Tibetan Royal Year of 2151 | Year of the Wood Dragon

རྡོ་གདན་ཆོས་འབྲེལ་སྐབས་གྲྭ་བཙུན་དང་རྒྱ་གར་བ། ཕྱི་རྒྱལ་བ་མ་གཏོགས་ཕྱག་འཁྱེར་ཞུ་དགོས་ཀྱི་མི་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཕྱི་ཟླ་ ༡ པོའི་ནང་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་མང་ཚོགས་ལ་གསུང་ཆོས་ཀྱི་མཛད་འཆར་ཁག་གཉིས་བསྐྱང་རྒྱུ་ཡིན་པ་ལྟར། ཆོས་འབྲེལ་དེའི་རིང་གྲྭ་བཙུན་དང་རྒྱ་གར་བ། དེ་བཞིན་ཕྱི་རྒྱལ་བ་མ་གཏོགས་ཆོས་ཞུ་བ་གཞན་ཚོ་ཕྱག་ཁྱེར་ཞུ་དགོས་ཀྱི་མི་འདུག

དེའང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་ཁ་ས་ཚེས་ ༡༤ ཉིན་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡ ཚེས་ ༥ ནས་ ༧ བར་དང་དེ་རྗེས་ ༡༤ ནས་ ༡༦ བར་བཅས་སོ་སོར་གསུང་ཆོས་བཀའ་དྲིན་སྩལ་གཏན་འཁེལ་བ་བཞིན། གསུང་ཆོས་སྐབས་ས་གནས་སུ་མི་ཚོགས་ཧ་ཅང་མང་བས་ཕྱག་འཁྱེར་ཐོ་འགོད་ལས་ཁང་དུ་འཚང་ཁ་མི་ཡོང་སླད་གྲྭ་བཙུན་རྣམ་པ་དང་། རྒྱ་གར་བ། ཕྱི་རྒྱལ་བ་བཅས་ལ་གསུང་ཆོས་ཕྱག་འཁྱེར་འབུལ་རྒྱུ་ལས་ཆོས་ཞུ་བ་གཞན་རྣམས་ལ་ཕྱག་འཁྱེར་ཞུ་དགོས་ཀྱི་མེད་སྐོར་འགྲེལ་བརྗོད་གནང་འདུག

ཆོས་ཞུའི་ཕྱག་འཁྱེར་དགོས་རིགས་རྣམས་ནས dalailamateaching.com ཞེས་པའི་དྲ་ཚིགས་ཐོག་ཐོ་འགོད་གནང་དགོས་པ་དང་དྲ་ཚིགས་འདིའི་དྲ་ཐག་ dalailama.com དང་། tibet.net བཅས་ནས་ཀྱང་གཟིགས་རྒྱུ་ཡོད་པ་དང་། ཐོ་འགོད་གནང་གྲུབ་རྗེས་དྲྭ་ཐོག་ནས་བཀང་བའི་འགེངས་ཤོག་དང་། སོ་སོའི་ aadhaar Card དང་དཔྱ་ཁྲལ་ལག་དེབ་། RC ཡང་ན་རྒྱ་གར་གྱི་ཕྱི་བསྐྱོད་ལག་འཁྱེར་དང་མི་སེར་ལག་དེབ་སོགས་ཀྱི་ངོ་སྤྲོད་ལག་འཁྱེར་བཅས་ཡིག་ཆ་གང་རུང་གནས་མཆོག་རྡོ་རྗེ་གདན་དུ་མཉམ་འཁྱེར་གྱིས་ཕྱག་འཁྱེར་ཐོ་འགོད་ལས་ཁང་ནས་གསུང་ཆོས་ཕྱག་འཁྱེར་བཞེས་དགོས་སྐོར་གསུངས་འདུག

དྲྭ་ཐོག་ཐོ་འགོད་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༠ ནས་སྒོ་ཕྱེ་རྒྱུ་ཡིན་པ་དང་། གལ་ཏེ་དྲྭ་ཐོག་ནས་ཐོ་འགོད་གནང་མ་ཐུབ་ཚེ་གནས་མཆོག་རྡོ་རྗེ་གདན་དུ་དོ་བདག་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་ཞུ་འཐུས་ཆོག་པ་བཀོད་གནང་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།