Tibetan Royal Year of 2151 | Year of the Wood Dragon

གྲོས་ཆོད་ཁག་ ༧ གཏན་འབེབས་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་རེ་ཞིག་མཇུག་སྒྲིལ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

Belgium སྦེལ་ཇི་ཡམ་གྱི་རྒྱལ་ས་  Brussels སྦར་སིལ་ནང་ཉིན་གྲངས་གསུམ་རིང་ཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་ཐོག་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་འགྱུར་བའི་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་ཐོག་ལག་བསྟར་དགོས་པའི་གྲོས་ཆོད་ཁག་ ༧ གཏན་འབེབས་ཀྱིས་ཁ་སང་ཚོགས་འདུ་རེ་ཞིག་མཇུག་སྒྲིལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ Brussels སྦར་སིལ་སྐུ་ཚབ་དོན་ཁང་། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་དང་ས་གནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག  རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་ཟླ་བ་འདིའི་ཚེས་ ༢༣ ནས་ ༢༥ བར་ Brussels སྦར་སིལ་ནང་ཚོགས་ཡོད་ཅིང་། ཚོགས་ཆེན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གཙོས་པའི་ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ། དེ་བཞིན་བོད་མི་མང་སྤྱི་འཐུས་ཁག་གཅིག་དང་སྐུ་ཚབ་དོན་གཅོད་རྣམ་པ། ལྷག་དོན་རྒྱལ་སྤྱིའི་རྒྱལ་ཁབ་ ༤༠ ལྷག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་བཅས་ནས་ལྷན་བཞུགས་གནང་ཡོད་པ་རེད།

སྐབས་དེར་ཚོགས་བཅར་བ་རྣམས་ནས། རྒྱ་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། བོད་ནང་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་སོགས་ཀྱི་བརྒྱུད་བོད་ཀྱི་ཆོས་རིག་དང་སྐད་ཡིག་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་པ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཐེ་བྱུས།  ལྷག་པར་ད་ལྟའི་ཆར་བོད་སྡེ་དགེ་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ནས་བཙན་བཀའ་བཏང་བ་དེ་བཟློག་ཐབས་སླད་ཞུ་གཏུག་གནང་མཁན་བོད་མི་ ༡༠༠༠ ལྷག་ཁྲིམས་འགལ་གྱིས་འཛིན་བཟུང་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ། ༸ཀུན་གཟིགས་པན་ཆེན་རིན་པོ་ཆེས་དབུས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་རྒྱ་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་སོགས་ཀྱི་ངན་སྤྱོད་དང་འབྲེལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཡིན་པ་སོགས་ཀྱི་དགོས་འདུན་བཏོན་འདུག

ཚོགས་བཅར་བ་རྣམས་ནས་བོད་མིའི་རང་དབང་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་དང་སྦྲགས། མ་འོངས་ལག་བསྟར་དགོས་པའི་གྲོས་ཆོད་ཁག་བདུན་གཏན་འབེབས་གནང་འདུག

ཁ་སང་ཚོགས་འདུ་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་ཚོགས་འདུར་ཆེད་བཅར་ཞུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ལས་གཏིང་ཟབ་པ་ཞིག་ཏུ་ངོས་འཛིན་གནང་དགོས་གལ་དང་འབྲེལ། ད་བར་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་། རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་དགོས་པ་གསུངས་འདུག

France གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Jacqueline Eustache-Brinio ལགས་ཀྱིས་ཁོང་ཡུལ་དེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པའི་ཆ་ནས་ཡུལ་དེའི་གཞུང་འཛིན་པ་རྣམས་ལ་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་བོད་མི་སྐྱབས་བཅོལ་ཞུ་མཁན་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་སོགས་གསུངས་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་སྐུ་ཚབ་དོན་གཅོད་རྣམ་པ་ལྷན་བཞུགས་གནང་བ་དང་བསྟུན།  Belgium སྦེལ་ཇི་ཡམ་ནང་དུ་ཟླ་བ་འདིའི་ཚེས་ ༢༧ ནས་ ༢༩ བར་ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་གཉིས་མཉམ་བཞུགས་ཐོག་སྐུ་ཚབ་དོན་གཅོད་ཀྱི་ཚོགས་འདུ་ཞིག་འཚོགས་གཏན་འཁེལ་འདུག་ལ། དེའི་ཐོག་སྐུ་ཚབ་དོན་གཅོད་རྣམ་པ་ ༡༣ ཕན་ཚུན་དབར་བསམ་ཚུལ་བརྗེ་ལེན་དང་། ཆབ་སྲིད་དང་འཛིན་སྐྱོང་སོགས་མ་འོངས་ལས་དོན་གནང་ཕྱོགས། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་དགུ་སྟོན་དང་འབྲེལ་བའི་རྒྱལ་སྤྱིའི་ཐོག་ལས་དོན་སྤེལ་ཕྱོགས་བཅས་ཀྱི་ཐོག་ཉིན་གྲངས་ ༢ རིང་ཟབ་སྦྱོང་དང་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།