Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུས་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

དེ་སྔ་ཕྱི་ལོ་ ༡༩༤༨ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཉིན་མོ་ཞེས་ཡོངས་གྲགས་གཏན་འབེབས་དང། འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་འཛམ་གླིང་ནང་གི་གཞུང་སྒེར་མང་ཚོགས་ནས་དོ་ཁུར་དང་དོ་སྣང་ཡོང་ཐབས་སུ། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འབོད་ཚིག་བྱེ་བྲག་པ་ཆེད་སྒྲོག་གི་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང། འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་འབོད་ཚིག་ནི། འགྲོ་བ་མི་ཡོངས་ལ་ཆེ་མཐོང་དང་རང་དབང་། དྲང་བདེན་ཞེས་པ་དེ་ཆགས་ཡོད། འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་གྲགས་གསལ་བསྒྲགས་སྤེལ་ནས་མི་ལོའི་ ༧༥ ཧྲིལ་པོ་འཁོར་བའི་དུས་ཚིགས་འདིར། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྣི་ཁྲིད་འོག་བོད་མི་ཚོས་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་མདུན་ཐང་དུ་འདུ་འཛོམས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་རྡོག་རོལ་དང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ཀྱི་འབོད་སྒྲའི་འོག་ཞི་རྒོལ་གནང་ཡོད།སྐབས་དེར་ལས་འགུལ་ཐོག་འདུ་འཛོམས་བྱུང་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལས་ཁུངས་མདུན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་མདུན་ཐང་བར་ཕྱག་ཏུ་བོད་ཀྱི་རྒྱལ་དར་འཕྱར་ཞིང། བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དགོས། རྒྱལ་ཚོགས་གཉིད་གསོད་དགོས། བོད་ནང་མི་རིགས་ལྡེབ་གསོད་ཀྱི་སྲིད་བྱུས་ལག་བསྟར་མཚམས་འཇོག་དགོས་པ་སོགས་ཀྱི་ཤོག་བྱང་བསྣམས་ཏེ་ཞི་བའི་གོམ་བགྲོད་གནང་ཡོད།ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་ཀྱིས་གཙོས་པའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་། སུད་བོད་མཐུན་ཚོགས། ས་གནས་བེུད། ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་སོགས་ལས་འགུལ་ཐོག་མཉམ་ཞུགས་གནང་ཡོད།ས་གནས་ཀྱི་ཆོལ་ཁ་གསུམ་ཚོགས་པའི་ངོས་ནས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་ Volker Turk Michelle ལགས་ཀྱི་མཚན་ཐོག་ཏུ་བོད་ནང་གི་ཆོས་དད་རང་དབང། སྐད་ཡིག་རང་དབང། སྨྲ་བརྗོད་རང་དབང། འདུ་འཛོམས་རང་དབང་སོགས་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནད་དོན་སྤྱི་དང་སྒོས་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཕོན་ཆེ་ཆེད་འཛུགས་བྱེད་བཞིན་པའི་ཁར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་མི་ཤེས་པའི་མི་རབས་བསྐྲུན་ཐབས་བྱེད་མུས་ཡིན་པ་མངོན་གསལ་གནང་བའི་ཞུ་སྙན་ཞིག་ཕུལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།