Tibetan Royal Year of 2151 | Year of the Wood Dragon

བཀའ་སྤྱི་གཉིས་ནས་ཨ་རུ་ནཱ་ཅལ་སྤྱི་ཁྱབ་བློན་ཆེན་གསར་པར་མཆོག་ལ་འཚམས་འདྲི་གནང་པ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དེ་རིང་ཟླ་ ༧ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསར་དུ་བདམས་ཐོན་བྱུང་བའི་རྒྱ་གར་བྱང་ཤར་si-1ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་དགའ་བསུའི་འཚམས་འདྲི་གནང་སོང་། དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་ཉིན་རྒྱབ་བཀའ་ཤག་ཏུ་བོད་རྒྱ་ཞི་མོལ་ལས་ཚོགས་འདུའི་རྗེས་འབྲེལ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་པའི་ཁྲོད། གསར་དུ་བདམས་ཐོན་བྱུང་བའི་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲི་གནང་པ་དང་ཆབས་ཅིག བོད་མིར་ཤ་ཞེན་ཡོད་མཁན་ཞིག་དང་ལྷག་པར་དུ་༸གོང་ས་མཆོག་ལ་དད་གུས་ཞུ་མཁན་ཞིག་ད་རེས་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་བར་ང་ཚོ་ཚང་མ་སྤོབས་པ་སྐྱེས་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་སོང་།     ད་དུང་སྲིད་སྐྱོང་མཆོག་གིས་པདྨ་མཁའ་འགྲོ་མཆོག་གི་ཡབ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་་ཆེ་བསྟོད་རྗེས་དྲན་དང་འབྲེལ། དམ་པ་ཁོང་ཡང་༸གོང་ས་མཆོག་ལ་ཧ་ཅང་གི་དད་གུས་ཞུ་མཁན་ཞིག་ཙམ་མ་ཟད། ལྷག་པར་དེ་སྔ་ ༢༠༡༢ ལོའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ཀྱང་གནང་ཡོད་པ་གསུངས་གནང་འདུག
དེ་རིང་གི་དུས་ཚིགས་འདིའི་ཐོག་ནས་སྲིད་སྐྱོང་མཆོག་གིས་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་སྤྱི་ཁྱབ་བློpema-khando-laན་ཆེན་གྱི་ལས་ཡུན་དེའི་རིང་ལས་དོན་གང་གནང་པ་དེ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་བཅས་གསུངས་ཡོད་པ་རེད། དེ་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འདྲིའི་འཕྲིན་ཡིག་དེའི་ནང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཀྱང་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་ཁོང་གི་ཡབ་དམ་པ་གཉིས་ཀས་ཁུལ་དེར་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་དུས་རྟག་ཏུ་མཐུན་འགྱུར་རོགས་རམ་གནང་བ་བཅས་ལ་ང་ཚོས་བཀའ་དྲིན་སྙིང་བཅངས་ཐོག་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སླད་ཀྱང་སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་ང་ཚོར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་བ་དང་སྦྲགས། འབྱུང་འགྱུར་སྐུ་ཉིད་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་བཅས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།