Tibetan Royal Year of 2151 | Year of the Wood Dragon

ཁམས་སྡེ་དགེའི་ནང་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་བྱས་འདུག

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

སྡེ་དགེ་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་བོད་མི་མང་དག་འདུ་འཛོམས་ཀྱིས་རྫོང་དེའི་ཁོངས་གཏོགས་འབྲི་ཆུའི་ཆུ་རྒྱུན་དུ་རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་དང་ཡུལ་མི་རྣམས་བཙན་གྱིས་གནས་སྤོ་བྱེད་དུ་བཅུག་བཞིན་པར་མཚམས་འཇོག་ཡོང་སླད་ངོ་རྒོལ་ལས་འགུལ་སྤེལ་འདུག

ཡུལ་དངོས་ཀྱི་བརྙན་ཐུང་ཁག་ཅིག་སྤྱི་ཚོགས་དྲྭ་ལམ་གང་སར་བརྒྱུད་སྤེལ་བྱེད་བཞིན་ཡོད་པའི་ནང་གསལ་ལྟར་ན། ཁ་སང་ཕྱི་ཚེས་ ༡༤ ཉིན་སྡེ་དགེ་རྫོང་གི་བོད་མི་མང་དག་ཅིག་རྫོང་དེའི་ས་གནས་རྒྱ་ནག་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་འདུ་འཛོམས་གནང་སྟེ། རྫོང་སྲིད་གཞུང་གི་འགོ་ཁྲིད་ཚོར་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་མོས་མཐུན་མེད་པར་ལས་གཞི་དེ་མཚམས་འཇོག་བྱ་དགོས་པ་དང་། དེ་བཞིན་ས་གནས་མི་མང་གནས་སྤོས་མི་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་བར་བརྟེན། སྒྲིག་ཆས་སྤྲས་པའི་ཉེན་རྟོག་པ་དང་གཞུང་གི་ལས་བྱེད་སོགས་ཀྱིས་བཀག་འགོག་བྱེད་ཀྱིན་ཡོད་པ་མངོན་གྱི་འདུག་ལ། སྐབས་དེར་ས་གནས་བོད་མི་རྣམས་ཀྱིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་མཚམས་འཇོག་བྱེད་རོགས། དགེ་བ་ཡོད། ཁ་དྲོ་ཞེས་རེ་འབོད་གནང་བཞིན་པར་རྫོང་གི་ལས་བྱེད་ཁག་ཅིག་གིས་གནད་དོན་འདིའི་ཐད་སྡེ་དགེ་རྫོང་ལ་ཐག་གཅོད་ཀྱི་དབང་ཆ་མེད་སྐོར་བརྗོད་ནས་མི་དམངས་ལ་སྐད་ཅོར་མ་རྒྱག་ཟེར་བཞིན་པ་གོ་རྒྱུ་འདུག

རྩ་བའི་གནས་ཚུལ་དེ་རྒྱུས་མངའ་ཡོད་མཁན་ཕ་ཡུལ་སྡེ་དགེ་ནས་ཡིན་པའི་བཙན་བྱོལ་ནང་གི་བོད་མི་ཞིག་གིས་གསར་ཁང་ཁག་ལ་འགྲེལ་བརྗོད་གནང་བར་གཞིགས་ན། འདས་པའི་ལོ་བཅུ་གྲངས་ནས་རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ནང་གློག་ཁང་ཆེན་གྲས་གསར་རྒྱག་གི་ལས་གཞི་སྤེལ་ཆེད་རྫོང་དེའི་ནང་གི་འབྲི་ཆུའི་བཞུར་རྒྱུན་བཀག་ཏེ། དབོན་པོ་སྟོད་ཤང་ཁག་གཉིས་དང་དགོན་ཁག་དྲུག་ཡོད་པ་དེ་དག་ཚང་མ་ས་གནས་གཞན་ལ་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། འདི་ཚེས་ ༡༤ ཉིན་རྫོང་དེའི་ཁོངས་གཏོགས་བོད་མི་ཧ་ཅང་མང་པོས་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་སོང་ནས་ངོ་རྒོལ་ལས་འགུལ་དེ་སྤེལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།