Tibetan Royal Year of 2151 | Year of the Wood Dragon

རྒྱ་རིགས་སྟོང་ཕྲག་མང་པོ་ཨ་རི་ནང་ཁྲིམས་འགལ་ཐོག་གནས་སྤོ་བྱེད་བཞིན་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཉེ་ཆར་རྒྱ་ནག་ནས་རྒྱ་རིགས་སྟོང་ཕྲག་མང་པོ་འཚོ་གནས་དཀའ་ངལ་དང་། ཆོས་དད་རང་དབང་མེད་པ། དེ་བཞིན་སྨྲ་བརྗོད་ཐོབ་ཐང་མེད་པ་སོགས་ཀྱི་རྐྱེན་པས་འུ་ཐུག་ཐབས་ཟད་ཀྱིས་རང་ཡུལ་ལས་གྱར་ཏེ་ཕྱི་རྒྱལ་ཨ་རིའི་ས་ཁུལ་དུ་ཁྲིམས་མཐུན་མ་ཡིན་པའི་ཐོག་གནས་སྤོ་བྱེད་བཞིན་འདུག

Chinese Migrants
Image Credit: Al Jazeera

དེ་ཡང་ཟླ་བ་འདིའི་ཚེས་ ༢༢ ཉིན་ Al Jazeera གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། ལོ་ཤས་ནས་ཨ་རིར་གནས་སྤོ་གནང་མཁན་གྱི་མི་རིགས་ Venezuelans དང་ Haitians སོགས་ལས་ལྡོག་སྟེ་རྒྱ་རིགས་གནས་སྤོ་བ་རྣམས་དམིགས་བསལ་གྱི་ཉེན་ཁ་ཚ་པོའི་མངའ་ཁུལ་ Colombiaནས་ Panama དང་ Mexico ས་མཚམས་བརྒྱུད་དཀའ་སྡུག་ཆེན་པོའི་ངང་ཨ་རིར་འཚོ་གནས་ཡར་རྒྱས་དང་། གཞི་རྩེའི་རང་དབང་སྤྱོད་རྒྱུའི་རེ་བ་བཟང་པོར་དམིགས་ཏེ་གནས་སྤོ་བྱེད་བཞིན་པ་གསལ་འདུག

Chinese migrants
Image Credit: Al Jazeera

སྤྱི་ལོ་ ༢༠༢༣ ལོར་ཨ་རིར་ཁྲིམས་འགལ་ཐོག་གནས་སྤོ་བྱས་པའི་རྒྱ་རིགས་མི་གྲངས་ ༣༧༠༠༠ ལྷག་ཨ་རིའི་ས་མཚམས་ཉེན་སྲུང་བས་འཛིན་བཟུང་བྱེད་ཡོད་པ་དང་། གྲངས་འབོར་དེ་ཉིད་སྤྱི་ལོ་ ༢༠༢༢ ལས་ལྡབ་བཅུའི་མང་བ་དང་འདས་པའི་ལོ་བཅུ་ཕྲག་ལས་ལྡབ་གཉིས་ཀྱི་མང་བ་སྟེ། ཨ་རིར་ཁྲིམས་མཐུན་མ་ཡིན་པའི་ཐོག་གནས་སྤོ་བྱེད་མཁན་གྱི་མི་རིགས་མང་ཤོས་གྲས་ཤིག་ཆགས་འདུག

Chinese Migrants
Image Credit: Al Jazeera

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ཡིན་པ་ Panama-Darian རྒྱལ་སྤྱིའི་གནས་ཡུལ་སྤོ་བཤུད་ལྟ་རྟོག་ འགན་འཛིན་ Giuseppe Loprete ལགས་ཀྱིས་གོང་གི་གནས་སྟངས་དེ་ཉིད་ཆེས་གསར་པ་ཡིན་པ་དང་། གནས་སྤོ་བའི་གྲངས་ནམ་རྒྱུན་ལས་ལྷག་པར་ཕོན་ཆེ་བ་ཡོད་པའི་རྒྱུ་མཚན་གྱིས་ས་ཁུལ་དེའི་ནག་ཚོང་རྒྱག་མཁན་རྣམས་ལ་ཚོང་ལས་ཆེན་པོ་ཞིག་ཏུ་འགྱུར་ཡོད་པ་གསུངས་འདུག

རྒྱ་རིགས་གནས་སྤོ་བ་ཁ་ཅིག་གིས་གསུངས་དོན་ལ་རྒྱ་ནག་ནང་ད་ཆ་དཔལ་འབྱོར་གྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། སྨན་བཅོས་ལྟ་སྐྱོང་གི་ཆ་རྐྱེན་ཞན་པ། བུ་ཕྲུག་རྣམས་སློབ་གྲྭར་གཏོང་རྒྱུའི་གོ་སྐབས་དཀོན་པ། གཞུང་གིས་འབངས་མི་སེར་ལ་བཙོན་རར་བཅུག་པའི་དུད་འགྲོ་ལྟ་བུའི་ལྟ་ཚུལ་ལ་སོགས་ཀྱི་རྐྱེན་པས་ཁོང་རྣམས་ལ་ཨ་རིར་གནས་སྤོ་བྱ་རྒྱུ་ལས་ཐབས་ལམ་གཞན་གང་ཡང་མེད་པ་འགྲེལ་བརྗོད་གནང་འདུག

Chinese migrants
Image Credit: Al Jazeera

སྤྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་བཙན་གནོན་ལས་བྲོས་བྱོལ་ལ་ཕྱིན་པ་སྒྱུ་རྩལ་བ་དང་ཐབས་རྩོད་པ་ Ai Weiwei ལགས་ཀྱིས་ Aljazeera གསར་ཁང་ལ་གནས་ཡུལ་སྤོ་བཤུད་ཀྱི་མངོན་ཚུལ་འདིས་རྒྱ་ནག་མི་མང་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བློ་འགེལ་གྱི་ཚད་ཉམས་རྒུད་དུ་འགྲོ་ཡི་ཡོད་པའི་རྟགས་མཚན་གསལ་པོ་ཡིན་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།