Tibetan Royal Year of 2151 | Year of the Wood Dragon

ཨ་རི་དང་ཁེ་ན་ཌ་གཉིས་ནུས་པ་མཉམ་སྤུངས་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༡༢ ཉིན་ཁེ་ན་ཌར་རྟེན་གཞིས་བྱས་པའི་ Ottawa གཙུག་ལག་སློབ་གཉེར་ཁང་དང་ཨ་རིའི་གཞུང་ཚབ་ལས་ཁང་། དེ་བཞིན་ Canada Tibet Committee ཞེས་ཡུལ་དེའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསུམ་གྱི་གོ་སྒྲིག་འོག་ China’s Assimilationist Policies Targeting Tibetan Language, Culture and Religion འམ་རྒྱ་གཞུང་གིས་བོད་ཡོངས་རྫོགས་རྒྱ་སྒྱུར་འམ་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་འོག་བོད་མི་རྣམས་རང་གི་ཕ་མེས་ཡང་མེས་ཀྱི་སྐད་དང་རིག་གཞུང་། ཆོས་ལུགས་དང་བཅས་ལ་འབྲེལ་ཐག་རིང་དུ་གཏོང་བཞིན་པའི་བརྗོད་གཞིའི་ཐོག་གཏམ་བཤད་ལས་རིམ་ཞིག་ཚོགས་འདུག

US Canada Support for Tibetans

Ottawa གཙུག་ལག་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་པའི་ལས་རིམ་དེའི་ཐོག་སྐུ་མགྲོན་གཙོ་བོ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ཨཛ་རཱ་ཛི་ཡཱ་མཆོག་དང་ Global Affairs Canada ཞེས་ཡུལ་དེའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ Joya Donnelly ལགས་རྣམ་གཉིས་ཀྱིས་དབུས་པའི་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་སྲིད་བྱུས་ཉམས་ཞིབ་པ་ཁག་གཅིག ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས། ཉེ་ཆར་ Meritorious Service Cross ཞེས་ཁེ་ན་ཌའི་ཆེ་མཐོང་གི་གཟེངས་རྟགས་མཐོ་ཤོས་བཞེས་མཁན་རབ་རྒྱས་ཁྱིམ་ཚང་གི་ཌོག་ཊར་བཀྲ་ཤིས་རབ་རྒྱས་ལགས། དེ་བཞིན་ས་གནས་བོད་མི་བཅས་ནས་ལྷན་འཛོམས་གནང་ཐོག་ཡུལ་དེའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྙན་ཐོ་ཞིག་འདོན་སྤེལ་གྱིས་ཨ་རི་དང་ཁེ་ན་ཌ་གཉིས་ཀྱིས་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་ཞལ་བཞེས་གནང་བ་བཞིན་མཉམ་ལས་གོང་མཐོར་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་མ་ཟད། ད་ལྟའི་བོད་ནང་གི་ཆེས་ཛ་དྲག་གི་གནས་སྟངས་འོག་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་དང་ཐུགས་སྣང་ཡོང་བའི་ཞུ་སྐུལ་གནང་འདུག

US Canada Support for Tibetans

སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya ཨ་ཛི་རཱ་ཛི་ཡཱ་མཆོག་གིས་གཏམ་བཤད་ཀྱི་ཐོག་མར་ཉེ་ཆར་རྒྱ་གཞུང་གིས་བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་གྱི་ས་གནས་བོད་མི་ ༡༠༠༠ ལྷག་འཛིན་བཟུང་དང་དྲག་གནོན་བྱས་པར་ལུང་འདྲེན་དང་འབྲེལ། མུ་མཐུད་ཁུལ་དེའི་ནང་ཆུ་མཛོད་ཀྱི་ལས་གཞི་སྤེལ་ཚེ་དེས་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་སྡེ་ཁག་དང་བོད་པའི་གྲོང་ཚོ་མང་དག་ཅིག་མེད་པ་ཆགས་ངེས་ཡིན་པ་འཐེར་འདོན་གྱིས། བཀག་ཉར་འོག་ཡོད་པའི་བོད་མི་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་དང་རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་དགོས་པའི་ཞུ་སྐུལ་གནང་འདུག

མ་ཟད་དོན་རྐྱེན་འདི་ནི་རྒྱ་གཞུང་གིས་བོད་ཡོངས་རྫོགས་རྒྱ་སྒྱུར་འམ་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཀྱི་དཔེ་མཚོན་གསར་ཤོས་དེ་ཆགས་ཀྱི་ཡོད་པ་དང་། རྒྱ་གཞུང་ནས་བཙན་ཤེད་ཀྱིས་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་དང་གྲོང་ཚོ་ཁག་གཏོར་བཤིག ཆོས་ཕྱོགས་ཀྱི་བྱེད་སྒོར་སྟངས་འཛིན། ༸གོང་ས་མཆོག་གི་སྐུ་པར་བཀག་སྡོམ། གྲྭ་བཙུན་ཚོས་མེས་རྒྱལ་ལ་དགའ་ཞེན་དགོས་པ་སོགས་བོད་མི་རྣམས་ཀྱི་གཞི་རྩའི་རང་དབང་ལ་མུ་མཐུད་དམ་བསྒྲགས་དང་ཚོད་འཛིན་བྱེད་ཀྱི་ཡོད་པ་དང་། བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་བརྒྱུད་བོད་ཕྲུག་སློབ་མ་རྣམས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མེད་པའི་ཛ་དྲག་གནས་སྟངས་ཆགས་ཡོད་པ་གསུངས་ཏེ། ཨ་རིའི་ངོས་ནས་བོད་ཀྱི་ཐུན་མིན་ཆོས་རིག་དང་། སྐད་ཡིག་སྲུང་སྐྱོབ་ཆེད་མཉམ་ལས་གནང་རྒྱུ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ་སླད་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག

དེ་བཞིན་རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ ནས་བཟུང་མེས་རྒྱལ་ལ་དགའ་ཞེན་དགོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་གཞི་གསར་པ་དེ་ཉིད་ལག་བསྟར་གྱིས་བོད་མི་དང་ཡུ་གུར་མི་རིགས་རྣམས་ལ་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ཏེ། དམར་ཤོག་ཚོགས་པའི་སྲིད་བྱུས་དང་ལས་གཞི། དེའི་ཕུགས་དམིགས་བཅས་ལ་སློབ་སྦྱོང་བྱ་རུ་བཅུག་པ་དང་ལངས་ཕྱོགས་ལ་གུས་བརྩི་བྱ་དགོས་པའི་བཙན་བཀའ་བཏང་བར་ཐུགས་འཚབ་མངོན་གསལ་གནང་འདུག ལྷག་པར་ཁུལ་དེའི་ནང་གི་ཡུ་གུར་མི་རིགས་གཙོ་བོར་གྱུར་བའི་གཞན་གྲངས་ཉུང་མི་རིགས་ཐོག་མི་རིགས་སྡེབས་གསོད་ཀྱི་བྱ་སྤྱོད་སྤེལ་བཞིན་པར་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་དང་། དེ་ལྟ་བུའི་དྲག་གནོན་གྱི་ལས་གཞི་ཁག་མཚམས་འཇོག་ཡོང་བར་ཨ་རིའི་ཕྲི་སྲིད་ལས་ཁུངས་ངོས་ནས་གང་ཐུབ་གནང་རྒྱུ་ཡིན་པ་གསུངས་འདུག

US Canada Support for Tibetans

ལྕམ་སྐུ་ Uzra Zeya མཆོག་གིས་ཨ་རི་ངོས་ནས་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུའི་ཐད་འབད་བརྩོན་ཇི་ཡོད་གནང་གི་ཡོད་པ་ལྟར། ཕྱི་སྲིད་ལས་ཁུངས་ཀྱི་གཙོ་བོ་ཁས་ལེན་དམ་བཅའ་གསུམ་རྩ་འཛིན་གྱིས་ Racial Equity and Justice Desiree ཞེས་དྲང་བདེན་དང་མི་རིགས་འདྲ་མཉམ་གྱི་དམིགས་གསལ་སྐུ་ཚབ་ཆེས་ཐོག་མ་བསྐོ་བཞག་གནང་ཡོད་པ་དང་། སྐུ་ཞབས་ Cormier Smith ལགས་ཀྱི་སྣེ་ཁྲིད་འོག་ International Indigenous Youth Leadership Coalition ཞེས་རྒྱལ་སྤྱིའི་གདོད་མའི་གཞོན་ནུའི་འགོ་ཁྲིད་མཐུན་ཚོགས་ཐོག་མ་དེ་གསར་འཛུགས་བྱས་ཏེ། རྒྱལ་སྤྱིའི་ཁྲོད་མི་རིགས་དབྱེ་འབྱེད་འགོག་ཐབས་གནང་བཞིན་ཡོད་མ་ཟད། གྲངས་ཉུང་མི་རིགས་རྣམས་ཀྱི་རིག་གཞུང་ཤུལ་བཞག་སྲུང་སྐྱོབ་སླད་དཔལ་འབྱོར་གྱི་མཐུན་རྐྱེན་སྐྲུན་གྱི་ཡོད་པའི་ཁྲོད་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་ཐད་ཨ་སྒོར་ས་ཡ་ ༢༤ ལྷག་འགྲོ་གྲོན་བཏང་གི་ཡོད་ཅིང་། རྒྱལ་སྤྱིའི་སྟེང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བཀའ་མོལ་གནང་རྒྱུའི་གོ་སྐབས་ནམ་བྱུང་ལ་བོད་དོན་གཙོས་པའི་གཞན་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ལ་ཞལ་གསང་པོའི་ཐོག་ནས་གླེང་དང་གླེང་མུས་ཡིན་པ་སོགས་ཕྱག་ལས་གཉེར་བཞིན་པ་ངོ་སྤྲོད་གནང་འདུག

ད་དུང་བོད་ནང་གི་བོད་མི་ཚོར་རྒྱལ་སྤྱིའི་སྟེང་རྒྱ་གཞུང་ལ་སྐྱོན་བརྗོད་གནང་རྒྱུའི་གོ་སྐབས་མེད་ནའང་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་བོད་དོན་འཐབ་རྩོད་གནང་བཞིན་པ་དེ་ནི་གཟི་བརྗིད་ཡིན་ཞིང་། གཞིས་བཞུགས་བོད་མི་རྣམས་ཀྱི་འབོད་སྒྲ་དོ་སྣང་དང་ཨ་རི་བོད་མི་ལྷན་དུ་ཡོད་ཅེས་གསུངས་འདུག

གཞི་རྩའི་ཐེངས་འདིའི་མཛད་སྒོ་དེའི་ཐོག་ཁེ་ན་ཌ་བོད་དོན་རྒྱབ་སྐྱོར་ཚོགས་པས་འདོན་སྤེལ་གནང་བའི་སྙན་ཐོ་དེ་ཉིད་ནང་།  ཁེ་ན་ཌའི་གཞུང་ཕྱོགས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ནུས་པ་གོང་མཐོར་སླད་གཞུང་འབྲེལ་གྱི་ཁྲིམས་འཆར་གཏན་འབེབས་དགོས་པ་དང་། ཁྲིམས་འཆར་དེའི་འོག་ཁེ་ན་ཌའི་ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་དགོས་པ། དེ་བཞིན་རྒྱ་གར་དང་བལ་ཡུལ་གནས་སྡོད་བོད་མི་ཚོར་དཔལ་འབྱོར་རོགས་རམ་ཙམ་མ་ཟད། ཨ་རི་དང་ཁེ་ན་ཌ་གཉིས་ནས་ནུས་པ་མཉམ་སྤུངས་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།