Tibetan Royal Year of 2151 | Year of the Wood Dragon

རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་ Laos རྒྱལ་ཁབ་ཏུ་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཐུག་འཕྲད་གནང་འདུག་པ་དང་། སྐབས་དེར་ཕྱོགས་གཉིས་ཀྱི་དབུ་ཁྲིད་ནས་ས་མཚམས་ཀྱི་གནད་དོན་རྣམས་གང་མགྱོགས་ཅི་མགྱོགས་ཀྱིས་སེལ་ཐབས་བྱ་རྒྱུའི་མོས་མཐུན་བྱས་འདུག

India China ASEAN

དེ་ཡང་ Laos གྱི་རྒྱལ་ས་ Vientiane དུ་ཁ་སང་ཕྱི་ཚེས་ ༢༥ ནས་དབུ་འཛུགས་ཀྱིས་ཉིན་གསུམ་རིང་ ASEAN ཞེས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་བཅུའི་མཐུན་ཚོགས་ཀྱི་ཚོགས་འདུ་ཚོགས་བཞིན་པ་དང་བསྟུན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Subrahmanyam Jaishankar ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཟུར་དུ་ཐུག་འཕྲད་གནང་འདུག་པ་དང་། སྐབས་དེར་བློན་ཆེན་གཉིས་དབར་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་གང་ཐུབ་ཅི་ཐུབ་ཀྱིས་མྱུར་དུ་སེལ་རྒྱུ་དང་མཐའ་མཚམས་སུ་དམག་དཔུང་ཕོན་ཆེ་དཔུང་འཇོག་བྱས་པ་གང་མགྱོགས་ཕྱིར་འཐེན་བྱ་རྒྱུའི་ཐད་མཉམ་ལས་བྱ་རྒྱུ་ཐག་གཅོད་བྱས་ཡོད་པ་རེད་འདུག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Jaishankar ལགས་ཀྱིས་རང་གི་ Twitter (X) སྤྱི་ཚོགས་དྲ་ལམ་ཐོག་ཁ་སང་ Vientiane དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་རྒྱ་ནག་དམར་ཤོག་ཚོགས་པའི་ཐབས་བྱུས་ཚོགས་ཆུང་གི་ཚོགས་མི་ལྷན་དུ་ཐུག་འཕྲད་བྱུང་ཡོད་པ་དང་། ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཐད་གྲོས་སྡུར་མུ་མཐུད་བྱེད་བཞིན་ཡོད་པས། ས་མཚམས་རྩོད་རྙོག་གི་གནས་སྟངས་དེ་ང་ཚོའི་འབྲེལ་ལམ་གྱི་གནས་སྟངས་ཐོག་ནས་ངེས་པར་དུ་མངོན་ཐུབ་ཀྱི་ཡོད་པའི་འགྲེལ་བརྗོད་གནང་འདུག་པ་མ་ཟད། དམག་འཐབ་མཚམས་འཇོག་གི་བརྒྱུད་རིམ་ཆ་ཚང་བ་ཞིག་ཡོང་བར་ལམ་སྟོན་ཤུགས་ཆེན་བྱེད་དགོས་གལ་དང་། ངེས་པར་དུ་ཕྱོགས་གཉིས་དབར་གྱི་ Line of Actual Control ཞེས་ས་མཚམས་ཀྱི་དཔྱད་ཐིག་དང་འདས་པའི་གྲོས་མཐུན་ཁག་ལ་བརྩི་བཀུར་ཆ་ཚང་བ་བྱ་རྒྱུ་ངེས་བརྟན་བཟོ་དགོས་པ་གསུངས་འདུག

India China ASEAN

སྤྱིར་ཉེ་ཆར་ཕྱི་སྲིད་བློན་ཆེན་གཉིས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ Kazakhstan དུ་ཚོགས་པའི་ Shanghai Cooperation Organisation ཚོགས་འདུའི་སྐབས་ཐུག་འཕྲད་བྱུང་རྗེས་རྒྱ་ནག་ཕྱི་སྲིད་བློན་ཆེན་ Wang Yi ནས་རྒྱལ་ཁབ་གཉིས་ཀྱིས་ངེས་པར་དུ་ས་མཚམས་ཁུལ་གྱི་གནས་སྟངས་ལ་ཁ་ལོ་བསྒྱུར་དགོས་པ་དང་། དེ་བཞིན་གནད་དོན་གཞན་ཁག་གི་ཐད་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་བྱེད་དགོས་ཞེས་བཤད་ཡོད་པ་རེད།

དེ་འབྲེལ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་བློན་ཆེན་གཉིས་ཀས་གང་མྱུར་འཕགས་བོད་ས་མཚམས་སུ་འཐབ་འཁྲུག་ཕྱིར་འཐེན་ཆ་ཚང་བ་ཞིག་ཡོང་ཐབས་སུ་ཛ་དྲག་དང་དམིགས་ཡུལ་ལྡན་པའི་སྒོ་ནས་ལས་དོན་བྱེད་དགོས་པར་མོས་མཐུན་བྱུང་ཡོད་ལུགས་སྐོར་བཀོད་འདུག

མ་ཟད་རྒྱ་གར་གྱི་ད་རེས་ཕྱོགས་བསྐྱོད་འདིས་རྒྱ་གར་གྱིས་ ASEAN མཐུན་ཚོགས་གཙོ་བོར་འཛིན་པའི་མངའ་ཁུལ་གྱི་སྒྲོམ་གཞིར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཨེ་ཤེ་ཡའི་མནའ་འབྲེལ་ཚོགས་པའི་ཆིག་སྒྲིལ་དང་། ཚོགས་པའི་ལྟེ་བའི་གནས་བབ། ཨེ་ཤེ་ཡའི་མནའ་འབྲེལ་ཚོགས་པའི་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལྟ་ཚུལ། དེ་བཞིན་ཨེ་ཤེ་ཡའི་མནའ་འབྲེལ་ཚོགས་པ་དང་རྒྱ་གར་དབར་གྱི་ཁྱབ་ཆེ་བའི་ཐབས་ཇུས་ཀྱི་མཉམ་ལས་གོང་འཕེལ་གཏང་རྒྱུ་བཅས་ལ་ཆོད་སེམས་བརྟན་པོ་བཟུང་ཡོད་པ་གསལ་འདོན་གནང་འདུག

India China ASEAN

གཞི་རྩའི་ཕྱི་ལོ་༢༠༢༠ ལོའི་ཟླ་བ་བདུན་པའི་ནང་ལ་དྭགས་ Galwan དུ་ཆགས་པའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་དབར་གདོང་ཐུག་ཤུགས་ཆེ་བྱུང་སྟེ་དམའ་མཐར་ཡང་རྒྱ་གར་གྱི་དམག་མི་ཉི་ཤུ་དང་རྒྱ་ནག་གི་དམག་མི་བཞིའི་ཚེ་སྲོག་ཤོར་བ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྐྱོ་རུ་ཕྱིན་པའི་ཁྲོད། རྒྱལ་ཁབ་ཕྱོགས་གཉིས་དབར་དམག་སྤྱི་གཙོས་ཆེས་མཐོའི་འགོ་ཁྲིད་དབར་ས་མཚམས་སོགས་ཀྱི་གནད་དོན་ཐད་གྲོས་མོལ་རིམ་པ་གནང་ཡང་། ལས་དོན་དངོས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།