Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་བརྒྱུད་བོད་རང་བཙན་ཉིན་མོ་སྲུང་བརྩི།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཕྱི་ཚེས་ ༡༣ ཉིན་མོ་འདི་ནི་དེ་སྔ་༸རྒྱལ་མཆོག་སྐུ་ཕྲེང་ ༡༣ པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རང་བཙན་གསལ་བསྒྲགས་བསྐྱངས་ནས་མི་ལོ་ ༡༠༩ འཁོར་བའི་དུས་ཚིགས་དང་བསྟུན། སུད་སི་གྲོང་ཁྱེར་ཇི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་ཇི་ནི་ཝ་བོད་རིགས་ཚོགས་ཆུང་གི་སྣེ་ཁྲིད་འོག་ས་གནས་ཀྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བོད་དེ་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན། བོད་ཀྱི་ལོ་རྒྱུས་ལ་བསྐྱར་ཞིབ་ཀྱིས་རྒྱ་ནག་གཞུང་གིས་འཁྱོག་བཤད་ལ་གདོང་ལེན་ཞེས་པའི་འབོད་ཚོགས་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིའི་མང་ཚོགས་ལ་བོད་ཀྱི་དངོས་ཡོད་གནས་ཚུལ་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་ཞིག་བརྒྱུད་ཉིན་མོ་དེ་སྲུང་རྩི་ཞུས་སོང་།ད་རེས་ཀྱི་ལས་འགུལ་ཐོག་སུད་སི་དང་ལིག་ཏིག་སིཌཡན་བོད་རིགས་མི་མང་ཚོགས་གཙོ་ཚོགས་གཞོན་དང་སུད་སི་སྐུ་ཚབ་དོན་གཅོད། དེ་བཞིན་ས་གནས་བོད་མི་ཁག་ཅིག་བཅས་འདུ་འཛོམས་གནང་ཡོད་པ་རེད།ལས་འགུལ་གོ་སྒྲིག་པའི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བར་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་གྱིས་བོད་ས་བཙན་བཟུང་བྱས་ནས་ད་བར་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང། བོད་མི་ཐོག་སྡུག་རྩུབ་མནར་གཅོད་དང་དྲག་གནོན་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་ལྟོས་མེད་རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ལྟ་བུས་རྒྱ་ནག་གི་འཁྱོག་བཤད་ལ་དྲིལ་བསྒྲགས་དངོས་བདེན་ལྟར་རྒྱ་ནག་ལ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བདག་དབང་སྤྲད་པར་ངོ་རྒོལ་སྐྱོན་བརྗོད་གནང་བ་མ་ཟད། རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གིས་ད་བར་བོད་མིའི་ཐོག་སྡུབ་རྩུབ་ཅན་གྱི་སྲིད་བྱུས་སྤེལ་བའི་བྱ་ངན་རྣམས་འགན་ཁུར་བཅུག་དགོས་པའི་རེ་འདུན་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།