Tibetan Royal Year of 2151 | Year of the Wood Dragon

 ལྷོ་ཁ་ཁུལ་དང་ལྷུན་རྩེ་རྫོང་གི་གྲོང་ཚོ་གནས་སྤོར་གྱི་ལས་གཞི་ལག་བསྟར།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐད་ཀར་སྟངས་འཛིན་གྱི་འོག་ཡོད་པའི་ Global times ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཀྱི་མཐའ་མཚམས་ཁག་གི་ས་ཁུལ་ལྷོ་ཁ་དང་ལྷུན་རྩེ་སོགས་ཀྱི་གྲོང་ཚོ་གནས་སྤོར་གྱིས་རྒྱ་དཀར་ནག་དང་འབྲུག་བཅས་ཀྱི་མཐའ་མཚམས་སྲུང་གི་ཡོད་པ་དང་།  ད་ཆ་གནས་སྤོར་ཟིན་པའི་བོད་མི་དེ་དག་གི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་གྲལ་དུ་ཐོན་ཡོད་པ་མ་ཟད། མི་འགྱངས་བར་ལྷོ་ཁ་དང་ལྷུན་རྩེ་རྫོང་ཁོངས་ནས་མི་ ༦༠༠༠ ལྷག་ས་མཚམས་སུ་གནས་སྤོར་བྱེད་རྒྱུའི་ལས་འཆར་ཡོད་པར་བསྒྲགས་འདུགལྷོ་ཁ་ཁུལ་གྱི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཡན་ལག་ལས་ཁུང་གི་འགན་འཛིོན་གཞོན་པ་ Awangelai ཟེར་བས་གསར་ཁང་ལ་ངོ་སྤྲོད་བྱས་པ་ལྟར་ན་རྒྱ་ནག་གིས་ད་ཆ་ལྷོ་ཁ་ཁུལ་གྱི་མཚོ་སྣ་མཐའ་མཚམས་ཀྱི་གྲོང་གསེབ་ ༩༢ ཙམ་གནས་སྤོར་གྱི་ལས་གཞིའི་ཁོངས་སུ་བཅུག་ཡོད་པ་ལྟར། ད་ལྟའི་བར་དུ་གྲོང་ཚོ་ ༦༢ ཙམ་གནས་སྤོར་གྱི་ལས་གཞི་ཡོངས་སུ་ལེགས་གྲུབ་ཟིན་ཡོད་པ་དང་མི་འགྱངས་བར་ལྷག་འཕྲོའི་གྲོང་གསེབ་ཁག་ཀྱང་གནས་སྤོར་བྱེད་རྒྱུ་ཡིན་པར་འཁོད་འདུག

གསར་འགོད་པས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོབ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གིས་ཉེ་བའི་ལོ་ཤས་ནས་བཟུང་བོད་ཀྱི་མཐའ་མཚམས་ཁག་ལ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཤུགས་ཆེ་རུ་བཏང་ཡོད་པར་ངོ་སྤྲོད་དང་སྦྲགས། འཛུགས་སྐྲུན་གྱི་ལས་གཞི་དེ་དག་ཡོད་ཚད་རྒྱ་ནག་དམར་ཤོག་དབུས་གཞུང་ནས་དྲིལ་བསྒྲགས་བྱས་པའི་མཐའ་སྐྱོང་བོད་བརྟན་ལྷིང་ཞེས་པའི་ལས་གཞིའི་འོག་ནས་འགོ་འཛུགས་ཡོད་ནའང་། ད་ལྟའི་ཆར་འཛུགས་སྐྲུན་གྱི་ལས་གཞི་དེ་དག་དབུལ་སྐྱོར་དང་འཛུགས་སྐྲུན་སོགས་ཀྱི་མིང་ཐོག་ནས་བོད་ཁུལ་དུ་ལག་བསྟར་གྱིས་གཅིག་ནས་བོད་མི་རྣམས་མཐའ་མཚམས་ནས་གནས་སྤོར་བཏང་སྟེ་དམག་ས་འཛུགས་སྐྲུན་དང་། གཉིས་ནས་གཏེར་ཁ་སྔོག་འདོན་སོགས་བྱེད་དུ་འཇུག་གི་ཡོད་པ་མ་ཟད། མཐའ་མཚམས་ཀྱི་ཡུལ་མི་རྣམས་རྒྱ་ནག་གི་དམག་དང་མཉམ་འབྲེལ་གྱིས་མཐའ་མཚམས་སུ་སོ་ཉུལ་བྱེད་བཞིན་ཡོད་པར་ངོ་སྤྲོད་གནང་སོང་།དེ་བཞིན་ཁོང་གིས་ད་དུང་རྒྱ་ནག་གིས་བོད་མི་རྣམས་མཐའ་མཚམས་ཁག་ཏུ་གནས་སྤོར་བྱེད་དུ་འཇུག་གི་ཡོད་པ་འདི་ཕྱོགས་གཞན་ཞིག་ནས་བོད་དང་མཐའ་འབྲེལ་གྱི་རྒྱ་གར་དང་བལ་ཡུལ། དེ་བཞིན་འབྲུག་སོགས་ཀྱི་ས་མཐའ་མཚམས་སུ་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་ངང་ནས་དཔལ་འབྱོར་གྱི་མ་དངུལ་ཤུགས་ཆེར་བཏང་ནས་ཆུ་གློག་འཛུགས་སྐྲུན་སོགས་ཀྱི་ལས་གཞི་སྤེལ་ཏེ་རྒྱ་ནག་གི་རྒྱལ་ཁོངས་རྒྱ་སྐྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པར་ངོ་སྤྲོད་གནང་ཡོད།

གཞན་ཡང་རྒྱ་ནག་གིས་སྤེལ་བའི་གསར་འགྱུར་ནང་དུ་ད་ཆ་མཐའ་མཚམས་ཀྱི་ཡུལ་མི་གནས་སྤོར་ཟིན་པ་རྣམས་ཀྱིས་མི་རིགས་ཀྱི་ངོ་བོ་ག་རེ་ཡིན་མིན་ལ་མ་ལྟོས་པར་རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་ཀྱི་བརྟན་ལྷིང་ལ་འགན་ཁུར་བའི་ཐོག་ནས་ཟླ་བ་གཅིག་གི་ནང་དུ་ཉིན་ལྔ་དྲུག་ལ་མཐའ་མཚམས་སུ་སྤྱི་ལེ་ ༡༠༠ ལྷག་ལ་སྐོར་སྐྱོད་ཀྱིས་མཐའ་མཚམས་སྲུང་སྐྱོབ་ལ་རམ་འདེགས་བྱེད་ཀྱི་ཡོད་པར་འཁོད་འདུག   གནས་ཚུལ་འདི་དང་འབྲེལ་ནས་པདྨ་རྒྱལ་ལགས་ཀྱིས་རྒྱ་ནག་གིས་སྔར་ལོ་ཟླ་ ༡༠ ནང་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་ནང་མཐའ་མཚམས་ཀྱི་ཁྱིམ་ཚང་རེ་རེ་ནི་རྒྱ་ཁབ་ཀྱི་སོ་ལྟ་བྱེད་སའི་ཁང་མིག་རེ་རེ་ཡིན་པར་བསྒྲགས་ཡོད་པ་ལྟར། རྒྱ་ནག་གིས་དུས་རྒྱུན་ནས་མཐའ་མཚམས་ཀྱི་གྲོང་ཚོ་དེ་དག་ནི་མེས་རྒྱལ་གྱི་ས་ཆ་སྲུང་བའི་རླབས་ཆེན་གྱི་མི་རིགས་ཡིན་ཞེས་པ་དང་། དེ་བཞིན་གྲོང་ཚོ་དེ་དག་ནི་བདེ་སྐྱིད་ཀྱི་ཁྱིམ་གཞི་སྐྲུན་མཁན་གྱི་མི་རིགས་ཡིན་ཞེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་མངོན་གསལ་དང་། ཁ་ཉིན་རྒྱ་ནག་གིས་དོན་གྲུབ་བཀྲ་ཤིས་ཟེར་བ་ཞིག་གིས་དུས་རྒྱུན་ནས་མཐའ་མཚམས་སྲུང་སྐྱོབ་ཀྱིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་མ་ལྟོས་པར་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་པ་དེ་ནི་རྒྱ་ནག་དམར་ཤོག་གཞུང་ལ་བློ་སེམས་དཀར་བའི་རླབས་ཆེན་གྱི་མིག་དཔེ་རང་བཞིན་གྱི་ཡུལ་མི་ཞིག་ཡིན་པར་དྲིལ་བསྒྲགས་བྱས་པ་དེ་ལུང་འདྲེན་གནང་སོང་། གཞི་རྩའི་རྒྱ་ནག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་སྲུང་སྐྱོབ་སོགས་ལ་དམིགས་ཏེ་འཛུགས་་སྐྲུན་གྱི་ལས་གཞིའི་རྣམ་གྲངས་འདྲ་མིན་གྱི་འོག་ནས་ལྷོ་ཁ་ཁུལ་དང་ལྷུན་རྩེ་རྫོང་གི་མཐའ་མཚམས་སུ་སྤྱི་ལོ་ ༢༠༡༧ ནས་བཟུང་ཡུལ་མི་གནས་སྤོར་གྱི་ལས་གཞི་རྒྱ་བསྐྱེད་བྱས་པ་ཡོད་པ་དང་། ད་ལྟའི་བར་དུ་ཁྱིམ་ཚང་མང་པོ་ཞིག་གནས་སྤོར་ཟིན་ཡོད་པ་གང་ཞིག་ལ། ད་དུང་ཡུལ་མི་ ༦༠༠༠ ལྷག་གནས་སྤོར་གྱི་ལས་འཆར་སྒྲིག་ཡོད་པར་འཁོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།