མོལ། Sunday 09/01/2022 Art and Culture of Tibet: In conversation with Tibetan filmmaker Shenpenn Khymsar

རེས་གཟའ་སྤེན་པ། ༢༠༢༢།༠༡།༠༨

ཉན་པ།: Listen ཕབ་ལེན། Download རྒྱ་དཀར་ནག་དབར་གྱི་འབྲེལ་ལམ་དང་བོད། སྤྱི་འཐུས་ཚོགས་གཞོན་ཟུར་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པར་བཅར་འདྲི། Saturday 08/01/2022 India-China Relations and the Tibet factor: Former TPiE Deputy Speaker and TPI researcher

རེས་གཟའ་པ་སངས། ༢༠༢༢།༠༡།༠༧

ཉན་པ།: Listen ཕབ་ལེན། Download སྟོབས་ཆེན་རྒྱལ་ཁབ་ལྔའི་རྡུལ་ཕྲན་གྱི་དམག་འཁྲུག་སྔོན་འགོག་བྱ་རྒྱུའི་བསྒྲགས་གཏམ་ལ་སྔགས་བརྗོད་མཛད་པ། རྒྱ་ནག་གིས་བོད་དོན་ཐད་རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་ཡི་གེ་བཏང་བར་རྒྱ་གར་གྱིས་སྐྱོན་བརྗོད། ལྷོ་ཕྱོགས་དཔལ་གྱི་རི་བོའི་གནས་ཆེན་ཁུལ་དུ་ནང་པའི་གཙུག་ལག་སློབ་གྲྭ་ཞིག་གསར་འཛུགས་བྱེད་འཆར། ཨ་རིའི་གཞུང་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་རྒྱ་ནག་ལ་མུ་མཐུད་རེ་འབོད་ཞུ་བཞིན་ཡོད་གསུང་འདུག བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། བོད་རིགས་ན་གཞོན་ཚོར་བློ་སྐྱེད་ཐུབ་པའི་དབའ་ཧོ་བསྟན་འཛིན་ལགས་ཀྱི་མི་ཚིའི་ལོ་རྒྱུས། Friday 07/01/2022 Dalai Lama lauds joint pledge by 5 countries against nuclear weapons India decries China's letter to MPs on attending Tibet Event Telangana mulls first Buddhist university in south at Nagarjunasagar US continues to call on PRC to resume dialogue with Tibet: State Dept. Diaspora Feature: Story of Tibetan businessman Waho Tenzin

ཨ་རིའི་གཞུང་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་རྒྱ་ནག་ལ་མུ་མཐུད་རེ་འབོད་ཞུ་བཞིན་ཡོད་གསུང་འདུག

ཨ་རིའི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་ཆེའི་ལས་རོགས་ལྕམ་ Uzra Zeya ལགས་ཡུལ་དེའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་དངོས་སུ་བསྐོ་བཞག་མ་གནང་ཙམ་གྱི་གོང་དུ། ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་གོང་མ་དང་འོག་མའི་འཐུས་མི་ ༦༠ ལྷག་ཙམ་ཐུན་མོང་གིས་ཟླ་བ་སྔོན་མའི་ནང་ཁོང་ལ་ཞུ་ཡིག་ཅིག་ཕུལ་ཏེ། སྲིད་འཛིན་སྐུ་ཞབས་བྷ་ཊན་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐད་མཉམ་ལས་ཀྱིས། ངེས་པར་དུ་གནང་དགོས་པའི་ལས་དོན་སྐོར་དོན་ཚན་བཅུ་ཡིས་ཞུ་སྐུལ་གནང་བ་ལྟར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Patrick Leahy ལགས་སུ་ལན་འདེབས་ཕྱག་བྲིས་ཤིག་གནང་སྟེ། ཨ་རིའི་གཞུང་ངོས་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ་ཐད་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་བ་དང་ཆབས་ཅིག བོད་རྒྱ་གཉིས་དབར་ཆ་རྐྱེན་གང་ཡང་མེད་པར་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་ཨ་རིའི་ངོས་ནས་རྒྱ་ནག་ལ་མུ་མཐུད་དུ་ཞུ་སྐུལ་ནན་པོ་གནང་བཞིན་ཡོད་སྐོར་གསུང་འདུག ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པའི་ཐུན་མོང་གི་ཕྱག་བྲིས་ནང་། ལྕམ་ Uzra Zeya ལགས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་བཞེས་སྐབས་སུ་དང་ཐོག་སྲིད་འཛིན་སྐུ་ཞབས་ཇོ་བྷ་ཊན་མཆོག་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་དབར་ཕོ་བྲང་དཀར་པོའི་ནང་དང་། ཡང་ན་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་མཇལ་འཕྲད་མཛད་ཐུབ་པ་ཞིག་གནང་དགོས་པ་དང་། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གི་ཐེ་གཏོགས་ལ་གདོང་ལེན་དགོས་པ་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་གྱི་ནང་དོན་ཆ་ཚང་ལག་བསྟར་དགོས་པ། དེ་བཞིན་ཨ་རིའི་སྲིད་གཞུང་ནས་མཐུན་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་གནང་སྟེ་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དེ་བསྐྱར་གསོ་གནང་རྒྱུར་འབད་བརྩོན་གནང་དགོས་པ་མ་ཟད། བོད་མིའི་རིག་གནས་སྲུང་སྐྱོབ་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་དང་བོད་མི་ཆབ་སྲིད་བཙོན་པ་ཚོར་རྒྱབ་སྐྱོར་སོགས་ཀྱི་འབོད་སྐུལ་ཁག་ཅིག་ཞུས་ཡོད་པ་རེད།ཟླ་བ་འདིའི་ཚེས་ ༥ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་རྒན་གྲས་སྐུ་ཞབས་ Naz Durakoglu ལགས་ཀྱིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ Patrick Leahy ལགས་སུ་ལན་འདེབས་ཕྱག་བྲིས་གནང་བའི་ནང་དུ། ལྕམ་སྐུ་ Uzra Zeya ལགས་བོད་དོན་དམིགས་བསལ་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བ་དེ་རང་གིས་ཨ་རིའི་གཞུང་ངོས་ནས་བོད་ཀྱི་གནད་དོན་དེ་གལ་གནད་ཆེན་པོ་་ཅི་ཙམ་འཛིན་གྱི་ཡོད་པ་མཚོན་གྱི་ཡོད་སྐོར་གསུངས་བ་དང་འབྲེལ། ཨ་རིའི་བོད་དོན་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཞིར་བཟུང་བྷ་ཊན་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྲུང་སྐྱོང་དང་གོང་འཕེལ་ཐད་ཆོད་སེམས་བརྟན་པོ་ཡོད་སྐོར་གསུང་བ་དང་ཆབས་ཅིག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་ནང་གི་བོད་མི་རྣམས་ལ་དམ་དྲག་བྱ་རྒྱུ་མཚམས་འཇོག་ཙམ་མ་ཟད། ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཏུ་གནས་སྡོད་བོད་མི་རྣམས་ལ་སུན་གཙེར་རིགས་བཟོ་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་གནང་འདུགདེ་བཞིན་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་དང་། དེའང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་འཛིན་མཁན་ཁོ་ན་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་བསྐྱར་ནན་གནང་སྟེ་རྒྱ་ནག་གཞུང་གིས་དེའི་ཐོག་ཐེ་གཏོགས་བྱ་རྒྱུ་མེད་པ་གསལ་སྟོན་གནང་འདུག ཕྱག་བྲིས་ནང་ད་དུང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་སྐོར་དང་འབྲེལ། ཁྲིམས་དེ་ལྟ་བུ་ནི་བོད་ནང་གི་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱ་རྒྱུ་དང་དཀའ་སྡུག་མྱོང་མཁན་རྣམས་ལ་རྒྱབ་སྐྱོར་སླད་སླད་ཧ་ཅང་གནད་འགག་ཡིན་པ་མངོན་གསལ་གནང་བ་མ་ཟད། བོད་རྒྱ་གཉིས་དབར་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་འབྲེལ་མོལ་བསྐྱར་གསོ་ཡོང་བར་རྒྱ་ནག་ལ་མུ་མཐུད་དུ་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་བ་དང་འབྲེལ། བོད་ཀྱི་གནད་དོན་དེ་བཞིན་ཕུགས་རྒྱང་རིང་པོའི་སྒོ་ནས་སེལ་ཐུབ་པ་བྱ་རྒྱུའི་རེ་བ་ཆེ་ཤོས་ནི་ཕན་ཚུན་གྲོས་མོལ་བརྒྱུད་ནས་མ་གཏོགས་སེལ་ཐབས་མེད་པ་འགྲེལ་བརྗོད་གནང་འདུག མ་ཟད་སྲིད་འཛིན་བྷ་ཊན་དང་། སྲིད་འཛིན་གཞོན་པ་ལྕམ་ Harris གཉིས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གཞུང་ནས་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་གནང་རྒྱུར་དགའ་སྤོབས་ཆེན་པོ་གནང་བཞིན་ཡོད་སྐོར་གསུངས་བ་དང་འབྲེལ། བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་སླད་བལ་ཡུལ་གཞུང་ལ་མུ་མཐུད་སྐུལ་མ་དང་། གོང་གི་གནད་དོན་དེ་དང་འབྲེལ། ༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཙམ་མ་ཟད། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་གྲོས་ཚོགས་ལྷན་མཉམ་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པར་གསུངས་འདུག

རྒྱ་ནག་གིས་བོད་དོན་ཐད་རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་ཡི་གེ་བཏང་བར་རྒྱ་གར་གྱིས་སྐྱོན་བརྗོད།

ཟླ་བ་སྔོན་མའི་ནང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཀྱིས། རྒྱ་གར་གྱི་དགུན་དུས་ཀྱི་གྲོས་ཚོགས་འཚོགས་བཞིན་པ་དང་སྟུན། རྒྱ་གར་གྱི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་གཏུགས་དང་འབྲེལ། ཚེས་ ༢༢ ཉིན་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གདན་ཞུས་ཀྱིས་འཚམས་འདྲིའི་གསོལ་སྟོན་ཞིག་བཤམ་རྗེས། རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ཡིན་པར་གྲགས་པའི་ Zhou Yongsheng ཟེར་བས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དེ་དག་ཁག་ཅིག་ལ་ཆེད་དུ་ཡི་གེ་བཏང་སྟེ་བོད་དོན་རྒྱབ་སྐྱོར་མི་བྱེད་རྒྱུའི་ཞུ་སྐུལ་བྱས་པ་ལྟར། རྒྱ་གར་ཕྱི་སྲིད་ལས་ཁུངས་ངོས་ནས་རྒྱ་ནག་གི་བྱེད་ཕྱོགས་དེ་འོས་མཚམས་མིན་པའི་སྐྱོན་བརྗོད་ཤུགས་ཆེར་གནང་འདུག དེའང་ཁ་སང་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ། སྐུ་ཞབས Arindam Bagchi ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གི་གཞུང་ཚབ་ཁང་གི་སློབ་སྟོན་པ་ཡིན་ཟེར་མཁན་གྱིས་རྒྱ་གར་གྱི་བཀུར་འོས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་བྲིས་ཡོད་པ་ཤེས་རྟོགས་བྱུང་། རྒྱ་ནག་གིས་ངེས་བར་དུ་ཤེས་དགོས་བ་ཞིག་ལ། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཅིག་དང་། གྲོས་ཚོགས་འཐུས་མི་རྣམས་ནི་མི་མང་གི་སྐུ་ཚབ་ཡིན་དུས་ཁོང་ཅག་གི་བྱེད་ལས་ཡོད་ཚད་རང་ཉིད་ཀྱི་དགོངས་བཞེད་དང་ཡིད་ཆེས་གཞིར་བཞག་གི་གན་མཁན་ཞིག་ཡིན་དུས། རྒྱ་ནག་གིས་ད་རེས་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་ཕུལ་བ་དེའི་ནང་དོན་དང་བརྗོད་ཚིག་ཡོངས་རྫོགས་འོས་འཚམས་ཤིག་མ་རེད་ཅེས་བསྒྲགས་འདུག སྐུ་ཞབས་ Bagchi ལགས་ཀྱིས་ད་དུང་རྒྱ་ནག་གི་ངོས་ནས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་རྒྱུན་ལྡན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དང་། དེ་བཞིན་རྒྱལ་ཁབ་ཕྱོགས་ཀྱི་འབྲེལ་ལམ་དེ་སྔར་ལས་རྙོག་འཛིན་ཆེ་བར་མ་སྒྱུར་རོགས་ཞེས་འབོད་སྐུལ་གནང་འདུག གཞི་རྩའི་ཟླ་བ་སྔོན་མའི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དབུ་བཞུགས་ཐོག རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་། ཚོགས་པའི་ཚོགས་གཙོར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་  Sujeet Kumar ལགས་སྤྱི་མོས་ཀྱིས་བསྐོ་གཞག་གནང་ཡོད་པ་རེད།སྐུ་ཞབས་ Sujeet Kumar ལགས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་གི་ཡི་གེ་དེ་འབྱོར་མ་ཐག  རྒྱ་ནག་གི་གཞུང་ཚབ་ཁང་གི་བྱེད་ཕྱོགས་དེ་འོས་བབ་མེད་པར་བསྒྲགས་པ་མ་ཟད། རྒྱ་ནག་ངོས་ནས་གལ་སྲིད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཚོས་གནང་བའི་ལས་དོན་ལ་འདོད་པ་མ་ཁེངས་ཚེ་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ནས་གནད་དོན་དེ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ལ་སྙན་སེང་ཞུ་དགོས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག   རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞུགས་སྒར་རྡ་སར་ཆེད་སྐྱོད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུ་ཡིན་པ་ཡང་བསྒྲགས་འདུག སྐུ་ཞབས་ Kumarལགས་ཀྱིས་སྐབས་དེར་ད་དུང་ཁོང་སྒེར་ངོས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གནང་གི་མེད་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཀྱང་ཁ་བྲལ་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་ཞིག་མིན་པར་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་རྒྱུ་དང་། རྒྱ་གར་གྱི་ཡུལ་མི་དང་བོད་མིས་གཙོས་པའི་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་བ་རྒྱུན་འཛིན་ཐུབ་རྒྱུ་སོགས་ལ་ཕྱག་ལས་གནང་བཞིན་ཡོད་པ་རེད་ཅེས་གསུངས་པ་དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་ཚབ་ཁང་ནས་སྒེར་ལ་ཡི་གེ་ལྔ་ཙམ་འབྱོར་བྱུང་བ་དེ་དག་ལ་ལན་འདེབས་འོས་ཤིང་འཚམས་པ་བརྒྱབ་ཡོད་ཅེས་གསུངས་ཡོད་པ་རེད།རྒྱ་ནག་གི་བྱེད་བབ་དེ་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟླ་བ་འདིའི་ཚེས་གཅིག་ཉིན་ལན་འདེབས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།རྒྱ་ནག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པར་ཡི་གེ་བཏང་བ་དེས། བོད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཚད་མཐོ་རུ་འགྲོ་དུས་རྒྱ་ནག་གཞུང་རང་བཞིན་གྱིས་དངངས་འཚབ་ལངས་ཀྱི་ཡོད་པ་གསལ་པོ་བསྟན་ཡོད་ཅེས་འགྲེལ་བརྗོད་གནང་བ་དང་འབྲེལ། ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། བོད་ཀྱི་གནད་དོན་དེ་རྒྱ་ནག་གིས་རྒྱུན་དུ་རྫུན་བསྒྲགས་བྱེད་པ་ལྟར་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་མ་ཡིན་པར་བོད་མི་རིགས་ཀྱི་ཆགས་འཇིག་གི་གནད་དོན་ཞིག་ཆགས་ཀྱི་ཡོད་ཅེས་བརྗོད་དེ་རྒྱ་ནག་གཞུང་ནས་ད་བར་དེ་འདྲ་བའི་བྱེད་སྟངས་མང་པོ་ཞིག་བྱས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་རེས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཧང་སངས་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཅེས་བསྒྲགས་པའི་ཁར། རྒྱ་གཞུང་ནས་སླར་ཡང་བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་བ་རེད་ཅེས་བརྗོད་ཡོད་ཀྱང་། དོན་དངོས་སུ་བོད་མིའི་སྒྲིག་འཛུགས་ནི་བོད་དང་། འཛམ་གླིང་གང་སར་གནས་པའི་བོད་མིའི་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཞིག་ཡིན་པར་མངོན་གསལ་གནང་འདུག གཞི་རྩའི་ཐེངས་འདིར་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག རྒྱ་ནག་གཞུང་ཚབ་ཁང་གིས་བོད་དོན་དང་འབྲེལ་བའི་གནད་དོན་ཐད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཡི་གེ་བཏང་བའི་གནད་དོན་ཐད་སྐྱོན་བརྗོད་ཤུགས་ཆེར་གནང་བ་ཙམ་མ་ཟད། ཉེ་སྔོན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཁྱབ་ཁོངས་སུ་གཏོགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ ༡༥ ཙམ་གྱི་མིང་གསར་བཟོ་བྱས་པའི་གནད་དོན་ལའང་སྐྱོན་བརྗོད་ཤུགས་ཆེར་གནང་བ་དང་འབྲེལ། རྒྱ་ནག་གཞུང་གིས་དེ་ལྟ་བུའི་བྱབ་ཆུང་གི་ལས་དོན་སྤེལ་རྒྱུའི་ཚབ་ཏུ་རྒྱ་གར་དབུས་གཞུང་དང་ལྷན་དུ་གྲོས་མོལ་བརྒྱུད་ལ་དྭགས་སུ་ཆགས་པའི་ས་མཚམས་ཀྱི་གནད་དོན་སྐོར་ཕྱོགས་གཉིས་དབར་གདོང་ཐུག་བྱུང་བཞིན་པའི་གནད་དོན་ཁག་སེལ་དགོས་ཀྱི་ཡོད་སྐོར་གསུངས་བ་དང་། གཞན་ཡང་ཉེ་ལམ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། རྒྱ་ནག་ངོས་ནས་ལ་དྭགས་སྤང་གོན་མཚོར་ཟམ་པ་འཛུགས་སྐྲུན་བྱེད་བཞིན་པའི་གནད་དོན་ཐོག་ལའང་རྒྱ་གར་གཞུང་ནས་ཐུགས་སྣང་གནང་བཞིན་པ་དང་རང་ཉིད་ཀྱི་རྒྱལ་སྲུང་སླད་དགོས་གལ་ལས་དོན་ཁག་སྤེལ་བཞིན་ཡོད་སྐོར་གསུངས་འདུག

Latest news