Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་མི་སེར་གྱི་ཁྲིམས་ཁང་ནང་ཞི་ཅིན་ཕིང་གི་ནག་ཉེས་ཐོག་ཁྲིམས་ར་འཚོགས་བཞིན་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

Netherlands ནི་དྷར་ལེནྜ་གི་ The Hague གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མི་སེར་ཁྲིམས་ཁང་ནང་ཟླ་བ་འདིའི་ཚེས་ ༧ ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ནག་ཉེས་ཐོག་ཁྲིམས་འཚོགས་བཞིན་ཡོད་པ་དང་། དེའི་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་། དོན་གྲུབ་དབང་ཆེན་ལགས། དེ་བཞིན་བསྟན་པ་དར་རྒྱས་ལགས་བཅས་དཔང་མིའི་ངོ་བོའི་ཐོག་ལྷན་ཞུགས་གནང་འདུག

The Court of the Citizens of the World འམ་རྒྱལ་སྤྱིའི་མི་སེར་ཁྲིམས་ཁང་ཞེས་པ་དེ་ནི་ཇར་མ་ནིའི་རྒྱལ་ས་སྦར་ལིན་ནང་རྟེན་གཞི་བྱས་པའི་ The Cinema for World Peace Foundation ཞེས་པའི་ཐེབས་རྩ་ཁང་གིས་སྔ་ལོའི་ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་གནད་དོན་ཁྲོད་གསར་བཙུགས་བྱས་པའི་རྒྱལ་སྤྱིའི་མི་སེར་གྱི་ཁྲིམས་ཁང་ཞིག་ཡིན་པ་དང་། ཁྲིམས་ཁང་དེས་ནག་ཉེས་ཕོག་པའི་ཚོགས་སྒེར་གང་ཟག་དངོས་སུ་འཛིན་བཟུང་དང་ཁྲིམས་བཅད་གཏོང་རྒྱུ་སོགས་ཀྱི་ཁྲིམས་ཀྱི་དབང་ཚད་མེད་ཀྱང་། དེའི་ཐོག་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་ཁྲིམས་དཔོན་དང་ཁྲིམས་རྩོད་པ། དཔང་མི་སོགས་དངོས་སུ་མཉམ་ཞུགས་བརྒྱུད་དྲག་གནོན་ཅན་གྱི་གཞུང་དང་དཔོན་རིགས་གང་ཟག་རྣམས་ཀྱི་ནག་ཉེས་རྒྱལ་སྤྱིའི་ཐོག་ར་སྤྲོད་གནང་གི་ཡོད་པ་རེད་འདུག

ཟླ་བ་འདིའི་ཚེས་ ༧ ནས་སང་ཚེས་ ༡༢ བར་འཚོགས་བཞིན་པའི་ཐེངས་འདིའི་ཁྲིམས་རའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་དང་ཧོང་ཀོང་། Turkistan ཤར་ཏུར་ཀིས་ཐན། ནང་སོག དེ་བཞིན་ཐའེ་ཝན་བཅས་ཀྱི་ནང་མི་རིགས་རྩ་མེད་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་བ་བཅས་ཀྱི་ནག་ཉེས་ཐད་ཁྲིམས་བཤེར་བྱེད་བཞིན་ཡོད་པ་དང་། ཁྲིམས་རའི་ཐོག་བོད་མིའི་ཕྱོགས་ནས་དཔང་པོའི་ངོ་བོའི་ཐོག་ Australia ཨོ་གླིང་ནས་བོད་ཀྱི་ཆབ་སྲིད་བཙོན་པ་བསྟན་པ་དར་རྒྱས་ལགས་དང་། སུད་སི་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དངོས་སུ་མཉམ་ཞུགས་དང་། དེ་བཞིན་ཨ་རི་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་ལགས་དྲ་ལམ་ནས་མཉམ་ཞུགས་གནང་འདུག་པ་མ་ཟད། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཟུར་པ་ཤར་གླིང་ཟླ་སྒྲོན་ལགས། ཨ་རིའི་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས་སོགས་དྲ་ཐོག་ནས་མཉམ་ཞུགས་གནང་འདུག

རྩ་བའི་ཕྱི་ཚེས་ ༧ ཉིན་གྱི་ཁྲིམས་ར་དེའི་དབུ་འབྱེད་ཐོག་ཕྱི་ལོ་ ༢༠༢༢ ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཡུག་རེན་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་སྐུ་ Oleksandra Matviichuk ལགས་ཀྱི་དྲ་ལམ་ནས་གཏམ་བཤད་གནང་འདུག་པ་དང་། ཁོང་གིས་སྐབས་དེར་རང་ཉིད་ཀྱི་མི་སེར་ལ་དྲག་གནོན་དང་། ལས་འགུལ་བ་བཙོན་འཇུག གསར་འགོད་པ་དམར་གསོད། ཞི་བའི་ལས་འགུལ་དམ་བསྒྲགས་བྱེད་མཁན་གྱི་རྒྱལ་ཁབ་ཅི་འདྲ་ཞིག་ཡིན་རུང་། དེ་ནི་རང་ཉིད་ཀྱི་མི་མང་ཙམ་མ་ཟད་རྒྱལ་སྤྱིའི་ཁྲོད་དུ་ཉེན་ཁ་ཆགས་ཀྱི་ཡོད་པ་ཅིང་། ཞི་བདེ་དང་འགྲོ་བ་མིའི་ཐབ་ཐང་གཉིས་ཕན་ཚུན་ཁ་བྲལ་ཐབས་མེད་པ་ཞིག་ཡིན་སྟབས། ང་ཚོས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དང་། མང་ཚོགས་ཀྱི་དཀའ་སྡུག་སེལ་ཐབས་གནང་དགོས་པའི་ཞུ་སྐུལ་གནང་འདུག

མ་ཟད་སྐབས་དེར་རྒྱལ་སྤྱིའི་མི་སེར་གྱི་ཁྲིམས་ཁང་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ Rome Statute ཞེས་པའི་རྒྱལ་སྤྱིའི་ཁྲིམས་ཁང་གི་འབྲུ་དོན་དང་ཡོངས་སུ་འགལ་ཏེ། མང་ཚོགས་ལ་མི་སྤྱོད་ལས་འདས་པའི་དྲག་གནོན་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། མི་རིགས་རྩ་མེད་ཀྱིས་ནག་ཉེས་བཙུགས་པ་དང་འབྲེལ། ཞི་ཅིན་ཕིང་གི་ནག་ཉེས་དེ་དག་ཤེས་བཞིན་དུ་སྤེལ་ཡོད་སྟབས། བྱ་སྤྱོད་དེ་དག་རེ་རེའི་ཐོག་འགན་འཁྲི་ཡོད་པ་འགྲེལ་བརྗོད་གནང་འདུག

རྩ་བའི་རྒྱལ་སྤྱིའི་མི་སེར་གྱི་ཁྲིམས་ཁང་ནས་སྔ་ལོའི་ནང་ཨུ་རུ་སུའི་སྲིད་འཛིན་ Vladimir Putin ཐོག་ཁྲིམས་ར་འཚོགས་ཡོད་པ་དང་། འདི་ལོའི་ཁྲིམས་རྭའི་ཉིན་དང་པོར་ཐའེ་ཝན་གྱི་གནད་དོན་དང་འབྲེལ། ཡུལ་དེའི་རྒྱལ་ཁབ་ཀྱི་བདག་དབང་། དེ་བཞིན་རང་ཐག་རང་གཅོད་ཀྱི་ཁེ་དབང་ཐད་ཁྲིམས་བཤེར་བྱས་ཡོད་ཅིང་། དེའི་རྗེས་བོད་དང་ཡུ་གུར་མི་རིགས་ཀྱི་གནད་དོན་ཐད་དཔང་མི་དང་ཕྱི་ནང་གི་ཆེད་མཁས་པ་བཅས་ནས་མཉམ་ཞུགས་ཐོག་ཁྲིམས་བཤེར་འཚོགས་པ་མ་ཟད། སང་ཉིན་ཁྲིམས་ར་མཇུག་སྒྲིལ་གྱིས་མི་སེར་ནས་ཐག་གཅོད་གནང་གི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།