Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་གནོན་ཤུགས་ལ་མ་བཟོད་ནས་བོད་མི་བཞིས་ལས་གནས་ནས་རྩ་དགོངས་ཞུས་འདུག

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

དེང་སྐབས་བོད་ནང་འབྲོག་ས་གྲོང་ལ་ཉེ་བ་དང་བོད་མི་རྣམས་ཀྱི་རིགས་རྫས་བསྡུ་ལེན་བྱས་ནས་ཉིན་རེ་བཞིན་བོད་ནང་གནས་བཞུགས་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཡོད་པའི་ཁྲོད་ཉེ་ཆར་ཟླ་ ༤ ཚེས་ ༣ ཉིན་བོད་ཆུ་ཤུར་རྗོང་གི་ཉེན་རྟོག་ཁང་དུ་ཕྱག་ལས་གནང་བཞིན་པའི་བོད་མི་ཉི་མ་ལགས་དང་ཀརྨ་མཚོ་མོ་ལགས། དེ་བཞིན་ཆུ་ཤུར་རྫོང་ཡུལ་ཤོག་ ༣ པའི་འགོ་ཁྲིད་དཔལ་གྲགས་ལགས་དང་ཁོང་གི་ལས་རོགས་ཡི་དམ་རྡོ་རྗེ་ལགས་བཅས་བོད་མི་བཞིས་དེང་སྐབས་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གནོན་ཤུགས་དང་དྲག་གནོན་ལ་མ་བཟོད་པར་ལས་གནས་ནས་རྩ་དགོངས་ཞུས་འདུག

འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལ་དེང་སང་བོད་ནང་རྒྱ་རིགས་ཇེ་མང་དུ་ཕྱིན་ནས་བོད་མི་མང་པོའི་ལས་ཀ་རྒྱ་རིགས་ཚོས་འཕྲོག་པར་མ་ཟད། བོད་རིགས་གཞོན་སྐྱེས་རྣམས་མཐའ་མཚམས་སྲུང་རྒྱུའི་མིང་གནས་འོག་དམག་སྡེར་བཏང་བ་དང་། བོད་པའི་གཞོན་སྐྱེས་ཕན་ཚུན་དབར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་དགོས་པའི་འགན་སྤྲད་པ། རྒྱ་གཞུང་གིས་བཀའ་བཀོད་འོག་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་དང་ཞིབ་འཇུག་གནན་པོ་བྱས་པ་དང་། འཛིན་བཟུང་གིས་འདྲི་རྩད་སོགས་མདུན་མཆོང་གི་ལས་འགན་བསྒྲུབ་དགོས་པ། ས་གནས་མང་ཚོགས་ཀྱིས་ལས་བྱེད་དེ་རིགས་ལ་ལྟ་སྟངས་ཡག་པོ་མེད་སྟབས། འཁོན་ལན་སློག་ཐབས་བྱས་པ་སོགས་ཀྱི་དཀའ་རྙོག་འཕྲད་བཞིན་རྐྱེན་བོད་མི་བཞི་པོས་ལས་འགན་ལྗིད་པོ་དང་གནོན་ཤུགས་དེ་དག་ལ་མ་བཟོད་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རྩ་དགོངས་ཞུས་པར་འགྲེལ་བརྗོད་གནང་སོང་།

 གཞི་རྩིའི་ཉི་མ་ལགས་ནི་ཆུ་ཤུར་རྗོང་གི་ཉེན་རྟོག་ཁང་ནང་ཉེན་རྟོག་པའི་ཕྱག་ལས་གནང་སྟེ་ལོ་ ༩ སོང་ཡོད་པ་དང་ཀརྨ་མཚོ་མོ་ལགས་ལོ་ ༤ ལྷག་རིང་ལས་ཀ་བྱས་ཡོད་འདུག པར་བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།