Tibetan Royal Year of 2151 | Year of the Wood Dragon

NBA རྩེད་འགྲན་ཐོག་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་ལོ་གསར་འཚམས་འདྲིར་སྐྱོན་བརྗོད།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བྱང་ཨ་མི་རི་ཀའི་ཁུལ་དུ་སྙན་གྲགས་ཆེ་བའི་སིལ་སྤོལ་རྩེད་འགྲན་ཐོག་རྒྱ་ནག་ཕྱི་སྲིད་བློན་ཆེན་ Qin Gang ཆིང་ཀང་གིས་བརྙན་པར་བརྒྱུད་རྒྱ་ནག་གི་ལོ་གསར་པའི་འཚམས་འདྲི་ཞུས་པའི་གནད་དོན་དེར་ཨ་རིའི་གནད་ཡོད་མི་སྣ་ཁག་ཅིག་ནས་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་དྲིལ་བསྒྲགས་ཀྱི་སྡིངས་ཆ་སྐྲུན་པ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེར་གནང་འདུགཟླ་བ་འདིའི་ཕྱི་ཚེས་ ༢༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནང་དུ་རྟེན་གཞི་བྱས་པའི་ Capital One Arena རྩེད་རའི་ནང་ Washington Wizards ཝ་ཤིང་ཊོན་ཝི་ཛརཌ་དང་ Orlando Magic ཨོར་ལན་ཌོ་རུ་ཁག་གཉིས་བར་སིལ་སྤོལ་རྩེད་འགྲན་གནང་སྐབས། རྩེད་འགྲན་གྱི་བར་སེང་སྐབས་རྒྱ་ནག་ཕྱི་སྲིད་བློན་ཆེན་གསར་པ་ Qin Gang ཆིང་ཀང་གིས་བརྙན་པར་བརྒྱུད་རྩེད་འགྲན་པ་གཙོས་ཨ་རི་ནང་གི་རྒྱ་རིགས་དང་མི་མང་རྣམས་ལ་དེ་སྔ་ཁོ་པས་ཨ་རི་ནང་རྒྱ་ནག་གཞུང་ཚབ་བྱས་སྐབས་ཀྱི་མྱོང་བ་ཁག་ཅིག་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་ལོ་གསར་པའི་ནང་ཨ་རི་དང་རྒྱ་ནག་མི་མང་བར་གྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་བ་ཡོད་པ་སོགས་ཀྱི་འཚམས་འདྲི་ཞུས་པ་ཞིག་རྒྱང་སྲིང་ཞུས་ཡོད་པ་རེད།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་ལོ་གསར་འཚམས་འདྲི་དེ་ནི་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་པོ་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག་པ་དེ་ལྟར་ཡང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio མར་ཀོ་རུ་བྷི་ཡོ་ལགས་ཀྱིས་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་ཁྲོད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ལོ་གསར་འཚམས་འདྲི་རྒྱང་སྲིང་བྱས་པ་དེ་ནི་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པས་མི་སེར་མང་པོ་ལ་ངལ་རྩོལ་དུ་སྐུལ་བ་དང་། མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་དམ་ཞེས་དྲི་བ་དང་སྦྲགས་སྐྱོན་བརྗོད་ནན་པོ་གནང་འདུགཨ་རིའི་གྲོས་ཚོགས་གོང་མའི་ལས་བྱེད་ཟུར་པ་སྐུ་ཞབས་ Michael Sobolik མ་ཡི་ཀལ་སུ་བོ་ལིཀ་ལགས་དང་ Chuck Flint ཅོག་ཕི་ལིནྚ་ལགས་རྣམ་གཉིས་ཀྱིས། NBA ངོས་ནས་དེ་ལྟར་གནང་དགོས་དོན་ནི་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་དུ་གཏོང་ཆེད་ཡིན་པ་འགྲེལ་བཤད་རྒྱག་གི་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གཞུང་ལ་ཨ་རིའི་མི་སེར་སྟོང་ཕྲག་ཁྲོད་དུ་ཆབ་སྲིད་དྲིལ་བསྒྲགས་བྱེད་པའི་གོ་སྐབས་སྤྲད་པ་རེད་ཅེས་སྐྱོན་བརྗོད་ནན་པོ་གནང་འདུག་པ་མ་ཟད། ཨ་རིའི་རྩོམ་པ་པོ་དང་ཁྲིམས་རྩོད་པ་སྐུ་ཞབས་ Gordon G. Chang གོར་ཌན་ཌང་ལགས་ཀྱིས། རྒྱ་ནག་ནང་ཨ རིའི་མི་སེར་རྣམས་ལ་རང་དབང་ལྡན་པའི་ཐོག་ནས་བཀའ་མོལ་གནང་རྒྱུའི་གོ་སྐབས་མེད་སྟབས། རྒྱ་ནག་གི་འགོ་ཁྲིད་རྣམས་ལ་ཨ་རིའི་མི་སེར་དང་ལྷན་དུ་བཀའ་མོལ་གནང་བཅུག་རྒྱུ་ཡོད་མ་རེད་ཅེས་གསུངས་འདུགགཞི་རྩའི་དེ་སྔ་ NBA ཞེས་བྱང་ཨ་རིའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱིས་རྒྱ་ནག་དང་ལག་འབྲེལ་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་རིམ་པ་བྱུང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་ Houston Rockets སིལ་སྤོལ་རུ་ཁག་གི་འགན་འཛིན་སྐུ་ཞབས་ Daryl Morey ཌེ་རི་ཡལ་མོ་རེ་ལགས་ཀྱིས་ཧོང་ཀོང་མི་མང་གི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་ཚིག་བརྗོད་ ཅིག་བརྒྱུད་སྤེལ་གནང་སྐབས་ NBA མཐུན་ཚོགས་ནས་སྐུ་ཞབས་ Morey མོ་རེ་ལགས་ཀྱི་གནང་ཕྱོགས་དེས་རྒྱ་ནག་གི་མང་ཚོགས་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་པ་སོགས་འགྲེལ་བརྗོད་བྱས་པའི་གནས་སྟངས་བྱུང་ཡོད།དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་གསར་འཛུགས་གནང་པའི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Mike Gallagher མ་ཡིཀ་གལ་ལ་གྷར་ལགས་ནས་རིང་མིན་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་གདོང་ལེན་གནང་རྒྱུ་ཡིན་པ་དང་སྦྲགས། NBA ཞེས་བྱང་ཨ་མི་རི་ཀའི་རྒྱལ་ཡོངས་སིལ་སྤོལ་མཐུན་ཚོགས་ཀྱི་གཙོ་འཛིན་ Adam Silver ཨེ་ཌམ་སིལ་ཝར་ལགས་གཙོས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཆེན་པོ་ཡོད་པའི་ཨ་རིའི་ཚོང་ལས་སྡེ་ཁག་གི་གཙོ་འཛིན་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ཐད་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འཆར་ཡོད་པ་སོགས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།