Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ལ་ཡིད་ཆེས་གནང་རྒྱུའི་དུས་རབས་དེ་རྫོགས་ཟིན་པ་རེད། 

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཨ་རིའི་གྲོས་ཚོགས་འོག་མའི་ནང་ལ་རྒྱ་ནག་ལ་གདོང་ལེན་གནང་རྒྱུའི་ཚོགས་ཆུང་ཞིག་ཆེད་འཛུགས་དང་སྦྲགས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Kevin McCarthy ལགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་ད་བར་ཨ་རིའི་དཔལ་འབྱོར་གནས་བབ་ལ་གྱོང་གུད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ། ལྷག་དོན་ཤེས་ཡོན་དང་འབྲེལ་བའི་སྒྲིག་འཛུགས་ཁག་ཏུ་ཐེ་བྱུས་སྣ་ཚོགས་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ད་རེས་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་འདི་ཉིད་གསར་འཛུགས་གནང་བ་ནས་བཟུང་སྟེ་ཨ་རིའི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་ལ་ཡིད་ཆེས་གནང་རྒྱུའི་དུས་རབས་དེ་རྫོགས་ཟིན་པ་རེད་ཅེས་གསུངས་འདུགཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Kevin McCarthy ལགས་ཀྱིས་དེ་སྔ་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་མ་གནང་བའི་སྔོན་ནས་མ་འོངས་པར་ཚོགས་གཙོའི་ལས་གནས་ཐོག་བཞུགས་མ་ཐག་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་རྒྱ་ནག་ཐོག་གི་ཚོགས་ཆུང་ཞིག་གསར་འཛུགས་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་ལྟར་ཁ་སང་ཕྱི་ཚེས་ ༡༠ ཉིན་ཚོགས་གཙོ་སྐུ་ཞབས་ Kevin McCarthy ལགས་ཀྱིས་གྲོས་ཚོགས་སུ་རྒྱ་ནག་ཐོག་གི་ཚོགས་ཆུང་ཞིག་གསར་འཛུགས་གནང་རྒྱུའི་གྲོས་ཆོད་ཆེད་བཏོན་གནང་ཡོད་པ་རེད། སྐབས་དེར་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ ༣༦༥ རྒྱབ་སྐྱོར་གནང་ཐོག་ཚོགས་ཆུང་དེ་ཉིད་གསར་འཛུགས་ཐུབ་ཡོད། སྐབས་དེར་ཚོགས་གཙོ་སྐུ་ཞབས་ Kevin McCarthy ལགས་ཀྱིས་འདས་པའི་ལོ་དུས་དེ་དག་ནང་ཨ་རིའི་ངོས་ནས་རྒྱ་ནག་ལ་བསྟུན་མཁས་ཐོག་ནས་སྲིད་བྱུས་མང་དག་ཅིག་གཏན་འབེབས་གནང་བ་དེས་རྒྱ་ནག་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབས་པར་ཕན་ཐོགས་བྱུང་ཡོད་ཀྱང་། རྒྱ་ནག་དམར་ཤོག་གཞུང་གིས་བཙན་ཤེད་དང་གཉའ་གནོན་སོགས་དྲག་པའི་ཐབས་བྱུས་སྣ་ཚོགས་བརྒྱུད་ནས་རྒྱལ་སྤྱིའི་རང་དབང་དང་མང་གཙོའི་སྤྱི་ཚོགས་ལ་ཁྱད་གསོད། ལྷག་པར་དུ་ཨ་རིའི་བདེ་འཇགས་ལ་དོ་ཕོག དཔལ་འབྱོར་དང་ཚོང་གི་གནས་བབ་ལ་གྱོང་གུད། དེ་བཞིན་ཨ་རིའི་ཤེས་ཡོན་གྱི་བསྟི་གནས་ཁག་གི་ལས་དོན་ལ་ཐེ་བྱུས་དང་ཞིབ་འཇུག་བསྟི་གནས་ཁག་གི་གནས་ཚུལ་རྐུ་འཁྱེར་བྱས་དང་བྱེད་མུས་ཡིན་པ་རེད་ཅེས་གསུངས་འདུགལྷག་དོན་ཆེད་འཛུགས་གནང་བའི་གྲོས་ཚོགས་ཀྱི་ཚོགས་ཆུང་འདིའི་ཐོག་ནས་དེ་སྔ་ཨ་རིས་རྒྱ་ནག་དམར་ཤོག་གཞུང་ལ་ཡིད་ཆེས་དང་བསྟུན་མཁས་གནང་རྒྱུའི་དུས་རབས་དེ་རྫོགས་ཟིན་པར་མ་ཟད་ཚོགས་ཆུང་གི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གི་བྱེད་བབ་དེ་དག་ལ་ཞིབ་འཇུག་ཚད་ལྡན་གནང་སྟེ་ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་ནས་ཆབ་སྲིད་ཚོགས་པའི་དབྱེ་བ་མེད་པར་མགྲིན་དབྱངས་གཅིག་གི་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་ལ་གདོང་ལེན་ནན་པོ་གནང་རྒྱུ་ཡིན་ཞེས་གསུངས་ཡོད།རྩ་བའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནི་སྐུ་ཞབས་ Kevin McCarthy ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ཐུགས་འགན་བཞེས་ཏེ་ཉིན་གྲངས་གསུམ་སོང་བའི་མཚམས་སུ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་ཚོགས་ཆུང་ཆེས་ཐོག་མ་དེ་ཡིན་པ་དང་། ཚོགས་ཆུང་དེར་ཁྱོན་ཚོགས་མི་ ༡༦ ཡོད་པའི་ནང་ནས་དགུ་སྤྱི་མཐུན་ཚོགས་པའི་འཐུས་མི་དང་བདུན་མང་གཙོ་ཚོགས་པའི་འཐུས་མི་ཡིན་པ་རེད། ཚོགས་ཆུང་གི་ཚོགས་གཙོར་ཨ་རིའི་ Wisconsin མངའ་སྡེ་ནས་ཡིན་པའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ Mike Gallagher ལགས་ཀྱི་བཞེངས་རྒྱུ་རེད་འདུག པར་བདག་དབང་། Getty Images

འབྲེལ་ཡོད་གསར་གནས།

གསར་གནས།