Tibetan Royal Year of 2151 | Year of the Wood Dragon

སྲིད་བློན་ Modi མཆོག་གིས་ Arunachal ཁུལ་གྱི་ཕྱོགས་བསྐྱོད་ལ་རྒྱ་གཞུང་གིས་ངོ་རྒོལ།

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

རྒྱ་གར་གྱིས་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཡོད་སའི་འཕགས་བོད་ས་མཚམས་སུ་དམག་སྒར་གསར་རྒྱག་གཙོས་པའི་འཛུགས་བསྐྲུན་ལས་གཞིར་གདོང་ལེན་གྱི་ཚུལ་དུ་འཕགས་བོད་གཉིས་ཀྱི་ས་མཚམས་སྲུང་སྐྱོབ་སླད་འགྲོ་གྲོན་འཕོན་ཆེ་ཆེད་གཏོང་གིས་འཐའ་མཚམས་དང་འབྲེལ་བའི་ལས་གཞི་མང་དག་ཞིག་སྤེལ་བཞིན་པའི་ཁྲོད། ཉེ་ལམ་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་ Arunachal ཁུལ་དུ་གཞུང་འབྲེལ་ཆེད་ཕེབས་གནང་སྟེ་རྒྱལ་སྲུང་སྲ་བརྟན་གཏོང་རྒྱུའི་སླད་ Sela སེ་ལ་ཕུག་ལམ་གཙོས་འཛུགས་བསྐྲུན་ལས་གཞི་གཞན་ཁག་ཅིག་དབུ་འབྱེད་གནང་བར་རྒྱ་གཞུང་གིས་སྐྱོན་བརྗོད་ནན་པོ་དང་འབྲེལ། Arunachal ས་ཁུལ་དེ་བཞིན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་བཤད་འདུག

Modi Viist Tawang

དེའང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེར་གཞུང་འབྲེལ་ཆེད་ཕེབས་གནང་སྟེ་ཁུལ་དེར་ཡོད་པའི་རྒྱ་གར་གྱི་མཐའ་དམག་གི་དཔོན་རིགས་རྣམས་དང་ཐུག་འཕྲད་དང་འབྲེལ། BRO འམ་མཐའ་མཚམས་ཀྱི་གཞུང་ལམ་འཛུགས་སྐྲུན་དོ་དམ་ལས་ཁུངས་ཀྱིས་སྣེ་ཁྲིད་འོག་ Sela ཕུག་ལམ་དང་གཞན་འཛུགས་བསྐྲུན་ལས་གཞི་ཁག་ཅིག་དབུ་འབྱེད་གནང་ཡོད་པ་དང་སྐབས་དེར་ Modi མཆོག་གིས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཆེ་བའི་ཨ་རུ་ནཱ་ཅལ་ཁུལ་དུ་དབྱར་དགུན་གཉིས་སུ་འགྲུལ་བཞུད་གནང་རྒྱུ་ཡོད་པའི་གནས་སྟངས་ཤིག་བསྐྲུན་ཐབས་སུ་ད་རེས་ Sela ཕུག་ལམ་དེ་ཉིད་གཙོས་གཞན་ས་མཚམས་ཉེན་སྲུང་གནང་ཐབས་དང་འབྲེལ་བའི་ལས་གཞི་ཁག་དབུ་འབྱེད་གནང་ཡོད་པ་བསྒྲགས་སྟེ་ལས་གཞི་དེ་དག་གིས་དམག་འཐབ་ཀྱི་ལས་དོན་གཙོ་བོར་འགྱུར་བའི་སྤྱི་ཚོགས་དང་དཔལ་འབྱོར་ལའང་ནུས་ཤུགས་འཕར་མ་བསྐྲུན་ཐུབ་ཀྱི་ཡོད་པ་སོགས་ཀྱི་གཏམ་བཤད་གནང་ཡོད་འདུག

ཐེངས་འདིའི་སྲིད་བློན་ Modi མཆོག་གིས་ Arunachal མངའ་སྡེར་ཕྱོགས་བསྐྱོད་ལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཟེར་བས་སྐྱོན་བརྗོད་ནན་པོ་དང་འབྲེལ། ཨ་རུ་ན་ཅལ་མངའ་སྡེ་དེ་ནི་ལོ་རྒྱུས་དང་འཛིན་སྐྱོང་བཅས་གང་སྤྱིའི་ཐད་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྟབས། ས་ཁུལ་དེ་དག་ལ་ཕྱོགས་བསྐྱོད་ཕེབས་པའི་ལས་དོན་དང་འཛུགས་བསྐྲུན་གྱི་ལས་གཞི་སྣ་མང་སྤེལ་བར་ངོ་རྒོལ་ཡོད་ཅེས་དང་། བྱེད་ཕྱོགས་དེས་དེ་སྔ་ནས་རྙོག་འཛིང་ཆེ་བའི་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་དཀའ་རྙོག་དེ་བཞིན་ཇེ་ཆེར་གཏོང་ངེས་ཡིན་ཚུལ་སོགས་ཀྱི་ཉེན་བརྡ་བཏང་འདུག

གནད་དོན་དེ་དང་འབྲེལ་ཁ་སང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Randhir Jaiswal ལགས་ཀྱིས་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་ཡིན་ཚུལ་དང་དེར་ཁྲིམས་འགལ་ཐོག་ནས་ Zangnan ཞེས་མིང་བཏགས་ཡོད་པ་སོགས་ལུང་འདྲེན་གྱིས་ཨ་རུ་ནཱ་ཅལ་མངའ་སྡེ་ནི་འདས་མ་ད་གསུམ་ནས་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས་རྒྱ་གཞུང་གིས་ཁུལ་དེའི་ས་གནས་ཁག་ལ་མིང་གསར་པ་བཏགས་པ་དང་སྲིད་བློན་ Modi  མཆོག་གི་ཕྱོགས་བསྐྱོད་ལ་གཞུང་འབྲེལ་སྐྱོན་བརྗོད་ཀྱི་ལས་དོན་ཁག་གིས་དངོས་ཡོད་གནས་བབ་དེར་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག

གཞི་རྩའི་རྒྱ་གར་གྱི་སྲིད་བློན་ Modi མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེར་གཞུང་འབྲེལ་ཆེད་ཕེབས་གནང་བའི་ཁྲོད་འགྲོ་གྲོན་ཨ་སྒོར་ཁྲག་ཁྲིག་ ༥༥༦༠༠ མ་ཟིན་ཙམ་གྱི་མཐའ་མཚམས་དང་འབྲེལ་བའི་ལས་གཞི་ཁག་ཅིག་དབུ་འཛུགས་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་དང་འབྲེལ། ཕྱོགས་བསྐྱོད་ཁྲོད་དབུ་འབྱེད་གནང་བའི་ Sela ཕུག་ལམ་ཞེས་པ་དེ་རྒྱ་མཚོ་ནས་ཕི་ཊི ༡༣༠༠༠ ཙམ་གྱི་སར་ཆགས་ཡོད་པ་དང་རྒྱལ་སྤྱིའི་སྟེང་མཚེ་མ་ཕུག་ལམ་རིང་ཤོས་དེ་ཆགས་ཀྱི་ཡོད་པ་དང་ཆབས་ཅིག དེས་ Tawang གྱི་གཙོས་ཁུལ་དེར་དབྱར་དགུན་གཉིས་སུ་འགྲུལ་བཞུད་ལས་སླ་རུ་གཏོང་གི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།