Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བྱང་ཆུབ་ཆེན་པོའི་མཆོད་རྟེན་དུ་གནས་གཟིགས་མཛད་པ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་ Golf cart རླངས་འཁོར་ལ་བཞུགས་ནས་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་ཆིབས་སྒྱུར་གྱིས་སྟོན་པའི་སྐུ་བརྙན་ལ་མཆོད་མཇལ་དང་ཐུགས་སྨོན་མཛད་ཡོད་པ་རེད།དེ་རིང་སྔ་དྲོ་ཕྱག་ཚོད་  ༧།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་ལྷན་རྒྱས་དང་བཅས་རྡོར་གདན་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་ཆིབས་སྒྱུར་མཛད་སྐབས་མཆོད་རྟེན་གྱི་དམིགས་བསལ་སྒོ་ཆེན་དུ་མཆོད་རྟེན་འཛིན་སྐྱོང་གི་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་ཕེབས་བསུ་དང་བཅས་སྟོན་པའི་སྐུ་བརྙན་རིན་པོ་ཆེར་མཆོད་མཇལ་མཛད་པ་དང་། སྐུ་བརྙན་རིན་པོ་ཆེའི་མདུན་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་སོགས་གསུང་འདོན་དང་ཐུགས་སྨོན་མཛད་རྗེས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་དེ་དད་ལྡན་སྟོང་ཕྲག་མང་པོར་བཀའ་ཆོས་དང་། བཀའ་སློབ་ལམ་སྟོན། མི་མང་ལ་མཇལ་ཁ་སྩལ་བ། དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས ༡ སྟེ་ཕྱི་ལོ་གསར་བཞད་དང་བསྟུན་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་ཀྱང་མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་བླ་མ་མཆོད་པའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད། ཁ་སང་ཚེས་ ༡༨ ཉིན་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་པས་མགོན་པོ་༸གང་ཉིད་མཆོག་ལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་རིག་འཛིན་ཡུལ་ཀ་བདེ་ཆེན་རྒྱལ་མོའི་སྒོ་ནས་མཁའ་འགྲོའི་བསུན་ཟློག་དང་འབྲེལ་བའི་ཆོ་གའི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པ་སོགས་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་ཞུས་ཡོད། སང་ཕྱི་ཚེས་ ༢༠ ཉིན་གྷ་ཡ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྒྱུ་དང་། ཚེས་ ༢༡ དང་ཚེས་ ༢༢ ཉིན་གཉིས་རིང་ལྡི་ལིར་མཛད་འཕྲིན་བསྐྱངས་གྲུབ་རྗེས་ཚེས་ ༢༣ ཉིན་ཧི་མཱ་ཅལ་མངའ་སྡེའི་དྷརྨ་སཱ་ལཱའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།