Tibetan Royal Year of 2151 | Year of the Wood Dragon

Apple Daily གསར་ཁང་གི་བདག་པོ་དང་མང་གཙོ་དོན་གཉེར་བ་བཅས་མི་གཉིས་གཏའ་དངུལ་བཞག་པའི་ཐོག་གློད་བཀྲོལ་བཏང་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཉེ་ལམ་ཧོང་ཀོང་ཉེན་རྟོག་པས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གསར་པ་བརྒྱུད་ཕྱི་ཕྱོགས་དང་གསང་འབྲེལ་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་པའི་ Apple Daily  གསར་ཁང་གི་བདག་པོ་ Jimmy Lai དང་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་འོག་འཛིན་བཟུང་བྱས་པ་མང་གཙོ་དོན་གཉེར་བ་Agnes Chow ལགས་གཉིས་གཏའ་དངུལ་བཞག་ནས་གནས་སྐབས་རིང་གློད་བཀྲོལ་བཏང་འདུགཁ་སྔོན་རེས་གཟའ་ཟླ་བའི་ཉིན་སྐུ་ཞབས་ Jimmy Lai འཛིན་བཟུང་བྱས་ནས་མཐར་ཆུ་ཚོད་ ༤༠ ལྷག་ཙམ་གྱི་རྗེས་དེ་རིང་ཁོང་གཏའ་དངུལ་བཞག་པའི་སྒོ་ནས་གློད་བཀྲོལ་བཏང་ཡོད་པ་དང་ཁོང་གློད་བཀྲོལ་བཏང་སྐབས་མང་ཚོགས་རྣམས་ནས་ apple གསར་ཁང་ལ་རྒྱབ་སྐྱོར་བྱོས། རྒྱལ་ཁ་མ་ཐོབ་བར་དུ་འཐབ་རྩོད་བྱོས་ཞེས་པའི་འབོད་ཚིག་སྒྲོག་ཐོག་ཁོང་ལ་སྣེ་ལེན་ཞུས་འདུག ཁོང་གིས་རྒྱ་གཞུང་གིས་ད་ལན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་གནང་བར་ལྟོས་མེད་ཁྲིམས་ལག་བསྟར་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་དང་སྒོས་རང་ཉིད་ཁྲིམས་གཞི་དེའི་འོག་འཛིན་བཟུང་འདི་ལྟར་མྱུར་པོ་བྱས་པར་བསམ་བློ་འཁོར་མྱོང་མེད་ཅེས་གསུངས་འདུག ཁོང་གིས་ད་ལན་ཧོང་ཀོང་མང་ཚོགས་ནས་ཁོང་དང་གསར་འགོད་རང་དབང་ལ་རྒྱབ་སྐྱོར་གནང་བ་དེས་ཐུགས་ལ་ཐད་པོ་དང་སེམས་འགུལ་ཐེབས་པ་ཞིག་དང་། སྤྱིར་ཧོང་ཀོང་ནང་ད་ཆ་མང་ཚོགས་ཀྱི་རང་དབང་སྤྱི་ཡོངས་ཐད་དམ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། མི་མང་ནས་མུ་མཐུད་ཁྲིམས་ཀྱི་དབང་སྒྱུར་དང་རང་དབང་སླད་འཐབ་རྩོད་གནང་གི་ཡོད་པ་གསུངས་འདུག ད་དུང་ཧོང་ཀོང་གི་ལས་འགུལ་བས་ཕྱིན་ཆད་ཧོང་ཀོང་གི་ཁྲིམས་ཀྱི་དབང་སྒྱུར་དང་རང་དབང་སྲུང་སྐྱོབ་སླད་ཡིད་གཟབ་དང་རྣམ་དཔྱོད་ཀྱི་ཐོག་ནས་གནང་གལ་ཡིན་པའི་ཉེན་བརྡ་བཏང་འདུག

གཞན་ཡང་རེས་གཟའ་ཟླ་བའི་ཕྱི་དྲོ་འཛིན་བཟུང་བྱས་པའི་མང་གཙོ་དོན་གཉེར་བ་ Agnes Chow ལགས་ཀྱང་ཁ་སང་ཕྱི་དྲོ་གློད་བཀྲོལ་བཏང་བ་དང་སྦྲགས། ཁོང་གིས་ད་རེས་ཁོང་འཛིན་བཟུང་བྱས་པ་དེ་ནི་ཆབ་སྲིད་ཀྱི་དྲག་གནོན་ཞིག་ཡིན་པ་དང་སྲིད་གཞུང་ནས་ཁྲིམས་གསར་པ་སྤྱོད་དེ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་མངོན་གསལ་ཡིན་པ་གསུངས་འདུག ཁོང་གིས་ད་དུང་ཁོང་འཛིན་བཟུང་སྐབས་རང་ཉིད་ནས་དེའི་ཐད་གྲ་སྒྲིག་གང་ཡང་མེད་པ་དང་། དེ་སྔ་མང་གཙོའི་ལས་འགུལ་སྤེལ་བ་དང་འབྲེལ་ནས་འཛིན་བཟུང་ཐེངས་བཞི་ཙམ་བྱས་ཡོད་ཀྱང་། ད་ལན་ཁྲིམས་གསར་པ་དེའི་འོག་འཛིན་བཟུང་བྱས་པ་ནི་སེམས་ནང་བརྗོད་དུ་མེད་པའི་འཇིགས་སྣང་གི་ཚོར་བ་ཅིག་བྱུང་ཞེས་གསུངས་འདུག

 

 

འབྲེལ་ཡོད་གསར་གནས།

གསར་གནས།