Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་བྱང་ཨ་རི་དང་ཡོ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་ཉིན་རྒྱབ་ནས་ཕྱི་ཟླ་ ༡༢ ཚེས་ ༣ བར་ཁེ་ན་ཌ་དང་ཨ་རི། སི་པེན། དེ་བཞིན་ Austria ཨོ་སི་ཊི་ཡ་དང་ཧྥ་རན་སི་བཅས་ཀྱི་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་དང་འབྲེལ། རྒྱལ་སྤྱིའི་གླེང་སྟེགས་ཁག་གཅིག་ཐོག་གསུང་བཤད་གནང་གི་ཡོད་པ་རེད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་སྐྱོང་མཆོག་ཁ་སང་ཉིན་རྒྱབ་བཞུགས་སྒར་ནས་ཁེ་ན་ཌར་ཆིབས་ཐོན་གནང་སྟེ། སང་ཉིན་ཕྱི་ཚེས་ ༡༧ ནས་ ༡༩ བཅས་ཁུལ་དེར་ཚོགས་འཆར་ཡོད་པའི་ Halifax International Security Forum ཞེས་ཧེ་ལི་ཧྥེཀས་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་གནང་རྒྱུ་དང་། འདི་ཚེས་ ༢༠ ནས་ ༢༣ བར་ཉིན་གྲངས་བཞིའི་རིང་རྒྱལ་ས་ Ottawa ཨོ་ཊ་ཝར་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་ཙམ་མ་ཟད། ཁུལ་དེར་གནས་སྡོད་བོད་རིགས་མང་ཚོགས་དང་ཐུགས་འཕྲད་ཀྱིས་གསུང་བཤད་ལས་རིམ་ཁག་ཡོད་པ་རེད་འདུག

དེའི་རྗེས་སྲིད་སྐྱོང་མཆོག་ཨ་རི་ Minnesota མི་ཎི་སོ་ཊར་འཚམས་གཟིགས་ཁྲོད་བོད་མི་དང་ཐུགས་འཕྲད་རྗེས། ཕྱི་ཚེས་ ༢༧ ནས་ ༣༠ བར་ Spain སི་པེན་གྱི་རྒྱལ་ས་ Barcelona བྷར་སི་ལོ་ན་དང་། Austria ཨོ་སི་ཊི་རྒྱལ་ས་ Vienna ཝི་ཡེ་ཎ་བཅས་ཀྱི་ནང་དུ་ཕྱོགས་ཕེབས་གནང་གི་འདུག དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༡ དང་ ༢ བཅས་སུ་ཧྥ་རན་སི་རྒྱལ་ས་ Paris པེ་རིས་ནང་དུ་གཞུངས་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་བཅས་དེ་དག་གྲུབ་རྗེས་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་རྒྱུ་ཡིན་པ་རེད་འདུག

ཐེངས་འདིའི་སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཀྱང་ཟླ་བ་འདིའི་ཕྱི་ཚེས་ ༡༤ དབུ་འཛུགས་ཀྱིས་ཚེས་ ༢༡ བར་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེཎྜ་ནང་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་ཐོབ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་རེད།

དེའང་ཁ་སང་ཕྱི་ཚེས་ ༡༥ ཉིན་ཕྱི་དྲིལ་བཀའ་བློན་མཆོག་སིཊ་ནི་གྲོང་ཁྱེར་ནང་གི་ Lowy Institute ཞེས་ལོ་ཝི་བསྟི་གནས་ཁང་གི་ཆེད་མཁས་པ་ Richard McGregor རི་ཅཊ་མེག་གི་རི་གོར་ལགས་གཙོས་པའི་ཆེད་མཁས་པ་ཁག་ཅིག་ལྷན་གྲོས་མོལ་གནང་ཡོད་པ་དང་། དེ་རྗེས་ས་གནས་ Ashfield ཨེཤ་ཧྥིལཌ་ནང་དུ་རྟེན་གཞི་བྱས་པའི་ Bill Crews Foundation བྷིལ་ཀི་རུ་ཐེབས་རྩ་ཁང་དུ་ཆེད་ཕེབས་ཀྱིས་ Bill Crews བྷིལ་ཀི་རུ་ལགས་དང་མཇལ་འཕྲད་གནང་གྲུབ་རྗེས། རྒྱལ་ས་ Canberra ཁེན་བྷེ་ར་རུ་ཕེབས་འབྱོར་བྱུང་འདུག

གཞན་ཡང་དེ་རིང་ཕྱི་ཚེས་ ༡༦ ཉིན་ཕྱི་དྲིལ་བཀའ་བློན་གིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Simon Birmingham སི་མོན་བྷིར་མིང་གྷམ་ལགས་དང་། ཨོསྟྲེ་ལི་ཡཱའི་གྲོས་ཚོགས་ཀྱི་བདེ་འཇགས་དང་གསང་བ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Peter Khalil ལགས་དང་མཇལ་འཕྲད་ཀྱིས་བོད་དོན་སྙན་སེང་དང་གོ་བསྡུར་གནང་ཡོད་པ་མ་ཟད། དེའི་རྗེས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁུལ་དེའི་གྲོས་ཚོགས་ནང་དུ་བོད་ཀྱི་གནད་སྡུས་བཅས་ཀྱི་བརྗོད་གཞི་ཐོག་ལས་རིམ་གོ་སྒྲིག་ཞུས་ཡོད་པར་སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་བོད་རྒྱ་གྲོས་མོལ་གྱི་གནས་བབ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་མིའི་ངོས་ནས་ཨོསྟྲེ་ལི་ཡཱ་གཞུང་ལ་རེ་བ་གང་རེ་བཅངས་ཀྱི་ཡོད་པ་བཅས་ཀྱི་ཐོག་ལ་བཀའ་མོལ་གནང་འདུག

པར་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།