Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་སུ་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་ཀྱིས་བོད་གནད་གླེང་བ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་ཚོགས་པའི་ Human right for a Cultural of Peace འམ་ཞི་བདེའི་རིག་གནས་ལྡན་པའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བགྲོ་གླེང་ཐོག་བོད་མིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་འཛམ་གླིང་སྤྱིར་སྨིན་པའི་བོད་ཀྱི་ཐོུང་མ་ཡིན་པའི་ནང་ཆོས་དང་འབྲེལ་བའི་བྱམས་དང་སྙིང་རྗེའི་ཐོག་ནས་འགྲོ་བ་མིའི་རིགས་ལ་འཚེ་བ་མེད་པའི་རིག་གཞུང་གི་རིན་ཐང་དང་འབྲེལ། དེ་ལྟ་བུའི་རིག་གཞུང་དེ་རྒྱ་ནག་གཞུང་གིས་བོད་ནང་རྩ་མེད་བཟོ་བཞིན་པ་མ་ཟད། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་ཛ་དྲག་ཅན་གྱི་དངོས་ཡོད་གནས་སྟངས་སྐོར་ལ་གཏམ་བཤད་གནང་ཡོད།
འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་མའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་མི་ལོ་ ༧༤ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། ཨི་ཊ་ལི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་འབྲེལ་ཐོག་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་རྒྱབ་སྐྱོར་འོག་ཇི་ནི་ཝར་རྒྱལ་ཚོགས་སུ་བསྐོང་བྱས་པ་ཞིག་ཡིན་པ་རེད། ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ཆོས་ལུགས་ཁག་གིས་མཉམ་རུབ་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་བརྒྱུད་འཛམ་གླིང་སྤྱིར་ཞི་བདེ་བསྐྲུན་ཆེད་ཡིན་པ་རེད།
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་ཀྱིས་ལགས་ཀྱིས་མ་འོངས་པར་ང་ཚོས་ཀྱང་དེ་ལྟ་བུའི་གླེང་སློང་གནང་སའི་སྡིངས་ཆ་མང་པོ་བསྐྲུན་དགོས་གལ་ཆགས་ཡོད་སྟབས། རྒྱལ་སྤྱིའི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གོ་སྒྲིག་གནང་བའི་ལྷན་ཚོགས་ཐོག་གོ་སྐབས་ཆེ་བཞེས་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་དགོས་པར་གསུངས་ཡོད།སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་སྐབས་དེའི་ལྷན་ཚོགས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ལམ་ཐོག་ནས་ཨ་རིར་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་སྩལ་བཀའ་སློབ་ཚོགས་བཅར་གཟིགས་འབུལ་ཞུས་ཡོད་པ་རེད།
སྤྱིར་སྐབས་དེའི་ལྷན་ཚོགས་ཐོག་འཛམ་གླིང་ཆོས་ལུགས་འདྲ་མིན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་དང་། དེ་བཞིན་བོད་མིའི་ངོས་ནས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། སུད་སི་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་བཅས་ལྷན་ཞུགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།