བྷན་གཙུག་ལག་སློབ་ཆེན་ལ་བོད་ཀྱི་སྐད་ཡིག་འཛིན་གྲྭ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་ཕྱིར་འཐེན་དགོས་པའི་ཞུ་སྐུལ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

སུད་སི་རྒྱལ་སར་རྟེན་གཞི་བྱས་པའི་ Bern གཙུག་ལག་སློབ་ཆེན་ངོས་ནས་ཕྱི་ལོ་ ༢༠༢༥ ལོའི་སྟོན་དུས་ནས་བཟུང་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཀྱི་ལས་གཞི་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་གནང་བ་ལྟར། སུད་བོད་མཐུན་གྲོགས་ཚོགས་པ་དང་། སུད་སི་དང་ Liechtenstein བོད་རིགས་མི་མང་ཚོགས་པ། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་སོགས་ཀྱི་བོད་མིའི་ཚོགས་སྡེ་ཁག་དང་། གཞན་ཡང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་བཅས་ཀྱི་གནད་དོན་དེའི་ཐོག་སེམས་འཚབ་དང་བཅས། Bern གཙུག་ལག་སློབ་ཆེན་ངོས་ནས་ཐག་གཅོད་དེ་ཕྱིར་འཐེན་ཡོང་བའི་ཞུ་སྐུལ་གནང་འདུག

དེའང་ Bern གཙུག་ལག་སློབ་ཆེན་ངོས་ནས་བོད་དང་སོག་པོའི་སྐད་ཡིག་སློབ་འཁྲིད་ལས་གཞིར་དོ་སྣང་ཇེ་ཉུང་དུ་འགྲོ་བཞིན་པ་དང་། བོད་ཀྱི་སྐད་ཡིག་སྦྱོང་དཀའ་བ་སོགས་ཀྱི་རྒྱུ་མཚན་ཁག་གཅིག་ལ་བརྟེན་ནས། སྐད་ཡིག་དེ་ཉིད་སློབ་ཁྲིད་བྱེད་མཁན་དགེ་རྒན་རྣམས་ཀྱི་ལས་ཡུན་རྫོགས་ལ་ཉེ་ཀྱང་འཛིན་སྐྱོང་ངོས་ནས་དགེ་རྒན་གསར་པ་བསྐོ་བཞག་བྱེད་འཆར་མེད་པ་དང་། སློབ་ཚན་དེ་གཉིས་སློབ་ཁྲིད་བྱེད་རྒྱུ་རེ་ཞིག་མཚམས་འཇོག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག

དེ་འབྲེལ་སུད་སི་ནང་རྟེན་གཞི་བྱས་པའི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སེམས་འཁྲལ་ཆེན་པོའི་ཐོག་སློབ་ཆེན་དེའི་ངོས་ནས་བོད་ཡིག་དང་སོག་ཡིག་གི་སྐད་ཡིག་སློབ་ཚན་ཁྲིད་མཚམས་འཇོག་རྒྱུའི་ཐག་གཅོད་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ་ཡོད་པ་དང་། དེའི་ནང་བཙན་བྱོལ་བོད་མི་འདུ་སྡོད་མང་ཤོས་བྱེད་སའི་རྒྱལ་ཁབ་དེའི་ནང་བོད་ཀྱི་ཐུན་མོང་མིན་པའི་སྐད་ཡིག་སློབ་འཁྲིད་བྱ་རྒྱུའི་ལས་གཞི་དེ་ལྟ་བུ་ནི་ཧ་ཅང་གི་གནས་འགག་ཡིན་པ་དང་། དེ་སྔོན་ Lausanne གཙུག་ལག་སློབ་གྲྭ་ཆེན་མོའི་ངོས་ནས་དེ་འབྲེལ་ལས་རིམ་མཚམས་འཇོག་བྱས་པའི་རྗེས་ Bern གཙུག་ལག་སློབ་གྲྭའི་སློབ་ཚན་ནས་བོད་དང་སོག་པོའི་སྐད་ཡིག་སློབ་འཁྲིད་ཀྱི་ལས་གཞི་མཚམས་འཇོག་བྱས་པ་དེས་རྒྱལ་སྤྱིར་བརྡ་ལན་ནོར་བ་ཞིག་འགྲོ་རྒྱུ་ཡིན་པ་གསུངས་འདུག

སློབ་ཆེན་ངོས་ནས་ལས་གཞི་དེ་མཚམས་འཇོག་བྱས་པའི་རྒྱུ་མཚན་དུ་སློབ་ཚན་དེ་ཉིད་ལ་དོ་སྣང་ཡོད་པའི་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཚུལ་བཀོད་པ་དེ་ནི་ཨ་རི་དང་ཡུ་རོབ་དེ་བཞིན་ཨེ་ཤེ་ཡ་བཅས་ཀྱི་ནང་ད་སྐབས་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་རྒྱབ་འགལ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་རྒྱུ་མཚན་གཞན་ཞིག་ཏུ་བོད་ཡིག་སྦྱོང་རྒྱུ་ཁག་པོ་ཡོད་ཚུལ་བཀོད་པ་ཡིན་ན། སློབ་ཆེན་དེའི་ངོས་ནས་ཕྱི་ལོ་ ༢༠༢༣ ལོར་ Chinese Language and Society ཞེས་རྒྱའི་སྐད་ཡིག་སློབ་འཁྲིད་ཀྱི་སྡེ་ཚན་གསར་པ་ཆེད་བཙུགས་བྱེད་དགོས་དོན་ཇི་ཡིན་དྲི་བ་བཏང་འདུག མ་ཟད་རྒྱ་ནག་གིས་ད་སྐབས་བོད་ཀྱི་སྐད་ཡིག་དང་རིག་གནས་ཆོས་ལུགས་བཅས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་མ་ཟད། བོད་ཀྱི་ཐ་སྙད་ཀྱང་ Xizang ཏུ་བསྒྱུར་ཐབས་བཅས་བོད་མི་རྣམས་རྒྱ་ནག་ཅན་དུ་སྒྱུར་བཞིན་པའི་ཁྲོད་བོད་ཀྱི་སྐད་ཡིག་སློབ་འཁྲིད་ཀྱི་ལས་གཞི་དེ་རིགས་ནི་སློབ་མའི་ཁེ་ཕན་ཁོ་ན་མ་ཡིན་པར། དུས་རབས་མང་པོའི་རིང་གི་རིག་གཞུང་ཞིག་སྲུང་འཛིན་བྱེད་པར་ཡང་ནུས་པ་གལ་ཆེན་ཐོན་པའི་ལས་གཞི་ཞིག་ཡིན་སྐོར་གསུངས་འདུག

Tibet Groups Urge University of Bern to Reconsider Decision to End Tibetan and Mongolian Language Courses

ཕྱོགས་མཚུངས་ International Association for Tibetan Studies ཞེས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ངོས་ནས་ཀྱང་། Bern གཙུག་ལག་སློབ་ཆེན་གྱི་འགན་འཛིན་མཚན་ཐོག་ཞུ་སྙན་ཕུལ་ཏེ། བོད་ཀྱི་སྐད་ཡིག་སློབ་འཁྲིད་མཚམས་འཇོག་བྱ་རྒྱུའི་གནད་དོན་ཐོག་ལ་སེམས་འཚབ་དང་སྦྲགས། ལས་རིམ་འདི་མཚམས་འཇོག་བྱས་པ་དེས་སློབ་མ་དང་མཁས་པར་སློབ་སྦྱོང་དང་ཞིབ་འཇུག་གི་ཁྱབ་ཁོངས་གལ་ཆེན་ཞིག་མེད་པ་བཟོས་པ་མ་ཟད་སུད་སི་ཡི་སློབ་གསོའི་ཁོར་ཡུག་ནང་བར་སྟོང་ཆེན་པོ་ཞིག་དང་། ལྷག་པར་སུད་སི་རྒྱལ་ཁབ་ཀྱི་འཛམ་གླིང་རང་བཞིན་གྱི་ཤེས་ཡོན་གནས་བབ་ལ་ཉམས་ཉེས་འབྱུང་ཉེན་ཡོད་པ་གསུང་འདུག ཚོགས་པའི་ངོས་ནས་ཞུ་སྙན་དེའི་བརྒྱུད་སུད་སི་གཙུག་ལག་སློབ་གྲྭ་ཁག་ལ་ད་རེས་བྷན་གཙུག་ལག་སློབ་ཆེན་གྱི་ཐག་གཅོད་དེས་བོད་རིག་པར་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་ངོས་ལེན་དགོས་པ་དང་འབྲེལ། ཕྱིའི་མ་དངུལ་གོ་སྐབས་དང་། རྒྱལ་སྤྱིའི་ཞིབ་འཇུག་སྡེ་ཁག་དང་མཉམ་འབྲེལ། སུད་སིའི་བོད་མི་སྤྱི་ཚོགས་དང་འབྲེལ་བ་བཅས་ཚུད་པའི་བོད་རིག་པ་རྒྱུན་སྐྱོང་ཐབས་ལམ་གཞན་དག་འཚོལ་ཞིབ་བྱེད་དགོས་པའི་སྐུལ་མ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།