Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པར་བློ་འཚབ་གནང་འདུག

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྒྱ་ནག་གཞུང་ནས་དེང་དུས་ཀྱི་ཚད་མཐོའི་འཕྲུལ་ཆས་སྤྱོད་ནས་བོད་ནང་གི་བོད་མི་ཚོའི་རིགས་རྫས་བཙན་དབང་གིས་བསྡུ་རུབ་བྱས་པར་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་འདུག དེ་ནི་ད་བར་བོད་ནང་གི་རིགས་རྫས་བསྡུ་རུབ་སྐོར་བཀའ་མོལ་གནང་མཁན་ཨ་རི་གཞུང་གི་མཚན་གནས་ཡོད་པའི་དབུ་ཁྲིད་མཐོ་ཤོས་དེ་ཆགས་ཀྱི་ཡོད།

ཁ་སང་ཨ་རི་ནང་རྟེན་གཞི་བྱས་པའི་ Freedom House ཞེས་པའི་རང་དབང་ཁང་པའི་ལོ་འཁོར་བསྡུ་འཛོམས་ཐོག་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ལྷན་ཞུགས་གནང་སྟེ་སྐབས་དེར་བསྡུ་འཛོམས་བྱུང་བའི་གནད་ཡོད་མི་དང་འབྲེལ་ཡོད་ཚོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་གི་གནས་བབ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གལ་གནད་སོགས་ཀྱི་ཐོག་གསུང་བཤད་འདུག་པ་དང་། སྐབས་དེར་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འཕྲུལ་ཆས་ཀྱི་ཡར་རྒྱས་ཚད་མཐོ་པོ་འགྲོ་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་ཀྱང་། འཕྲུལ་ཆས་དེ་དག་ང་ཚོས་བདེ་སྤྱོད་ལོག་པར་བཏང་སྟེ་མི་སེར་གྱི་སྨྲ་བརྗོད་རང་དབང་དང་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ཀྱི་རང་དབང་སོགས་ལ་དོ་ཕོག་མི་འགྲོ་བ་བྱེད་དགོས་ཞེས་དང་། ཚོགས་པ། སྒྲིག་འཛུགས། དེ་བཞིན་སྒེར་པ་བཅས་ཡོངས་ཀྱིས་ཚད་མཐོའི་འཕྲུལ་ཆས་དེ་དག་བཟང་ཕྱོགས་སུ་སྤྱོད་པར་མཐུན་མོང་གི་ནུས་པ་སྤུངས་དགོས་ཞེས་གསུངས་འདུག

ལྷག་དོན་སྐུ་ཞབས་ Antony Blinken མཆོག་གིས་ད་ལྟའི་ཆར་སྐྱེ་དངོས་དང་འབྲེལ་བའི་འཕྲུལ་རིགས་ཡར་རྒྱས་ཚད་མཐོ་པོ་ཕྱིན་པ་དེའི་ཞན་ཆ་ནི་འཕྲུལ་རིགས་དེ་དག་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་རྒྱུར་སྤྱོད་བཞིན་པ་དེ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཚད་མཐོའི་འཕྲུལ་ཆས་དེ་དག་བེད་སྤྱོད་བྱས་ཏེ་ཤིན་ཅང་དང་། ལྷག་པར་བོད་ནང་གི་བོད་མིའི་ DNA འམ་རིགས་རྫས་བཙན་དབང་གིས་བསྡུ་རུབ་བྱས་པ་དེ་ཡིན་པ་དང་བྱ་སྤྱོད་དེ་ནི་བོད་མིའི་ཐོག་དམ་བསྒྲགས་དང་ལྟ་སྲུང་བྱ་རྒྱུའི་ཐབས་བྱུས་གསར་པ་ཞིག་ཆགས་ཡོད་ཅེས་གསུངས་འདུག

སྐུ་ཞབས་ Antony Blinken མཆོག་གིས་རྒྱ་གཞུང་གི་བྱེད་བབ་དེ་ཐེར་འདོན་གནང་མ་ཐག་ཏུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཡིས་ཨ་རི་གཞུང་གིས་གནད་དོན་དེ་ཆེད་བཟོ་བྱས་པ་ཞིག་ཡིན་སྐོར་བཤད་པ་ལས་དངོས་ཡོད་གནས་སྟངས་གང་ཡིན་གསལ་བཤད་གང་ཡང་བྱེད་མེད་པ་རེད་འདུག

གཞི་རྩའི་ཕྱི་ལོ་ ༢༠༢༢ ལོ་ལ་ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་ Citizen Lab ཞེས་པའི་དྲ་རྒྱའི་བདེ་འཇགས་ཉམས་ཞིབ་ཚན་པས་རྒྱ་ནག་གཞུང་གིས་བཙན་དབང་ཐོག་བོད་ས་ཡ་ལྷག་གི་རིགས་རྫས་དང་། Iris Scan འམ་མིག་འབྲས་རིགས་རྫས་བསྡུ་ལེན་བྱས་པའི་སྙན་ཐོ་ཞིག་འདོན་སྤེལ་དང་སྦྲགས་ཏེ། རྒྱ་གཞུང་གི་བྱེད་བབ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་མི་མང་ཚོགས་ལ་སྔར་ལྷག་སྟངས་འཛིན་བྱེད་ཆེད་ཡིན་པར་གསུངས་འདུག ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་སྒྲིག་འཛུགས་མི་ཉུང་བ་ཞིག་གིས་ཀྱང་རྒྱ་གཞུང་གི་བྱེད་བབ་ཐེར་འདོན་བྱས་པར་མ་ཟད། རྒྱ་ནག་གཞུང་ལ་རིགས་རྫས་དང་འབྲེལ་བའི་ཡོ་ཆས་ཚོང་འགྲེམས་བྱེད་མཁན་ཨ་རིའི་ Thermo Fisher ཚོང་ལས་ཁང་ལ་ངོ་རྒོལ་ཞུ་གཏུག་གནང་བའི་གནས་སྟངས་སོགས་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།