Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་བོད་རྒྱ་གསང་བའི་བརྒྱུད་ལམ་ཞེས་པའི་དཔེ་དེབ་དབུ་འབྱེད།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཕྱི་ཚེས་ ༡༦ ཉིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བཀའ་ཟུར་དཔལ་འབྱོར་ཚེ་རིང་ལགས་ཀྱིས་བརྩམས་པའི་བོད་རྒྱ་གསང་བའི་བརྒྱུད་ལམ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་དང་བཀའ་ཟུར་དཔལ་འབྱོར་ཚེ་རིང་ལགས། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་བཅས་དབུ་བཞུགས་གཙོས། འབྲེལ་ཡོད་སྐུ་མགྲོན་ཁག་ཅིག་ཆེད་ཕེབས་ཐོག་ཕྱག་དེབ་དེ་ཉིད་དབུ་འབྱེད་གནང་སོང་།

ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་རྒྱ་གསང་བའི་བརྒྱུད་ལམ་ཞེས་པའི་དཔེ་དེབ་རྩོམ་པ་པོ་བཀའ་ཟུར་དཔལ་འབྱོར་ཚེ་རིང་ལགས་ཀྱིས་སྐུ་ཚེ་ཧྲིལ་པོ་བོད་མིའི་སྒྲིག་འཛུགས་ལ་སྲི་ཞུ་བའི་ཕྱག་ལས་གནང་སྟེ་མཐར་བགྲེས་ཡོལ་མ་ཕེབས་བར་གྱི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་སྦྲགས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐབས་དེའི་བཀའ་བློན་ཁྲི་པ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་ལ་བཀའ་འདྲི་དགོངས་སྐོར་ཞུས་ཏེ་བོད་ནང་ལ་སྐུ་སྒེར་ཐོག་ནས་ཐེངས་གསུམ་ཙམ་ཕེབས་མྱོང་ཡོད་སྟབས། ཕྱག་དེབ་འདི་ཉིད་མི་ཚེའི་ཉམས་མྱོང་དང་འབྲེལ་བའི་ཕྱག་དེབ་གནད་འགག་ཅན་ཞིག་ཆགས་ཡོད་ཅེས་གསུངས་སོང་།

དེ་བཞིན་དགེ་བཤེས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དུས་ནས་དུས་བོད་མི་རྒན་རབས་རྣམས་ལ་རང་ཉིད་ཀྱི་ལོ་རྒྱུས་དངོས་དང་འབྲེལ་བའི་དེ་བྱུང་དེབ་ཐོག་ཏུ་བཀོད་དགོས་པར་ལམ་སྟོན་ཕེབས་དོན་ལྟར། བོད་མི་རྒན་རབས་ཚོས་ད་ལྟའི་ང་ཚོའི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་ངེས་པར་དུ་ངོ་འཕྲོད་ཐབས་སུ་རང་གི་མྱོང་བ་དག་དེབ་ཐོག་ཏུ་བཀོད་རོགས་ཞེས་གཞེན་སྐུལ་ནན་པོ་གནང་སོང་།

བཀའ་ཟུར་དཔལ་འབྱོར་ཚེ་རིང་ལགས་ཀྱིས་ཁོང་ཐོག་མར་བོད་པའི་སྤྱི་ཚོགས་སུ་ཕྱག་ལས་དབུ་འཛུགས་གནང་སྐབས་དགུང་ལོ་ཆུང་ཤོས་གྲས་ཤིག་ཆགས་ཡོད་པ་དང་ད་ལྟའི་ཆར་དགུང་ལོ་བགྲེས་ཤོས་ཆགས་ཀྱི་འདུག དུས་ད་ལྟ་བར་བོད་སྤྱིའི་དོན་ལ་ཕྱག་ལས་གནང་རྒྱུ་བྱུང་བ་དེ་ནི་དགའ་སྤོབས་ཆེན་པོ་ཡོད་ཅེས་གསུངས་སོང་།

ཁོང་གིས་ད་ལྟའི་རྒྱ་ནག་གུང་ཁྲན་ཏང་གི་མགོ་ཁྲིད་ཚོས་བྱེད་སྟངས་ལ་གཞིགས་ཚེ་བོད་རྒྱའི་དཀའ་རྙོག་སེལ་བར་གྲོས་མོལ་ཞིག་ཡོང་ཐབས་གཟིགས་ཀྱི་མེད་ཅེས་གསུངས་པ་དང་ཆབས་ཅིག ལྷག་དོན་རྒྱ་གཞུང་གི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པར་ངང་སྒུག་བྱེད་བཞིན་ཡོད་སྐོར་ཐུགས་ཚོར་ཆེན་པོའི་ཐོག་ནས་གསུངས་ཡོད།

རྩ་བའི་ཕྱག་དེབ་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཟུར་གནམ་རུ་རིང་པ་དཔོན་ཚང་དཔལ་འབྱོར་ཚེ་རིང་ལགས་ཀྱིས་བོད་དང་ཧོང་ཀོང་། རྒྱ་ནག་རི་བོ་རྩེ་ལྔ་བཅས་སུ་རྒྱ་ནག་གི་གཞུང་འབྲེལ་གནད་ཡོད་མི་དང་མེས་འཚིག་མེར་གཏུག་གིས་འབྲེལ་མོལ་རིམ་ཁག་བྱས་པ་དང་འབྲེལ་བའི་ཡོངས་གྲགས་མེད་པའི་སྐབས་དུས་སོ་སོའི་འབྲེལ་མོལ་བྱུང་རིམ་གཙོ་བོར་གྱུར་པའི་ཕན་ཚུན་དབར་བཀའ་མོལ་གང་དང་གང་བྱུང་བའི་དེ་བྱུང་གནད་ཆེ་ཁག དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་མཐར་ཐུག་གང་ཡིན་དང་། བཙན་བྱོལ་བོད་རིགས་རྣམས་ཀྱི་བསམ་ཚུལ་གང་ཡོད། དེའི་ཐོག་སྒེར་གྱི་བསམ་ཚུལ་གང་ཡོད་བཅས་གསལ་བའི་ཉིན་ཐོ་དང་ཚིག་ཐོ་གཞིར་བཞག་བཀོད་པ་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།