Tibetan Royal Year of 2151 | Year of the Wood Dragon

ཕ་རན་སིའི་གྲོས་ཚོགས་གོང་མས་བོད་ཁམས་སྡེ་དགེའི་གནད་དོན་དང་འབྲེལ་ཐུགས་འཚབ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཁམས་སྡེ་དགེ་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐད་སེམས་འཚབ་དང་འབྲེལ། ཁུལ་དེ་ནས་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༨ ཉིན་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Jacqueline Eustache-Brinio ལགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་གསལ་ལྟར་ན། ཉེ་ཆར་ཁམས་སྡེ་དགེ་ནང་རྒྱ་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞིར་བརྟེན་ནས་བྱུང་བའི་ཛ་དྲག་གནས་སྟངས་དང་འབྲེལ་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་འཕྲལ་མར་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་འདུག་པ་དང་། རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་བཞིན་པའི་མཇུག་འབྲས་ལ་བསམ་གཞིགས་བྱ་དགོས་པའི་འབོད་སྐུལ་དང་སྦྲགས། ཆུ་མཛོད་གསར་རྒྱག་གིས་རང་འབྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེ་བའི་ཁར། བཙན་ཤེད་ཀྱིས་མི་འབོར་ཕོན་ཆེ་གནས་སྤོ་དང་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆོས་རིག་དང་འབྲེལ་བའི་དགོན་སྡེ་ཁག་མང་པོ་གཏོར་བཤིག་གི་རྐྱེན་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག

HHDL France Delgation Visit

རྩ་བའི་ཟླ་འདིའི་ཚེས་ ༡༡ ཉིན་བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་དང་བསྟུན་ཨ་རིའི་གྲོས་ཚོགས་ནང་། ཨ་རིའི་ Massachusetts  མངའ་སྡེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་དང། དེ་བཞིན་ཨ་རིའི་ཁེ་ལི་ཕོར་ནི་ཡ་ California མངའ་སྡེའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Young Kim ལགས་གཉིས་ཐུན་མོང་གིས་གྲོས་ཆོད་ཅིག་ཆེད་བཏོན་ཞུས་པ་དེའི་བརྒྱུད་སྤྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཡི་ཞི་བའི་སྒེར་ལངས་བྱུང་ནས་མི་ལོ་ ༦༥ འཁོར་བའི་གསུམ་བཅུའི་དུས་དྲན་ལ་ངོས་འཛིན་དང་། ལྷག་པར་བོད་ཁམས་སྡེ་དགེ་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་སེམས་འཚབ་དང་འབྲེལ། ཁུལ་དེ་ནས་འཛིན་བཟུང་བྱས་པའི་བོད་མི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དང་ཆུ་མཛོད་ཀྱི་ལས་གཞིར་ངོ་རྒོལ་བྱེད་མཁན་སྡེ་དགེ་མང་ཚོགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་དང་རྒྱ་གཞུང་ནས་དེར་དགོངས་སེལ་ཞུ་དགོས་པ། མ་ཟད་རྒྱ་ནག་གིས་རྩ་ཁྲིམས་གཞིར་བཟུང་ས་གནས་བོད་མི་རྣམས་ཀྱི་དགོངས་ཚུལ་ལ་བརྩི་མཐོང་མ་བྱེད་བར་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དག་གནས་སྐབས་རིང་མཚམས་འཇོག་དགོས་པ་སོགས་གསལ་འདུག་ཅིང་། རྒྱ་ནག་གཞུང་གིས་ལོ་ངོ་ ༦༥ རིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བྱས་ཡོད་ཀྱང་བོད་མི་རྣམས་ཀྱིས་ཡུན་རིང་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་གནང་ཡོད་པ་རེད་འདུག

དེ་བཞིན་ཁ་སང་ཚེས་ ༡༤ ཉིན་མོ་དེ་ནི་ International Day of Action for Rivers ཞེས་རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོ་ཡིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཆེད་ལས་པ་ཁག་གཅིག་གདན་ཞུས་ཀྱིས་ད་ལྟའི་བོད་སྡེ་དགེ་ནང་གི་ཛ་དྲག་གནས་སྟངས་ཐེར་འདོན་དང་འབྲེལ། ཁུལ་དེའི་ནང་གི་ཆུ་མཛོད་ལས་གཞི་མཚམས་འཇོག་དགོས་པ་དང་བཙོན་བཅུག་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་དོན་ཚན་བཅུ་ཡོངས་བསྒྲགས་སྤེལ་བ་དང་སྦྲགས་རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཀྱི་ཉིན་མོ་སྲུང་བརྩི་ཞུས་སོང་། མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག དེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བྱེད་བཞིན་པའི་བོད་མི་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནས་བོད་ཁམས་སྡེ་དགེའི་ཛ་དྲག་གནས་སྟངས་དང་འབྲེལ་འབོད་སྐུལ་དང་བསྒྲགས་གཏམ་སོགས་རབ་དང་རིམ་པར་སྤེལ་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།