Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་ཁྲིམས་འགལ་ཉེན་རྟོག་ལས་ཁང་ལ་ཨ་རིའི་ནིའུ་ཡོག་ནང་ངོ་རྒོལ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

སི་པཱན་ནང་དུ་རྟེན་གཞི་བྱས་པའི་ Safeguard Defenders ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྔ་ལོར་ Patrol and Persuade ཞེས་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་དེ་སྔོན་རྒྱ་ནག་གིས་ཁྲིམས་འགལ་ཐོག་ཉེན་རྟོག་ལས་ཁང་ ༥༤ དང་ད་དུང་དེའི་ཐོག་ཉེན་རྟོག་ལས་ཁང་ ༤༨ གསར་དུ་བཙུགས་ཡོད་པ་མངོན་གསལ་གནང་ཡོད་པ་དང་སྦྲགས། ཁ་སྔོན་ཨ་རི་ནིའུ་ཡོག་ནང་རྒྱ་ནག་དེ་བཞིན་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆགས་ཡོད་སྟབས། Biden བྷཡེ་ཌན་གྱི་གཞུང་འཛིན་ནས་རྒྱ་ནག་ལ་ཡ་ལན་ནན་པོ་སྤྲོད་དགོས་པའི་དགོས་འདུན་འོག་ས་གནས་སུ་རྒྱ་ནག་གི་ཁྲིམས་འགལ་ཉེན་རྟོག་ལས་ཁང་བཙུགས་པར་ངོ་རྒོལ་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག
ཁ་སྔོན་ཕྱི་ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཨ་རི་དང་རྒྱ་ནག་ཐོག་གི་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་ Mike Gallagher ལགས་ཀྱིས་ཨ་རིའི་ནིའུ་ཡོག་གི་ China Town East broad way ནང་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་ཉེན་རྟོག་ལས་ཁང་བཙུགས་པའི་ས་ཚིགས་ཀྱི་མདུན་དུ་གསར་འགོད་ལྷན་ཚོགས་ཞིག་བསྐོང་ཚོགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་ནག་སྲིད་གཞུང་གིས་རང་དབང་ལུང་པའི་ནང་ཡོད་པའི་མང་ཚོགས་ལ་སུན་གཙེར་བཟོ་ཡི་ཡོད་དང་ཆབས་ཅིག ཨ་རིའི་རྒྱལ་ཁབ་ནང་རྒྱ་ནག་གིས་གདུག་རྩུབ་དང་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་པ་དེ་གང་དུ་འཐུས་ཤོར་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གིས་ཨ་རིའི་སྲིད་དོན་པ་དང་། ཚོགས་སྡེ་ཁག བཟོ་ཚོང་ཁང་སོགས་ལ་ཐེ་བྱུས་བྱེད་བཞིན་ཡོད་པ་ཐེར་འདོན་གྱིས་རྒྱ་ནག་གི་བྱེད་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེར་གནང་འདུག

གསར་འགོད་ལྷན་ཚོགས་ཐོག་གཞན་ཡང་གྲོས་ཚོགས་འཐུས་མི་ Neal Dunn ལགས་དང་ Ritchie Torres ལགས། གནམ་སྡེ་སྒོ་མོ་ཆེའི་ངོ་རྒོལ་སྐབས་སློབ་ཕྲུག་གི་འགོ་ཁྲིད་ཡིན་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ Fengsuo Zhou ལགས། དེ་བཞིན་ས་གནས་བོད་མི་སོགས་ནས་མཉམ་ཞུགས་གནང་བའི་ཐོག་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ནས་ནིའུ་ཡོག་ནང་རྒྱ་ནག་གིས་ཁྲིམས་འགལ་ཐོག་ཉེན་རྟོག་ལས་ཁང་བཙུགས་པའི་གནད་དོན་ཐད་ཨ་རི་གཞུང་འཛིན་ནས་དེར་བརྡ་ལེན་ངེས་པར་དུ་གནང་དགོས་གལ་ཡིན་པ་གསུངས་འདུགརྒྱ་ནག་གིས་རྒྱལ་སྤྱིའི་ཁྲོད་ཁྲིམས་འགལ་གྱི་ཉེན་རྟོག་ལས་ཁང་བཙུགས་པའི་ཁྲོད། ཨ་རིའི་རྒྱལ་ས་ནིའུ་ཡོག་ནང་གཉིས་དང་ Los Angeles ལོས་ཨེནྗེལིས་ནང་གཅིག དེ་བཞིན་ཨ་རིའི་ས་གནས་གཞན་ལའང་གཅིག་བཅས་ཁྱོན་སྡོམ་ཉེན་རྟོག་ལས་ཁང་བཞི་ཡོད་པ་རེད་འདུག ཁྲིམས་འགལ་གྱི་ཉེན་རྟོག་ལས་ཁང་དང་འབྲེལ་ཏེ་རེས་གཟའ་པ་སངས་ཉིན་གྲོས་ཚོགས་འཐུས་མི་ Mike Gallagher ལགས་ཀྱིས་ FBI ཞེས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ Christopher Wray ལགས་སུ་ཕྱག་ཡིག་ཅིག་བཏང་ཏེ། རྒྱ་ནག་གིས་དེ་ལྟ་བུའི་ཉེན་རྟོག་ལས་ཁང་བརྒྱུད་མང་ཚོགས་ལ་བཙན་སྐུལ་བྱེད་པ་དེས་ཨ་མི་རི་ཀའི་མི་སེར་དང་དེར་གནས་བཞུགས་མི་མང་གིས་ཐོབ་ཐང་ལ་རྡོག་རོལ་བཏང་ཡོད་སྐོར་ཙམ་མ་ཟད། ཨ་རིའི་ནང་དེ་འབྲེལ་ཉེན་རྟོག་ལས་ཁང་ག་ཚོད་ཡོད་མིན་ཅེས་དྲི་བ་ནན་པོ་བཏང་ཡོད་པ་རེད་འདུགཡང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐོག་འདས་པའི་གཟའ་མཇུག་ལ་རྒྱལ་ཚོགས་ཀྱིས་ Twitter དྲ་གནས་ཐོག་རྒྱ་ནག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལ་རྒྱབ་སྐྱོར་ཆེད་ཨ་སྒོར་འབུམ་བརྒྱད་ཀྱི་ཞལ་འདེབས་སྤྲད་ཡོད་སྐོར་བཀོད་འདུག་པ་དང་། དེར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཟུར་ཟ་དང་སྐྱོན་བརྗོད་བྱས་པ་དང་སྦྲགས། རྒྱལ་ཚོགས་གནང་ཕྱོགས་དེར་ཨ་རིའི་ངོས་ནས་རྒྱལ་ཚོགས་ལ་རོགས་དངུལ་གྱི་རྒྱབ་སྐྱོར་གནང་མཚམས་བཞག་དགོས་ཅེས་གསུངས་འདུགདེའི་ཁྲོད་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པ་དེ་ནི་གད་མོ་ཤོར་བའི་གནས་ཤིག་ཡིན་སྐོར་གསུངས་པ་དང་ཆབས་ཅིག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་གཞུང་གིས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་ཐུགས་སྣང་མ་གནང་བ་དེར་སྐྱོན་བརྗོད་ནན་པོ་གནང་འདུག
མ་ཟད་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་གསར་འགོད་ལས་ཁང་གིས་རྒྱ་གཞུང་གི་རྒྱལ་ཚོགས་ལ་སྤྲད་པའི་ཞལ་འདེབས་ཀྱི་དངུལ་དེས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་དང་དེ་བཞིན་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་ཞིབ་འཇུག་སླད་བེད་སྤྱོད་གཏང་དགོས་སྐོར་གྱི་དགོངས་ཚུལ་སོགས་བཏོན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།