Tibetan Royal Year of 2151 | Year of the Wood Dragon

སངས་རྒྱས་སྐྱབས་ལགས་ཀྱི་བོད་དོན་ཞི་བའི་གོམ་བགྲོད་ཐེངས་གཉིས་པའི་སྐོར།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཁེ་ན་ཌ་གནས་བཞུགས་བོད་མི་ལས་འགུལ་བ་སངས་རྒྱས་སྐྱབས་ལགས་ཀྱིས་ཉེ་ལམ་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་ཁེ་ན་ཌ་ཊོ་རོན་ཊོའི་རྒྱ་ནག་གཞུང་ཚབ་མདུན་ནས་རྒྱལ་ས་ཨོ་ཊ་ཝའི་རྒྱ་ནག་གཞུང་ཚབ་ཁང་བར་དང་དེ་ནས་ཕྱིར་ཊོ་རོན་ཊོའི་རྒྱ་ནག་གཞུང་ཚབ་མདུན་ངོས་བར་བཅས་ཁྱོན་རྒྱང་ཐག་སྤྱི་ལེ་ ༩༠༠ ཙམ་ཞིག་གི་བོད་དོན་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་ཡོད་པ་རེད།གོམ་བགྲོད་དེའི་བརྒྱུད་ཁོང་གིས་གཙོ་བོ་ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ Justin Trudeau མཆོག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོག་རྒྱབ་སྐྱོར་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སྟེ་ཕན་ཚུན་གྲོས་བསྡུར་དང་ཡིད་ཆེས་ཀྱི་ལམ་ནས་བསྐྱར་གསོ་བྱ་རྒྱུ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ངེས་པར་དུ་གློད་བཀྲོལ་དགོས་པ། རྒྱ་ནག་ཏུ་ ༢༠༢༢ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་གནང་རྒྱུར་མཚམས་འཇོག་བྱེད་དགོས་པ། དེ་བཞིན་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་ཡམས་ལ་འགན་ལེན་དང་རྒྱལ་སྤྱིས་ཐེར་འདོན་བྱེད་དགོས་བཅས་དོན་ཚན་ལྔ་འབོད་སྐུལ་ཞུས་འདུགགཞི་རྩའི་སངས་རྒྱས་སྐྱབས་ལགས་ཀྱིས་དེ་སྔ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་ཁེ་ན་ཌའི་ Toronto གྲོང་ཁྱེར་ནས་རྒྱལ་ས་ Otawa བར་དང་དེ་རྗེས་སླར་ཊོ་རོན་ཊོ་བར་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཨོ་ཝ་ཝ་བར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ཉིན་གཅིག་གི་རིང་ཟས་བཅད་ངོ་རྒོལ་གནང་ཡོད་པ་རེད།ལྷག་པར་ཁོང་གིས་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་སྟེ་རེས་གཟའ་ལྷག་པ་ནམ་ཡིན་ལ་ཁེ་ན་ཌར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུས་དགོས་པ་དང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བཀྲིས་དབང་ཕྱུག་ལགས་དང་བོད་མིའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་སོགས་ཀྱི་དགོས་འདུན་འོག་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་རེད།ངོ་དེབ་ཐོག་ཏུ་ད་ལན་ཁོང་གིས་བོད་དང་ཁེ་ན་ཌའི་རྒྱལ་དར་བསྣམས་པ་དང་བོད་དོན་ཞི་བའི་གོམ་བགྲོད་ Free Tibet ཞེས་འཁོད་པའི་སྟོད་ཐུང་གྱོན་ནས་ཞི་བའི་གོམ་བགྲོད་གནང་བཞིན་པའི་འདྲ་པར་མཇལ་རྒྱུ་འདུག་པ་དང་ད་བར་ཁོང་གིས་ཉིན་རེར་རྒྱང་ཐག་སྤྱི་ལེ་ ༤༥ དང་ ༥༣ ཙམ་གོམ་བགྲོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།