Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་ཚོགས་འདུ་དབུ་འཛུགས།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

དེ་རིང་ཕྱི་ཚེས་ ༨ ཉིན་༸བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་དམར་སྲིད་གཞུང་གི་གདུག་རྩུབ་འོག་གནས་བཞིན་པའི་བཞིན་པའི་བོད་དང་ཡུ་གུར། ཐའེ་ཝན། ཧོང་ཀོང་། ནང་སོག དེ་བཞིན་རྒྱ་རིགས་བཅས་ཀྱི་སྐུ་ཚབ་ལྷན་འཛོམས་ཀྱིས་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་བརྗོད་གཞིའི་ཐོག་ཉིན་གྲངས་གསུམ་རིང་གི་ཚོགས་ཆེན་དབུ་འཛུགས་གནང་སོང་།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ཚོགས་འདུའི་དབུ་བྱེད་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་གཙོས་པའི་རྒྱ་ནག་དམར་པོའི་གཞུང་འོག་མནར་གཅོད་མྱོང་བཞིན་པའི་མི་རིགས་ཚང་མས་སྐུ་ཚབ་ཕེབས་པའི་ཁྲོད། དེ་སྔ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ Li Xiaobo དམ་པ་ཁོང་གི་སྐུ་ཟླ་ Liu Xia ལགས་དང་། Manchuria སྐུ་ཚབ་ནས་ཀྱང་མཉམ་ཞུགས་ཀྱིས་ཁྱོན་མི་གྲངས་ ༥༠ ལྷག་འདུ་འཛོམས་གནང་འདུག

ཚོགས་འདུའི་དབུ་འབྱེད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། དེ་རིང་འདིར་ལྷན་འཛོམས་གནང་བའི་མི་རིགས་དེ་དག་རྒྱ་གཞུང་གི་གཉའ་གནོན་འོག་ཡོད་མཁན་གཅིག་མཚུངས་ཡིན་པར་བརྟེན། ང་ཚོས་ཕན་ཚུན་དཀའ་སྡུག་གི་གནད་དོན་ཇི་ཡོད་གསལ་པོར་ཤེས་ཀྱི་ཡོད། དེར་བརྟེན་ཐེངས་འདིའི་ཚོགས་འདུར་ང་ཚོ་ཚང་མ་ནུས་པ་མཉམ་སྤུངས་ཐོག་ནས་རྒྱ་ནག་ལ་གདོང་ལེན་ཇི་ལྟར་གནང་དགོས་མིན་ཐད་གྲོས་བསྡུར་བྱ་དགོས་གལ་ཡིན་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། དེ་རིང་གི་ཚོགས་འདུ་འདིའི་བརྒྱུད་ནས་རྒྱ་ནག་གཞུང་ལ་གཉའ་གནོན་བཤུ་གཞོག་འོག་གནས་བཞིན་པའི་མི་རིགས་དེ་དག་རྒྱ་གཞུང་ལ་གདོང་ལེན་ཆེད་མཉམ་རུབ་གནང་ཐུབ་ཀྱི་ཡོད་པའི་བརྡ་ལན་གཏོང་གི་ཡོད་སྐོར་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།