Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ལ་བརྡ་ལན་དུ་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་དུ་ཕེབས་རྒྱུའི་རེ་ཞུ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་རྒྱ་གར་གྱི་ The week  ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་འབྲས་ལྗོངས་མངའ་སྡེའི་བློན་ཆེན་ Prem Singh Tamang ལགས་ཀྱིས་ཁ་སང་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཏེ་འབྲས་ལྗོངས་མི་མང་གིས་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཕྱིར་རྒྱ་གར་དུ་ཆེད་ཕེབས་ཀྱིས་ས་གནས་ཀྱི་དད་ལྡན་མི་མང་ཚོགས་ལ་ཆོས་ཀྱི་བདུད་རྩི་སྩོལ་རྒྱུའི་རེ་འདུན་ཤུགས་དྲག་ཡོད་པར་བརྟེན་སྲིན་བློན་མཆོག་གིས་༸རྒྱལ་དབང་ཀརྨ་པ་མཆོག་གང་མགྱོགས་ཕྱིར་རྒྱ་གར་དུ་ཕེབས་འཐུས་ཆོག་པའི་ཆོག་མཆན་གནང་རྒྱུའི་རེ་སྐུལ་ཞུས་འདུགདེ་རིང་རྩོམ་པ་པོ་ Namrata Biji Ahuja ལགས་ཀྱིས་ The week  གསར་ཁང་ལ་ད་ཆ་རྒྱ་གར་གྱིས་རྒྱ་དཀར་ནག་གི་ས་མཚམས་རྙོག་གླིང་གི་རྐྱེན་བྱས་ཏེ་རྒྱ་ནག་གི་ཚོང་ལས་ལ་དམིགས་པའི་བྱ་ཐབས་སྣ་ཚོགས་ཤིག་སྤེལ་བཞིན་པའི་སྐབས་འདིར་རྒྱ་གར་གྱིས་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ཕྱིར་རྒྱ་གར་དུ་ཕེབས་སུ་བཅུག་ཚེ་རང་བཞིན་གྱིས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་ཆགས་ཀྱི་ཡོད་པར་འཁོད་འདུག

མངའ་སྡེ་བློན་ཆེན་མཆོག་གིས་༸རྒྱལ་དབང་ཀརྨ་པ་མཆོག་ཕྱི་ལོ་ ༢༠༠༠ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཡོད་སྐོར་དྲན་གསོ་ཞུས་པ་དང་སྦྲགས། ཕྱིས་སུ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་ཞིག་དང་འབྲེལ་ནས་རིན་པོ་མཆོག་རྒྱ་གར་གྱི་ནང་དུ་རང་དབང་གིས་ཕེབས་རྒྱུར་བཀག་སྡོམ་བྱས་ཡོད་ཀྱང་། འབྲས་ལྗོངས་ཀྱི་དད་ལྡན་མི་མང་གིས་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་ཕེབས་རྒྱུར་རེ་འདུན་ཤུགས་དྲག་ཡོད་པར་འགྲེལ་བརྗོད་གནང་འདུགདེ་བཞིན Namrata Biji Ahuja  ལགས་ཀྱིས་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཁྲོད་ཀྱི་བཀའ་བརྒྱུད་པའི་དབུ་ཁྲིད་ཡིན་པར་ལུང་འདྲེན་གྱིས་རྒྱ་ནག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་གཞན་གཤེགས་པའི་དུས་མཚམས་སུ་བོད་ཀྱི་བླ་སྤྲུལ་དབུ་ཁྲིད་རྣམས་ཀྱི་རོགས་སྐྱོར་འོག་ནས་རྒྱ་ནག་གིས་འདེམས་སྒྲུག་ཞུས་པའི་སྐུའི་ཡང་སྲིད་ཅིག་བསྐོ་གཞག་བྱེད་རྒྱུའི་བྱུས་ངན་འཐེན་གྱི་ཡོད་པ་མངོན་གསལ་གནང་སྟེ་རྒྱ་གར་གཞུང་གིས་རྒྱ་ནག་གི་འཆར་གཞི་དེ་ལེགས་འགྲུབ་ཡོང་རྒྱུར་བཀག་འགོག་གནང་རྒྱུའི་གོ་སྐབས་ཡོད་པར་ཡོངས་གྲགས་གནང་འདུག

དེ་བཞིན་ཁོང་གིས་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ནི་༸གོང་ས་མཆོག་དང་རྒྱ་ནག་སྲིད་གཞུང་གཉིས་ཀྱིས་ངོས་འཛིན་གནང་བའི་བླ་སྤྲུལ་མཐོ་ཤོས་ཤིག་ཡིན་པར་ཡོངས་གྲགས་ཀྱིས་ད་ཆ་རྒྱ་ནག་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་ཐད་ལ་བཙན་འཛུལ་བྱེད་བཞིན་པ་དང་། རྒྱ་དཀར་ནག་གི་ས་མཚམས་ཀྱི་རྙོག་གླིང་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་གར་གཞུང་གིས་༸དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་མགྲོན་ཤོག་ཅིག་ཕུལ་ཚེ་རྒྱ་ནག་དང་འབྲེལ་བའི་བཞེངས་ཕྱོགས་དེ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།