Tibetan Royal Year of 2151 | Year of the Wood Dragon

སྦེལ་ཇམ་ནང་གི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མི་ཁེར་རྐྱང་གི་ལས་འགུལ་དབུ་འཛུགས།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཡུ་རོབ་ཀྱི་རྒྱལ་ཁབ་ Belgium ཀྱི་རྒྱལ་ས་ Brussels ནང་དུ་བཅའ་བཞུགས་བོད་མི་མིག་དབར་ཚེ་རིང་ལགས་ཀྱིས་རེས་གཟའ་ལྷག་པ་ཆར་ཅན་ཁུལ་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་བོད་དོན་ཞི་བའི་ལས་འགུལ་སྤེལ་བཞིན་འདུགམིག་དམར་ཚེ་རིང་ལགས་ཀྱིས་འདི་ལོའི་ཟླ་ ༧ ཚེས་ ༢༩ ཉིན་ནས་བཟུང་དུས་ཡུན་ལོ་གཅིག་རིང་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་དོན་འབོད་ཚིག་འཁོད་པའི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་དོན་ལས་འགུལ་སྤེལ་བ་ནས་བཟུང་ཁ་སང་རེས་གཟའ་ལྷག་པའི་ཉིན་ལས་འགུལ་ཐེངས་གསུམ་པ་དེ་སྤེལ་གནང་འདུགརླུང་འཕྲིན་ཁང་གིས་ངག་དབང་ཚེ་འཕེལ་ལགས་སུ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་འདི་ལོ་རྒྱ་ནག་ནས་ཁྱབ་བརྡལ་ཕྱིན་པའི་ཏོག་དབྱིབས་གཉན་རིམས་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་སུ་མི་རྒྱུ་གཉིས་ཀར་གནོད་འཚེ་ཚབས་ཆེན་ཕོག་པའི་ཁྲོད་ད་སྐབས་རྒྱལ་ཁབ་ཚང་མས་རྒྱ་ནག་གི་བྱ་སྤྱོད་ལ་དོ་སྣང་ཆེན་པོ་དང་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་བཞིན་པའི་གོ་སྐབས་དམ་འཛིན་གནང་སྟེ་ལས་འགུལ་སྤེལ་བཞིན་ཡོད་པ་དང་། བོད་རིགས་སྤུན་ཟླ་རྣམས་ལ་རང་ཉིད་སོ་སོའི་བཞུགས་གནས་སུ་བོད་དོན་ལས་འགུལ་གང་མང་སྤེལ་དགོས་པའི་སྐུལ་མ་གནང་སོང་།

མིག་དམར་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་ལས་འགུལ་སྤེལ་བ་དང་སྦྲགས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་དང་། རྒྱ་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པ། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་བདག་དབང་ཡོངས་རྫོགས་༸གོང་ས་མཆོག་ལ་ཡོད་པའི་ཡུ་རོབ་མཐུན་ཚོགས་ཀྱི་བཞེངས་ཕྱོགས་ཡོངས་གྲགས་གནང་དགོས་པ་མ་ཟད་༸པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དང་འབྲེལ་རྒྱ་ནག་ལ་འགན་འཁུར་བཅུག་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་འདོན་གནང་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།