Tibetan Royal Year of 2151 | Year of the Wood Dragon

རྡོར་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ འཚོགས་བཞིན་པ།

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

རྣམ་ཀུན་བཞིན་བོད་ཟླ་ ༡༢ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེ་པོའི་དྲུང་དུ་འདི་ལོའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེར་དམིགས་པའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པ་དབུ་འཛུགས་ཀྱིས་ཉིན་བཅུའི་རིང་ཚོགས་ཀྱི་འདུགརྒྱལ་ཡོངས་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེར་དམིགས་པའི་སྨོན་ལམ་ཆེན་མོ་ཐེངས་ ༣༤ པ་དེ་ཉིད་བོད་ཟླ་ ༡༢ ཚེས་ ༡ ནས་ ༡༠ བར་དང་ཕྱི་ཟླ་ ༡ ཚེས་ ༢༢ ནས་ཚེས་ ༣༡ བར་བཅས་ཁྱོན་ཉིན་གྲངས་ ༡༠ རིང་ཚོགས་ཀྱི་ཡོད་པ་དང་། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་རྗེས་སུ་འཛིན་མཁན་རྒྱ་བལ་འབྲུག་གསུམ་གྱིས་གཙོས་པའི་ཕྱི་རྒྱལ་དུ་བཞུགས་པའི་གྲྭ་བཙུན་སྔགས་གསུམ་ཞལ་གྲངས་ ༧༠༠༠ ལྷག་ཆེད་འཛོམས་གནང་འདུགདེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་དང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མང་ཚོགས་བཅས་སྨོན་ལམ་ལ་ཆེད་ཕེབས་གནང་གི་ཡོད་པ་རེད་འདུགགསར་འགོད་པས་སྔ་འགྱུར་རྙིང་མའི་སྤྱི་འཐུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་ཞལ་པར་བརྒྱུད་ནས་སྨོན་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་སྔ་འགྱུར་རྙིང་མའི་སྨོན་ལམ་ཐོག་ཆེད་བཅར་ཞུ་མཁན་དང་སྨོན་ལམ་ཚོགས་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་སོང་།དེ་བཞིན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྨོན་ལམ་གོ་སྒྲིག་ཞུ་ཕྱོགས་དེ་སྡེ་ཚན་ལྔར་དབྱེ་ཡོད་པ་དང་། དེའང་རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས། འབྲས་ལྗོངས། བལ་ཡུལ། འབྲུག་བཅས་རྙིང་མའི་དགོན་སྡེ་ཁག་གི་རེ་མོས་ཀྱིས་ལོ་ལྔ་རེའི་མཚམས་སུ་གོ་སྒྲིག་ཐེངས་རེར་འཁོར་གནང་གི་ཡོད་པ་དང་སྨོན་ལམ་སྐབས་སུ་སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་འཇམ་དཔལ་མཚན་བརྗོད་དང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གཉིས་ཀྱིས་གཙོས་པའི་བྱང་སྡོམ་དང་སྒྲོལ་ཆོག་ལ་སོགས་པའི་སྨོན་ལམ་ཁག་ཅིག་གསུང་འདོན་གནང་བཞིན་ཡོད་པར་གསུངས་སོང་།གཞི་རྩའི་ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ཙམ་ནས་རྒྱ་ནག་ཝུ་ཧན་གྱི་གྲོང་ཁྱེར་ལས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེས་ཆེར་སོང་བའི་རྐྱེན་གྱིས་འཛམ་གླིང་གི་ས་ཕྱོགས་གང་སར་མང་ཚོགས་འདུ་འཛོམས་ཐོག་ནས་ཆོས་ལུགས་དང་ཆབ་སྲིད་ཀྱི་གནང་སྒོ་ཡོངས་རྫོགས་དུས་ཐོག་ཏུ་གནང་མ་ཐུབ་པར་ཕྱིར་བཤོལ་གནང་དགོས་པ་བྱུང་དོན་ལྟར། གནས་མཆོག་རྡོར་གདན་ཁུལ་གྱི་བོད་ཀྱི་ཆོས་བརྒྱུད་ཁག་གི་འཛམ་གླིང་སྤྱིར་སྨན་པའི་ལོ་འཁོར་གྱི་སྨོན་ལམ་ཆེན་མོ་དེ་དག་རེ་ཞིག་ཕྱིར་འགྱངས་མ་གནང་ཐབས་མེད་གྱུར་ཡོད་པ་དེ་ལྟར་ནའང་། རྒྱལ་ཡོངས་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེར་དམིགས་པའི་སྨོན་ལམ་ཆེན་མོ་དེ་ཉིད་ཆད་མེད་ཐོག་ནས་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ལྷན་ཚོགས་ཀྱི་ལམ་སྟོན་གང་གནང་བ་བཞིན་དགེ་འདུན་པ་གྲངས་བརྒྱ་ལྷག་གིས་སྤྱི་ཚོགས་རྒྱང་བཀྱེད་དང་རིམས་ནད་སྔོན་འགོག་གི་མཐུན་རྐྱེན་ཡོད་པའི་ཐོག་ནས་ཚོགས་ཡོད་པ་རེད། ཕྱི་ལོ་ ༡༩༨༩ ལོར་ཆེས་ཐོག་མར་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེར་དམིགས་པའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་དབུ་འཛུགས་གནང་བ་ནས་བཟུང་ད་བར་ཆད་མེད་ཚོགས་ཐུབ་པ་བྱུང་ཡོད་པ་རེད།རྩ་བའི་འདས་ལོ་ནང་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེ་པོའི་དྲུང་དུ་༸དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ ༣༡ པ་དང་ཇོ་ནང་བསྟན་པའི་གསལ་བྱེད་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་མཆོག་སྐུ་ཞི་བར་གཤེགས་ནས་ལོ་ངོ་ ༦༦༠ འཁོར་བའི་དུས་དྲན་དང་བསྟུན་ནས་དཔལ་ཇོ་ནང་གི་སྨོན་ལམ་ཆེན་མོ་ཐེངས་ ༡༦ པ། དེ་བཞིན་༸དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་པོ་བཅས་ཚོགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།