Tibetan Royal Year of 2151 | Year of the Wood Dragon

ཇོ་མོ་གླང་མ་ཕྱི་མིར་སྒོ་ཕྱེ་ཡང་བོད་ནང་ཕེབས་རྒྱུར་མུ་མཐུད་དམ་བསྒྲགས་བྱེད་བཞིན་པར་སྐྱོན་བརྗོད།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཉེ་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་བྱུང་རྐྱེན་རྗེས་སུ་ཐེངས་དང་པོར་ཕྱི་མི་གངས་རི་འཛེག་མཁན་ཚོར་བོད་ཕྱོགས་ནས་རི་བོ་ཇོ་མོ་གླང་མར་བསྐྱོད་རྒྱུའི་བཀའ་འཁྲོལ་ཆོག་མཆན་སྤྲོད་ཡོད་ནའང་། བོད་ལ་མཚོན་ན་རྒྱ་གཞུང་གིས་དམ་བསྒྲགས་འོག་ཁུལ་དེར་ཕྱི་མི་བསྐྱོད་རྒྱུར་བཀག་སྡོམ་མུ་མཐུད་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག

Mount Everest Reopen
Getty Images

དེའང་ཁ་སང་ཕྱི་ཚེས་ ༤ ཉིན་ཨ་རིར་རྟེན་གཞི་བྱེད་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ Twitter དྲ་ལམ་ཐོག་རྒྱ་ནག་གཞུང་གི་ངོས་ནས་རི་བོ་འཛེག་མཁན་ཚོར་བོད་བརྒྱུད་ནས་ཇོ་མོ་གླང་མར་བསྐྱོད་རྒྱུའི་བཀའ་འཁྲོལ་ཆོག་མཆན་སྤྲད་པ་དེ་རྣ་བར་སྙན་པོ་ཡོད་པ་ཡིན་ནའང་། དོན་དངོས་ལ་ཕྱི་མི་ཡུལ་སྐོར་སྤྲོ་འཆམ་པ་དང་། གསར་འགོད་པ། གཞུང་འབྲེལ་མི་སྣ་སོགས་མང་ཆེ་བར་གནས་སྟངས་གང་ལྟར་ཡང་བོད་ནང་དུ་བསྐྱོད་རྒྱུའི་མིང་དོན་མཚུངས་པའི་བཀའ་འཁྲོལ་ཆོག་མཆན་དུས་ནམ་ཡང་མེད་པའི་འགྲེལ་བརྗོད་གནང་འདུག

ལས་འགུལ་ཁང་གི་ངོས་ནས་ད་དུང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་མེད་ཀྱིས་བོད་དེ་བཙན་འཛུལ་བྱེད་བཞིན་ཡོད་པས། བོད་མིར་སྡུག་རྩུབ་མནར་གཅོད་ཀྱི་བྱ་ངན་དག་རྒྱལ་སྤྱིའི་ཁྲོད་སྦས་གསང་བྱ་བའི་ཕྱིར་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་ལ་བཀག་སྡོམ་གྱིས་ཕྱིའི་འཛམ་གླིང་དང་འབྲེལ་བ་གཅད་ཡོད་པ་འགྲེལ་བརྗོད་དང་འབྲེལ། ང་ཚོའི་ངོས་ནས་བོད་ཀྱི་ས་ཁུལ་ཁག་ཡོངས་སུ་རྫོགས་པར་བཀག་སྡོམ་བར་ཆད་གང་ཡང་མེད་པའི་ཐོག་བསྐྱོད་རྒྱུའི་བཀའ་འཁྲོལ་ཆོག་མཆན་ཡོད་པའི་དགོས་འདུན་འདོན་དགོས་པ་ལས་ཇོ་མོ་གླང་མ་ཕྱི་མིར་སྒོ་ཕྱེ་བ་གཅིག་པུས་འགྲིག་ཡག་མེད་པ་གསུངས་འདུག

Mount Everest Reopen
Credit: EyeEm | Freepik

རྩ་བའི་ཨ་རིར་རྟེན་གཞི་བྱེད་པའི་ Freedom House འམ་རང་དབང་ཁང་པས་ཟླ་བ་སྔོན་མའི་ནང་འདོན་སྤེལ་གནང་བའི་འཛམ་གླིང་རྒྱལ་ཁབ་སྤྱི་ཡོངས་ཀྱི་རང་དབང་ཚད་གཞིའི་སྙན་ཐོའི་ནང་བོད་དེ་བཞིན་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མངོན་གསལ་གནང་ཡོད།

སྤྱིར་རྒྱ་ནག་ངོས་ནས་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཁྲོད་རི་བོ་ཇོ་མོ་གླང་མར་འཛེག་སའི་བརྒྱུད་ལམ་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་དང་། རིང་མིན་རི་བོ་དེ་ཕྱི་མིར་སྒོ་ཕྱེ་བ་དེ་ནི་ལོ་བཞིའི་རྗེས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

Mount Everest Reopen

རི་བོ་ཇོ་མོ་གླང་མར་འཛེག་སའི་བརྒྱུད་ལམ་བྱང་ཕྱོགས་བོད་བརྒྱུད་ནས་གཅིག་པུ་མིན་པར་ལྷོ་ཕྱོགས་བལ་ཡུལ་བརྒྱུད་ནས་ཡང་འཛེག་སའི་འགྲོ་ལམ་ཡོད་པ་དེ་ལྟར་ཡང་། ད་ཆ་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ཕོན་ཆེ་བའི་རྒྱུ་མཚན་གྱིས་ས་གཞི་དེར་གད་སྙིགས་དང་སྙིགས་རོའི་རིགས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཕོག་གི་ཡོད་པས་བལ་ཡུལ་དབུས་གཞུང་དང་བལ་ཡུལ་རི་འཛེག་མཐུན་ཚོགས་ཐུན་མོང་ནས་དེར་ཡིད་གཟབ་ཀྱིས་ད་ལན་ཇོ་མོ་གླང་མར་འཛེག་མཁན་རྣམས་ལ་ཁོར་ཡུག་དང་འབྲེལ་བའི་བཀག་སྡོམ་བཀའ་རྒྱ་གསར་པ་འགའ་ཞིག་བཏང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།