Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཁག་ཅིག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སློབ་སྟོན་པར་མཇལ་ཁ་སྩལ་བ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

དེ་རིང་ཕྱི་ཚེས་ ༡༤  ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སློབ་སྟོན་པ་སྐུ་ཞབས་ Ram Subhag Singh མཆོག་གིས་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ་འདུག

དེ་ཡང་མཇལ་ཁ་གྲུབ་མཚམས་སུ་འདི་གའི་གསར་འགོད་པས་སྐུ་ཞབས་ཁོང་ལ་བཅར་འདྲི་ཞུས་སྐབས་ཁོང་གིས་རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་སྐབས་ག་དུས་ཡིན་ཡང་ཚོར་བ་མ་འདྲ་བ་ཞིག་སྐྱེས་ཀྱི་འདུག་པ་དང་། དེ་རིང་༸གོང་ས་མཆོག་གིས་ང་ཚོར་༸དཔལ་ནཱ་ལན་ཌའི་རིག་པའི་གཞུང་ལུགས་དེ་དག་རྒྱུན་གནས་ཐུབ་པར་བྱ་དགོས་གལ་ཡིན་པ་ཙམ་དུ་མ་ཟད། རྨོངས་དད་དང་ཕྱོགས་ལྷུང་བྱ་རྒྱུ་མེད་པ། གནས་ཚུལ་རྣམས་ཕྱོགས་ཡོངས་ནས་ལྟ་བའི་ཐོག་ཞིབ་འཇུག་ཀྱིས་དོགས་སློང་བྱེད་པའི་བརྒྱུད་ནས་དངོས་བའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་བཀའ་སྩལ་མཛད་ཡོད་སྐོར་གསུངས་སོང་།

སྐུ་ཞབས་ཁོང་གིས་ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་སྐབས་དཀོན་མཆོག་དང་ལྷན་དུ་མཇལ་མོལ་གནང་བའི་ཚོར་བ་དང་། དེ་བཞིན་སངས་རྒྱས་དངོས་སུ་མཇལ་བ་ལྟར་གྱི་ཚོར་བ་བྱུང་སོང་བ་མ་ཟད། འཇིག་རྟེན་གྱི་ཁམས་གཞན་ལ་སླེབ་པ་ལྟ་བུའི་ཚོར་བའང་བྱུང་ཞེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ USAID ཨ་རིའི་རོགས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་གཞོན་པ་ལྕམ་སྐུ་ Isobel Coleman ཨིསོ་བེལ་ཀོལ་མན་མཆོག་གིས་གཙོས་སྐུ་ཚབ་ཚོགས་ཆུང་ཞིག་ལ་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་གཙོས་པའི་ལས་བྱེད་ཁག་ཅིག་ཀྱང་མཇལ་བཅར་ཞུས་འདུག འདི་གའི་གསར་འགོད་པས་ལྕམ་སྐུ་ Isobel Coleman ཨིསོ་བེལ་ཀོལ་མན་མཆོག་ལ་དེ་རིང་གི་མཇལ་ཁ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ལྗགས་ལེན་གང་ཡང་གནང་མ་སོང་།

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབས་ཚོགས་ཆུང་དེ་ཉིད་བོད་མིའི་སྒྲིག་འཛུགས་སུ་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དེ་བཞིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ལྷན་བཀའ་ཤག་ལས་ཁུངས་སུ་མཇལ་མོལ་གནང་ཡོད་པ་དང་། མཇལ་མོལ་གྲུབ་མཚམས་སུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་སྐོར་གྱིས་ཉིན་རྒྱབ་གཞུང་འབྲེལ་དང་གཞུང་ཁོངས་མིན་པའི་སྐུ་ཚབ་དང་ལྷན་དུ་ཚོགས་འདུ་ཚོགས་ཡོད་པ་འཁོད་འདུག

USAID ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེའི་ནང་རོགས་ཚོགས་དེའི་འཛིན་སྐྱོང་འགན་འཛིན་གཞོན་པ་ Isobel Coleman ཨི་སོ་བེལ་ཀོལ་མན་མཆོག་དང་། འཛིན་སྐྱོང་ལས་རོགས་ Michael Schiffer མཱ་ཧི་ཀལ་ཤུ་ཧི་ཕར་ལགས། ཨ་རིའི་རོགས་ཚོགས་ཀྱི་རྒྱ་གར་ཁུལ་གྱི་ཆེད་གཉེར་དོན་གཅོད་ལས་ཚབ་ Karen Klimowski ཀ་རིན་ཀི་ལི་མུ་སི་ཀི་ལགས། ལས་བྱེད་ཀྱི་གཙོ་འཛིན་གཞོན་པ་ Sonali Korde སོ་ན་ལི་ཀོར་ཊེ་ལགས། འཛིན་སྐྱོང་འགན་འཛིན་གཞོན་པའི་སློབ་སྟོན་པ་རྒན་པ་ Sophia Lalani སོ་ཕི་ཡ་ལ་ལ་ནི་ལགས། འཛིན་སྐྱོང་འགན་འཛིན་གཞོན་པའི་དམིགས་བསལ་ལས་རོགས་ Emily Green ཨི་མི་ལོ་གྷི་རིན་ལགས། བཅས་ཡོད་པ་རེད།

གཞི་རྩའི་ USAID  ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་འདི་ཉིད་༸བཞུགས་སྒར་དུ་ཁ་སང་དང་དེ་རིང་བཅང་ཉིན་གྲངས་གཉིས་ཀྱི་རིང་འཚམས་གཟིགས་སུ་ཕེབས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།