Tibetan Royal Year of 2151 | Year of the Wood Dragon

མེ་སོར་མཐོ་སློབ་ནས་བོད་པའི་བེུད་ཅིག་ལ་གསེར་གྱི་རྟགས་མ་ཐོབ་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ University of Mysore  མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་བདེ་སྐྱིད་དཔལ་མོ་ལགས་ལ་ Late MUDDUMADAPPA Gold medal ཞེས་པའི་གསེར་གྱི་རྟགས་མ་ཞིག་ཐོབ་འདུགབདེ་སྐྱིད་དཔལ་མོ་ལགས་ཀྱིས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་དེ་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་གནང་ཡོད་པ་དང་། ཁོ་མོས་མཐོ་སློབ་དེའི་ནང་ལོ་ལྟར་ཡིག་རྒྱུགས་ཁྲོད་ཨང་རིམ་རྩེ་ཕུད་སོན་གྱི་ཡོད་པ་མ་ཟད། གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་དེ་མེ་སོར་གཙུག་ལག་སློབ་གཉེར་ཁང་ནས་གནང་སྟེ་སླར་ཨང་རིམ་རྩེ་ཕུད་སོན་པ་ལྟར་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་དགའ་སྟོན་དང་བསྟུན་སློབ་གཉེར་ཁང་གིས་ཁོང་ལ་  Late MUDDUMADAPPA Gold medal ཞེས་པའི་གསེར་གྱི་རྟགས་མ་ཞིག་གནང་ཡོད་པ་རེད། འོན་ཏང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་འོག་ཁོང་དངོས་སུ་མཐོ་སློབ་ལ་བཅར་ཐུབ་མེད་པ་རེད།གསར་འགོད་པས་བདེ་སྐྱིད་དཔལ་མོ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཁག་ཅིག་ཞུས་སྐབས་ཁོང་གིས་མཐོ་སློབ་དེའི་སློབ་ཚན་  Public Administration ཞེས་པའི་ཁོངས་ནས་བོད་པའི་སློབ་ཕྲུག་ལ་གསེར་གྱི་རྟགས་མ་ཐོབ་པ་འདི་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས་དགའ་སྤོབས་ཆེན་པོ་བྱུང་བ་དང་སླད་མར་སློབ་སྦྱོང་ལ་འབད་བརྩོན་མུ་མཐུད་དེ་གནང་རྒྱུའི་དགོངས་པ་ཡོད་སྐོར་གསུངས་ཡོད།གཞི་རྩའི་དཔལ་མོ་ལགས་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་ལྟར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་གནང་བ་དང་། དེ་རྗེས་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་མེ་སོར་སློབ་གཉེར་ཁང་དུ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།